འཇིག་རྟེན་འཁོར་བའི་ངོ་བོ།

          “ཁྱོད་རང་ཡང་གང་དུ་འགྲོ་བསམ་པ་ཡིན”ཆུང་མས་ཆུ་སེར་གྱིས་ཁེངས་པའི་མིག་གིས་ང་ལ་ལྟ་བཞིན་འདི་ལྟར་དྲིས་བྱུང་། ད་ལྟ་མོའི་སྐད་ཆའི་ནང་དུ་ཡང་སྒྲ་རེ་ངེས་པ་དུ་སྦྱར་དགོས་ཀྱི་འདུག་པས་ང་ལ་སུན་སྣང་སྐྱེས་སུ་བཅུག
           ངས་མོའི་སྐད་ཆ་ལ་ཁ་ཡ་མ་བྱས་པར་སྒོ་ནས་ཐོན་སྐབས་ངའི་བུ་མོ་ལོ་གཉིས་ལས་སོན་མེད་པ་དེས“ཨ་། ཨ་ཕ”ཞེས་ངག་མི་དག་པའི་ངང་ནས་ང་རང་འབོད་བཞིན་གོམ་པ་ཁྱ་ཁྱོར་གྱིས་ང་རང་འདེད་བྱུང་། ངས་མོ་ལ་རྡོག་ཐོ་ཞིག་བརྒྱབ་གྲབས་བྱེད་པས་མོ་རང་སྐྲག་ནས་ཡར་བྲོས་སོང་།
           རང་ཁྱིམ་ནས་ཐོན་རྗེས། སྐྱིད་སྣང་གི་ཁེངས་པའི་མཁའ་རླུང་ན་ངས་སྣ་གླུ་ཞིག་ལེན་བཞིན་རྡོ་སྐས་ནས་མར་འབབ། ཐོག་བརྩེགས་ཁང་ཆེན་གྱི་སྒོ་ནས་མ་ཐོན་གོང་དུ་སྦག་སྦག་གི་སྒྲ་ཆེན་པོས་ཕྱི་རོལ་གྱི་ཡོད་ཚད་ཟང་ཟིང་དུ་བཟོས་པ་གོ སྒྲ་ཤིན་ཏུ་ཆེ་བའི་སྦག་སྦག་འདི་ཅི་འདྲ་ཞིག་ཡིན་ནམ་སྙམ་གྱིན་སྒོ་ནས་ཐོན་དུས་སྐུ་ཞབས་རལ་གྲི་ལགས་སྦག་སྦག་ལས་མར་བབས་རྗེས་མེ་བསད་པ་དང་ཁེལ།
          “གསར་དུ་ཉོ་བ་ཡིན་ནམ”
         “ཡིན་ཡ། སྒོར་ལྔ་སྟོང་སྤྲད་ནས་ཉོས”རང་ཉིད་ཀྱི་སྦག་སྦག་ནི་རྟ་ཕོ་ཞིག་ཡིན་པ་བཞིན་ལག་པ་བརྡབས་ཙམ་བརྡབས་ཙམ་བྱེད་ནས་བཤད། སྦག་སྦག་དེ་རྟ་ཕོ་ཞིག་ཡིན་ན་སྔ་མ་གཡུག་གཡུག་བྱེད་ངེས་རེད་སྙམ།
         ངས་ཇོ་མོ་གླང་མ་རྟགས་ཅན་གྱི་སྦག་སྦག་དེ་ལ་ཞིབ་ལྟ་བྱེད་བཞིན། ཁོས་སྦག་སྦག་འདི་བཞོན་པའི་ངང་ཚུལ་མ་མཐོང་ནའང་ཡིད་ལ་བྱེད་པར་གྱུར། ཁོས་སྦག་སྦག་འདི་བཞོན་དུས་སྲང་ལམ་ན་ངོ་ཤེས་པ་རེ་རེ་འཕྲད་ཚེ་དུང་བརྡ་རེ་རེ་མནན་ཡོད་ངེས་ལ་ཤེད་ཤུགས་ཡོད་རྒུ་དང་སྐད་ཤུགས་ཡོད་དགུས་ཚུར་རྒྱུགས་ཡོང་བ་ནི་དེ་བས་ཀྱང་བཤད་མ་དགོས། དེའི་རྒྱུ་མཚན་ནི་སྦག་སྦག་གི་བྱ་སྤྱོད་ཚང་མ་བཞོན་མཁན་གྱི་རང་གཤིས་དང་བསྟུན་དགོས་པས་རེད།
        རལ་གྲི་ནི་དྲ་ཐོག་གི་རྩོམ་པ་པོ་ཞིག་ཡིན།  མི་གཞན་ལ་དམའ་འབེབས་བྱེད་པ་ལ་ཤིན་ཏུ་མཁས་པས་མིང་ལ་རལ་གྲི་ཟེར། ངའི་གྲོགས་པོ་ཞིག་ཁོ་ཚང་ལ་ཞག་གཅིག་བསྡད་པ་དང་རལ་གྲིས་མཚན་གང་རྨི་གཏམ་བཤད་པས་གཉིད་རྩ་བ་ནས་མ་ཁུག་ཟེར། ཁོའི་རྨི་གཏམ་ཡང་ཁོའི་རྩོམ་གཤིས་བཞིན་རལ་གྲི་ལས་རྣོ་ངར་ཆེ་བ་སྟེ“སྐྱག་རྫུན། ཕག་རོ”ལ་སོགས་པ་མེ་མདའི་མདེའུ་བཞིན་མིའི་སྙིང་གར་འཕྱོ་འོང་།
        མི་རྣམས་ཀྱིས་གོས་གསར་པ་གྱོན་དུས་ཁོས་གོས་རྙིང་ཧྲུལ་ཞིག་གྱོན་འོང་ལ་མི་རྣམས་ཡར་འགྲོ་དུས་ཁོ་རང་མར་འགྲོ་ཤག་ཤག་ཡིན། ཁོ་རང་གི་གཤིས་ཀ་ནི་དུས་རབས་བཅུ་དགུ་པའི་སྙན་ངག་པའི་དར་ཁྱབ་ཆེ་བའི་གཤིས་ཀ་བཞིན་འཇིག་རྟེན་གྱི་བྱ་བ་ཡོད་ཚད་དང་ལྡོག་པ་དགའ། དེ་རིང་ཇོ་མོ་གླང་མ་རྟགས་ཅན་གྱི་སྦག་སྦག་ཞིག་ཉོས་པའང་དེ་ལྟར་ལས་མ་འདས་ཏེ་ཤུགས་དེ་ཙམ་མེད་ལ་སྐད་ཆེན་པོ་དེ་ཙམ་མེད་པའི་གློག་འཁོར་སྦག་སྦག་གི་ཁྲོད་དུ་ཇོ་མོ་གླང་མ་རྟགས་ཅན་གྱི་སྦག་སྦག་འདི་འུར་སྒྲ་དང་བཅས་སྔོན་དུ་འབུད་ཚེ་དེ་ནི་ཀུན་ལས་ཁྱད་དུ་འཕགས་པའི་སྣང་བ་སྦྱིན་བྱེད་ཅིག་རེད་ཨང་།
        ཁོས“ཁྱོད་ཀྱིས་ངའི་སྦག་སྦག་ལ་ཅུང་ཙམ་བལྟ་རོགས”ཟེར་རྗེས་སྒོ་ནས་ཡལ་སོང་། ལྡེ་མིག་ཀྱང་སྦག་སྦག་གི་ཟྭ་ནང་བཅུག་འདུག
       ངས་སྦག་སྦག་གི་གང་སར་བྱིལ་བཞིན་ཞིབ་ལྟ་ཞིག་བྱས། ཞིབ་ལྟ་བྱེད་དང་མ་བྱེད་མི་འདུག སྦག་སྦག་དེ་འཇམ་ས་འཇམ་ལ་རྩུབ་ས་རྩུབ། ངས་ལྡེ་མིག་གིས་ཁ་ཕྱེ་རྗེས་རྐང་པས་ཐེངས་གཅིག་བརྡབས་པ་ན་ཁ་གྲགས་བྱུང་། ངས་ཡིན་བསམ་བསམ་གྱིས་སྦག་སྦག་བཞོན་ནས་སྲང་ལམ་ཕྱོགས་སུ་ཁ་བསྐོར་བ་ན་རྩོམ་པ་པོ་རལ་གྲིས་ངའི་རྗེས་སུ་འདེད་འོང་ནས“ཁྱོད་ཀྱིས་ཅི་བྱེད་བསམ་པ་ཡིན”ཞེས་འབོད། ངས་ཁོའི་ལན་དུ་སྦག་སྦག་གི་ཤུགས་ཇེ་ཆེར་བཏང་ནས་འཕུར། ཁོས་ཇག་པ་དང་རྐུ་མ། ཕག་རོ་སོགས་ཁོའི་རྩོམ་ནང་མཐོང་རྒྱུ་ཡོད་པའི་ཚིག་དེ་དག་སྒྲོག་བཞིན་ངའི་རྗེས་སུ་འདེད། ངས་ད་དུང་སྐད་ཇེ་ཆེར་བཏང་ནས་མདུན་དུ་རྒྱུགས་པ་ནས་རྒྱབ་ཤེལ་ནས་བལྟས་དུས་ཁོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག
       དུ་བ་སྔོ་ཐོལ་ཐོལ་གྱིས་མོ་ཊའི་བར་དང་གློག་འཁོར་སྦག་སྦག་གི་སྔོན་དུ་འུར་རེ་རྒྱུགས་པ་ན་སྨྲ་བསམ་བརྗོད་འདས་ཀྱི་སྣང་བས་ངའི་ལུས་ཀུན་མྱོས་པ་བྱེད། གུ་དོག་པའི་ཁང་པའི་ནང་དུ་སྐྱེས་ཡོང་བའི་གུ་དོག་པའི་སྣང་བ་ཡོད་དོ། །དབྱར་གྱི་རླུང་བུ་འཇམ་པོས་ངའི་བ་སྤུ་སློང་ཞོར་ཐག་རིང་དུ་ཁུར་སོང་།
       སྲང་ལམ་གྱི་བཞི་མདོ་བརྒྱུད་སྐབས་གློག་འོད་ལྗང་ཁུ་དང་དམར་པོ་ལ་མ་བལྟ་བར་ཐད་ཀར་མི་བགྲོད་ལམ་བཅད་ནས་བསྐྱོད་པས་ཉེན་རྟོག་པ་ཞིག་གིས་སྦག་སྦག་བཞོན་ནས་ངའི་རྗེས་དེད་བྱུང་། ང་གཉིས་དུས་ཡུན་རིང་ཙམ་ཞིག་ལ་སྲང་ལམ་ནས་གང་མགྱོགས་འགྲན་པས་ཁོའི་སྦག་སྦག་གི་ཤུགས་ངའི་སྦག་སྦག་དོ་མ་སོང་ལ་བཞོན་རྩལ་ཡང་ང་ལ་དོ་མ་སོང་བ་འདྲ།  ཁོ་རང་རིམ་གྱིས་རྒྱབ་ལྟའི་མེ་ལོང་ནས་ཡལ་སོང་། ཏིང་ཏིང་ཞེས་བར་མཚམས་མེད་པར་སྒྲོག་བཞིན་པའི་སྐད་ངན་དེ་ཡང་རིམ་གྱིས་ཡལ་མོད། མདུན་ཕྱོགས་སུ་ཏིང་སྒྲ་དེ་ལས་ཀྱང་མང་པོ་གྲགས་བཞིན་འོང་། ང་རང་ཏིང་སྒྲ་དེ་དང་ཇེ་ཉེར་སོང་བ་ན་ཉེན་རྟོག་པའི་མོ་ཊ་མང་པོ་ཞིག་གིས་གྲལ་བསྒྲིགས་བཞིན་ང་རང་བསྒུགས།
        ང་རང་ཁོ་ཚོའི་འགྲམ་དུ་སླེབས་དུས་སྦག་སྦག་ལས་འབབ་པ་དང་ལག་པ་རྣ་རྩར་བཀྱགས་ནས་གུས་འདུད་ཞུ་བ་ན་འགོ་པ་འདྲ་བོ་ཞིག་མོ་ཊ་ལས་བབས་ནས“ལག་པ་ཚུར་རྐྱོང”ཟེར།           ངས་ལག་པ་ཕར་བརྐྱངས་པ་དང་ལག་ལྕགས་གྲང་ཤིག་ཤིག་བརྒྱབ་བྱུང་། སྐབས་དེར་ངའི་རྗེས་འདེད་མཁན་གྱི་ཉེན་རྟོག་པ་དེ་རྔུལ་ཆུ་ཁྲུམ་ཁྲུམ་ངང་ངའི་འགྲམ་དུ་ཐོན་བྱུང་། ཁོས་ང་ལ་འཛིན་ཤོག་ཅིག་སྤྲད་རྗེས“གློག་འོད་ལྗང་ཁུ་ལ་མི་བལྟས་པར་མི་བགྲོད་ལམ་བརྒལ་བའི་ཆད་པ་སྒོར་བརྒྱ་ཡིན”ཟེར།
        “མི་གཉིས་ཀྱིས་རྒྱུག་ཤར་འགྲན་དུས་རྗེས་སུ་ལུས་པ་དེ་ལ་བྱ་དགའ་སྤྲད་ཚུལ་ཞིག་ག་ན་ཡོད་ཨང”ངས་འདི་ལྟར་དྲིས།
       “ཅི་ཟེར། འདི་ཁྲིམས་རེད། རྒྱུགས་ཤར་གློད་པ་དང་མི་འདྲ”ཁོས་ཐོད་པ་ནས་བཞུར་བའི་རྔུལ་ཆུ་དག་བར་མེད་དུ་འབྱིད་བཞིན་བཤད།
      “འདི་ནི་ཁྱོད་ཀྱི་ང་རང་དེད་ནས་དཀའ་ལས་མྱོང་བའི་གླ་ཆ་ཡིན”ཟེར་བཞིན་སྒོ་མོ་བརྒྱ་ཁོ་ལ་སྤྲད་པ་ན་རླངས་འཁོར་གཏོང་མཁན་གྱི་ཉེན་རྟེག་པ་ཡོད་ཚད་བགད་སོང་། ཁོ་རང་ཉེས་པ་ཆེན་པོ་ཞིག་བསགས་པ་བཞིན་གནོང་གནོང་པོ་སྦག་སྦག་བཞོན་བཞིན་ཡར་ཇི་ལྟར་འོང་བ་བཞིན་དེ་ལྟར་མར་ཕྱིན་སོང་།
       ང་རང་ཡང་ཉེན་རྟོག་པའི་རླངས་འཁོར་བསྡད་ནས་ཡར་ཕྱིན། ངའི་གཡས་སུ་བསྡད་པའི་མགོ་པས་ང་ལ་ཐ་མག་རྐང་གཅིག་སྦྱིན་བྱུང་། ངས་ཐ་མག་རྐང་གཅིག་དེ་ལེན་བསམ་ཡང་ལག་པ་ལ་ལྕགས་བརྒྱབ་ཡོད་པས་བདེ་མོ་རང་མི་འདུག ངས་ངའི་བསམ་ཚུལ་དེ་ཁོ་ལ་བརྗོད་པ་ན་ལྡེ་མིག་གིས་ངའི་ལག་ལྕགས་གྲོལ་སོང་། ངས་བློ་བདེ་བག་ཕེབས་ངང་ཐ་མག་འཐེན་ཞོར“ཁྱོད་རང་མི་ཡག་པོ་ཞིག་རེད”ཅེས་བསྟོད།
      “མིང་ལ་ཅི་ཟེར”
      མངག་གཏོང་ཁང་དུ་སླེབས་རྗེས་འགོ་པ་དེ་ཧྲ་པའི་ཐོག་ཏུ་སྙེ་བཞིན་འདི་ལྟར་དྲིས་བྱུང་བས་ངས་ཀྱང་ལན་ཇི་བཞིན་དུ་བཏབ།  ཁོས་ངའི་སྡོད་གནས་དང་ལས་ཀ་སོགས་ཀྱང་དྲིས་བྱུང་བས་ངས་ཀྱང་ལན་ཇི་བཞིན་དུ་བཏབ། དེའི་རྗེས་སུ་དོན་དངོས་དང་རྩེད་དགའ་འདྲིས་མས་དྲི་བ་ཁ་ཤས་བཏོན་བྱུང་། ངས་ཀྱང་བདེན་གཏམ་དང་རྫུན་གཏམ་འདྲེས་མས་ལན་བཏབ་པ་ཡིན།
       ངས་ལན་འདི་དག་བཏབ་པའི་སྐབས་སུ་ཉེན་རྟོག་པ་གཞན་ཞིག་གིས་ཆུ་ཁོལ་པེ་ཙི་ཆེན་པོ་ཞིག་ངའི་མདུན་དུ་བཞག་བྱུང་།   ངས་ཆུ་ཁོལ་གྱི་ངོས་སུ་ཕུ་ཡང་ཡང་བཏབ་ནས་གྲང་དུ་བཅུག་ཞོར་ལན་རེ་རེ་བཏབ་རྗེས་ཁམ་བུ་གང་རེ་འཐུང་།
       ཆུ་པེ་ཙི་གང་དེ་འཐུངས་རྗེས་ཀྱི་དྲི་བ་རྣམས་དོན་དག་དང་འབྲེལ་ཅི་ཡང་མེད་པར་འགྱུར་སོང་།“དེ་རིང་གི་དོན་དག་རྣམས་ཁྱོད་ཀྱིས་ཡིག་ཐོག་ཏུ་ཕབ་སྲིད་དམ”ཁོ་ཚོས་ང་ནི་རྩོམ་པ་པོ་ཞིག་ཡིན་པ་ངོས་འཛིན་འདུག་ཅིང་ཁོ་ཚོ་དེ་རིང་རྩོམ་པ་པོའི་བརྩམས་ཆོས་ནང་འཛུལ་ནས་མི་སྣ་གཙོ་བོ་ཞིག་བྱེད་ཐུབ་རྒྱུ་རེད་སྙམ་གྱིན་འདུག
      “ང་རྩོམ་པ་པོ་མིན།རྩོམ་པ་པོ་ངོ་མ་ནི་སྦག་སྦག་འདིའི་བདག་པོ་དེ་རེད”ཅེས་བཤད་པ་ཡིན།  
      “སྦག་སྦག་གི་བདག་པོས་སྦག་སྦག་འབོར་བའི་དོན་རྐྱེན་འདི་རྩོམ་ནང་དུ་འབྲི་སྲིད་དམ ”ཞེས་འདྲི་འོང་བ་དང་ལན་བཏབ་མི་དགོས་པར་དྲི་ལན་སྒོ་ནས་ཐོན་བྱུང་།
       དྲི་ལན་དེ་ནི་སྦག་སྦག་གི་བདག་པོ་དང་རྩོམ་པ་པོ་གྲགས་ཅན་རལ་གྲི་རེད། ཁོས་མངག་གཏོང་ཁང་གི་སྒོ་ལ་རྡོག་ཐོ་ཞིག་བརྒྱབ་ནས་ཡར་ཐོན་འོང་པ་དང“རྐུ་མ་གང་དུ་ཡོད”ཅེས་ང་རོ་སྒྲོག ཤེལ་ལས་བཟོས་པའི་སྒོས་ཀྱང་ཡར་གཡོ་མར་གཡོ་བྱེད་ནས་ཏིང་ཏིང་ཞེས་སྐད་ངན་རྣ་ལ་གཟན་པ་སྒྲོག
       ཁོས་ང་རང་མཐོང་བ་དང“ཇག་པ་ཁྱོད། ངས་རྡོག་ཐོ་གཅིག་གིས་ཁྱོད་རང་དམྱལ་བར་བརྫངས་གོ ”ཟེར། ངས་ཁོ་ལ་ཁ་ཡ་བྱེད་དགོས་དོན་མི་འདུག ཉེན་རྟོག་པ་ལྔ་ཙམ་གྱིས་ཁོ་རང་བཟུང་སོང་། ངས་འཕག་འཚག་རྒྱག་བཞིན་པའི་ཁོ་རང་ལ་ལྟད་མོ་བལྟས་ནས་བསྡད། ཁང་པའི་གང་སར་དམའ་འབེབས་ཀྱི་ཚིག་གིས་ཁེངས། ངས་ཤེལ་ལས་གྲུབ་པའི་གྱང་ངོས་ལ་བལྟ་དུས་ངའི་འཛུམ་མདངས་མག་མོག་གིས་འཆར་བཞིན་འདུག
       མགོ་བས་སྦག་སྦག་གི་ལྡེ་མིག་རལ་གྲི་ལ་སྦྱིན་རྗེས་མངག་གཏོང་ཁང་ནས་བདས། ཁོ་རང་ཁོང་ཁྲོ་ཆེན་པོས་སྦག་སྦག་དེ་བཞོན་ནས་སྲང་བར་ནས་འུར་རེར་རྒྱུགས་སོང་། ཧ་ལམ་དེ་རིང་སྦག་སྦག་གིས་ཁོའི་ཁ་ལ་མ་ཉན་པ་བྲོས་སོང་བ་ལྟ་བུ་སྣང་།
       རལ་གྲི་ཡལ་རྗེས་འགོ་བས་ང་ལ“རྩོམ་པ་པོ་ཞེས་པ་འདི་འདྲ་ཞིག་ཡིན་ནམ”ཟེར།
       “དེང་སང་རྩོམ་པ་པོ་འདི་འདྲ་དར་ཁྱབ་ཆེ་བར་མ་ཟད་སྐད་གྲགས་ཀྱང་ཆེ”ཅེས་བཤད་ན་མགོ་པས་མགོ་བོ་གཡུག་བཞིན“སྦག་སྦག་འབོར་བའི་དོན་རྐྱེན་དེ་མི་འབྲི་བ་ཐག་གཅོད་རེད། མ་འབྲི་ན་བཟང་། གལ་སྲིད་ངོ་མ་བྲིས་སོང་ན་ངའི་ཕོར་བ་ཡང་བཅགས་ཐག་གཅོད་རེད”ཅེས་བཤད་བྱུང་།  ངས་ཀྱང་བདེན་པའི་རྣམ་འགྱུར་སྟོན།
       ངས་ཆུ་ཁོལ་པེ་ཙི་དོ་འཐུངས་ཟིན་པ་དང་གཅིན་པ་གཏོང་འདོད་སྐྱེས་ནས་གྲོད་པ་ན་བྱུང་། ང་རང་ཡར་ལངས་པ་ན་གྲོད་པའི་ནང་གི་ཆུ་རྣམས་ཀྱིས་ཀྱང་ཤང་ཤང་གི་སྒྲ་སྒྲོག གཅིན་པ་གཏོང་བར་འགྲོ་དུས་ཉེན་རྟོག་པ་ཞིག་ཀྱང་ངའི་རྗེས་སུ་རྔ་མ་བཞིན་སླེབས་བྱུང་། ངས“ཁྱོད་ཀྱིས་ཀྱང་གཅིན་པ་གཏོང་དགོས་པ་ཨེ་རེད”ཅེས་དྲིས་པ་ན”མ་རེད། ཁྱོད་ཀྱི་རོགས་འགྲོ་བ་ཡིན”ཟེར།
       ངས་གཅིན་བཏང་ཚར་རྗེས་བདེ་སྣང་ཚད་མེད་གཅིག་སྐྱེས་བྱུང་བས་སྐྱག་པ་ཞིག་ཀྱང་གཏོང་འདོད་བྱུང་། ངས་རོགས་ལ“སྐྱག་པ་ཞིག་གཏོང་ན་ཆོག་གམ”ཞེས་དྲིས་པས”ཆོག་དང་ཆོག གསང་སྤྱོད་ནི་གཅིན་པ་གཏོང་ས་ཙམ་མ་ཟད་སྐྱག་པ་གཏོང་ས་ཡང་རེད”ཟེར་ནས་ཀྲུང་ཧཱ་རྟགས་ཅན་གྱི་དུ་རྐང་ཞིག་ཤོག་བུ་དང་མཉམ་དུ་སྦྱིན་བྱུང་ལ་མེ་ཡང་སྒྲོན་བྱུང་། གསང་སྤྱོད་ན་ཙོག་ཞོར་སྐྱག་པ་གཏོང་བཞིན་ཐ་མག་འཐེན་ན་ཤིན་ཏུ་ཞིམ་ལ་བདེ་སྣང་ཡང་ཁྱད་པར་བ་ཞིག་མཆིས།
        ཉིན་དེའི་མཚན་མོར་ངས་ཉེན་རྟོག་པའི་ཟས་རྒྱགས་ཚད་ཅིག་ཟོས་རྗེས། ཉེན་རྟོག་པ་དང་མཉམ་དུ་ཆང་འཐུང་བཞིན་ཉེན་རྟོག་པའི་ཐ་མག་འཐེན།
       ཟས་ཀྱིས་འགྲངས་རྗེས་ཉེན་རྟོག་པ་རྣམས་ཀྱིས་སྤྱི་ཚོགས་ནག་པོ་དང་འཐབ་པའི་གཏམ་རྒྱུད་སྙན་པོ་ཞིག་བཤད་སོང་། གཏམ་རྒྱུད་དེ་དག་དྲན་རྟོག་གི་དབུལ་བའི་རྩོམ་པ་པོ་རྣམས་ཀྱི་སྒྲུང་གཏམ་ལས་ཀྱང་སྙན། འཆམ་མཐུན་གྱི་དུས་རབས་འདིའི་ཉེན་རྟོག་པ་རྣམས་ནི་ལས་ཀ་མེད་པའི་སྤྱི་ཚོགས་ཀྱི་མི་ལྷག་ཁྱུ་གཅིག་དེ་ཡིན་འདུག་པས་ཁོ་ཚོས་འདས་སོང་གི་འོད་སྟོང་འབར་བའི་ལོ་རྒྱུས་རྣམས་རྗེས་སུ་དྲན་ལ་གདོང་གི་རྣམ་འགྱུར་དང་ངག་གིས་དེ་དག་ཇི་མ་ཇི་བཞིན་གྱིས་མཚོན་པ་འདོད་ཀྱང་། དུང་ཞེན་ཆེ་དྲགས་པའི་དབང་གིས་དངོས་སུ་བཤད་འོང་སྐབས་དེ་དག་ནི་སྒྲུང་གཏམ་དང་སྙན་ངག་རིང་མོ་ཞིག་ཏུ་གྱུར་འགྲོ་གི་འདུག
        ངས་ཀྱང་འདྲེ་སྒྲུང་མང་པོ་ཞིག་བཤད་པས་ཤ་དར་ཁྲག་དར་གྱི་ཉེན་རྟོག་པ་རྣམས་སྐྲག་དྲགས་ནས་གསང་སྤྱོད་དུ་འགྲོ་དུས་ཀྱང་ང་རང་ཁོ་ཚོའི་རེ་རེའི་རོགས་སུ་འགྲོ་དགོས་པའི་ཚད་དུ་སླེབས། མཚན་མོར་ང་ཚོ་ཚང་མ་ཅུང་བཟི་སོང་བ་འདྲ་སྟེ་གཏམ་རྒྱུད་བཤད་དུས་ཅི་ལྟར་ཙོག་ཡོད་པ་བཞིན་དེ་ལྟར་གཉིད་དུ་ཤོར་འདུག
         ཞོགས་པར་གཉིད་ལས་སད་དུས་ཆུ་ཚོད་བཅུ་གཉིས་ཡལ་འདུག ཆུ་ཚོད་བཅུ་གཉིས་ཡལ་སོང་ན་ཞོགས་པ་ག་ལ་ཡིན་ཨང་སྙམ་པའི་སྐབས་དེར་ཉེན་རྟོག་པ་ཞིག་སྒོ་ནས་ཡར་བུད་དེ་ནང་དུ་ཐོན། ཁོས་འོ་མ་དང་མོག་མོག་ཆུ་ཤོག་གང་ཁུར་འོང་ནས་སྒྲོག་རྩེའི་ཐོག་བཞག་སོང་།  མོག་མོག་གི་དྲི་མ་ཞིམ་པོས་གཡས་ཉལ་གཡོན་ཉལ་བྱེད་ཡོད་པའི་ཉེན་རྟོག་པ་རྣམས་གཉིད་ལས་བསླངས་སོང་། སྤྱང་ཀི་སྨྱོན་་པ་ཁྱུ་གཅིག་དང་འདྲ་བར་སྒྲོག་རྩེའི་མཐའ་ནས་བསྐོར་བྱུང་། ཁོ་ཚོས་ཁ་ངོ་ཡང་མ་འཁྲུད་པར་འོ་མ་འཐུང་གིན་མོག་མོག་བཟའ་བྱུང་། ངས་ཀྱང་ཁོ་ཚོ་བཞིན་འོ་མ་འཐུང་གིན་མོག་མོག་ཟོས། ལག་པ་བཀྲུས་ནས་ཟོས་པ་ལས་ལག་པ་མ་བཀྲུ་བར་བཟའ་ན་བྲོ་བ་ཆེ་བའི་ངེས་ཤེས་ཀྱང་འབྱུང་སོང་།  དུས་རྒྱུན་ཡིན་ན་ངས་ཟས་ཀྱི་ཕྱོགས་སུ་ལག་པ་རྐྱོང་སྐབས་ངའི་ལག་པར་ཐུར་མ་ཐག་སྒྲ་དང་བཅས་ཕོག་ངེས་ལ་དེ་ནས“ལག་པ་འཁྲུད་དུ་རྒྱུགས”ཅེས་པའི་ཆུང་མའི་སྐད་ཀྱང་ཐོས་འོང་། དེའི་རྐྱེན་གྱིས་ལག་པ་བཀྲུས་རྗེས་ཟས་ཟ་དུས་ཟས་ཀྱི་བྲོ་བ་སྔར་ས་ནས་རླངས་པ་དང་མཉམ་དུ་ཡལ་ཟིན།
          ངས་འོ་མ་དམ་བེ་གཉིས་དང་མོག་མོག་ཉི་ཤུ་ལྟོ་བར་བརྫངས་པ་ན་གཡས་གཡོན་གྱི་ཉེན་རྟོག་པ་རྣམས་ཀྱིས“ཡག་པོ་ཟོས་སོང”ཞེས་བསྟོད་པ་བྱེད། ཆུ་ཤོག་ནང་དུ་མོག་མོག་གཅིག་ཀྱང་ལྷག་མེད་པར་མཐོང་འཕྲལ་མོག་མོག་ཉོ་མཁན་དེས”ང་རང་ད་དུང་མོག་མོག་ཁ་ཤས་ཉོ་འགྲོ”ཟེར་བཞིན་ཡར་ལངས་སོང་བས་ངས་ཁོ་རང་མར་འཐེན་ནས”ད་འགྲངས་སོང”ཞེས་བཤད་པ་ཡིན།

           ཞོགས་ཟས་ཟོས་ཚར་རྗེས་ཆུ་ཚོད་དང་པོ་ཟིན་འདུག ང་ཚོས་ཕན་ཚུན་རྩེད་དགའ་འཆད་བཞིན་དགོད་སྒྲའི་ཁྲོད་དུ་དུས་ཚོད་དེ་ཆུ་ཚོད་གཉིས་པའི་ཕྱོགས་སུ་འདེད།
           ཆུ་ཚོད་གཉིས་པ་མ་ཟིན་གོང་དུ་ཁང་པའི་ནང་དུ་ཁ་པར་གྱི་སྒྲ་ཏིང་ཏིང་གྲགས་བྱུང་། མགོ་པས་ཁ་པར་ལེན་ནས་སུ་ཡིན་སོགས་དྲིས་རྗེས“ཁྱོད་ཀྱི་ཁ་པར་རེད”ཟེར་ནས་ང་ལ་སྤྲད་བྱུང་བས་ངས་ཀྱང“སུ་ཡིན’ཞེས་འབོད་པ་ན་ཕ་རོལ་པོས”ཇག་པ། ཕག་རོ’ཞེས་འཚམས་འདྲི་བྱེད་བྱུང་བས་རལ་གྲི་ཡིན་པ་རྟོགས།
            “ཁ་སང་སྦག་སྦག་བོར་བས”བཤད་མཚམས་འདི་ཙམ་ལ་སླེབས་དུས་ངས”ཁ་སང་སྦག་སྦག་འབོར་བ་མ་རེད།ངས་ཚོད་ལྟ་བྱེད་ནས་བཞོན་པ་ཙམ་ཡིན”ཞེས་གསལ་བཤད་བྱས་ཀྱང“ཁ་སང་སྦག་སྦག་བོར་བས་མདང་དགོང་གཉིད་ཁུག་མ་བྱུང”ཞེས་བཤད་པ་ཐོས་འཕྲལ་ཕ་རོལ་པོའི་སྐྲ་ལོ་སྔ་ལས་ཟང་ཟིང་དང་གོས་སྔར་ལས་རྙིང་ཧྲུལ་དུ་གྱུར་ཟིན་པའི་སྣང་བ་སྐྱེས། ངས་སྣང་བ་དེ་ལ་ཁ་ཡ་མ་བྱེད་པར”ཁྱོད་རང་གཉིད་མི་ཁུག་ན་ང་དང་འབྲེལ་བ་ཅི་ཞིག་ཡོད”ཅེས་དྲིས། “འབྲེལ་བ་ཡོད་དགོས་བྱུང་། ཁྱོད་ཀྱིས་ངའི་སྦག་སྦག་རྐུས་པས”ཅེས་བཤད་མཚམས་འདི་ལ་སླེབས་དུས་ངས་ཡང་བསྐྱར“རྐུ་བྱེད་པ་མིན།ཚོད་ལྟ་ཞིག་བྱེད་པ་ཙམ་ཡིན”གསལ་བཤད་ཅིག་བྱེད་པས་ཕ་རོལ་པས”ཇག་པ་དང་ཕག་རོ”ལ་སོགས་པའི་བདེ་མོ་འཇོག་བྱེད་ཀྱི་སྐད་ཆ་ལུང་བ་གང་བཤད་རྗེས་ཁ་པར་བཞག་སོང་།

           ང་རང་སླར་འདུག་གནས་ལ་ལོག་དུས་ངའི་རོགས་པ་ཉེན་རྟོག་པ་རྣམས་ཀྱིས་མཐེ་བོང་འགྲེང་བཞིན“ཡག་པོ་བཤད་ཐལ”ཟེར།
          “ཁོས་སྐད་ཆ་བཤད་སྟངས་ལ་བལྟས་ན་སྦག་སྦག་བོར་བས‘བསམ་པའི་གྱོང་གུན’གྱི་སྐྱིན་ཚབ་ལེན་འདོད་པ་འདྲ” མགོ་པས་འདི་ལྟར་བཤད་དུས་ངས་ཀྱང“གྲོད་པ་འགྲངས་རྗེས་ཀྱི་དེང་གི་མི་རྣམས་ཡ་མཚན་རེད། རང་ཉིད་ཀྱི་བསམ་པ་ཡང་གྱོང་གུན་ཤོར་འགྲོ་བ་དང་དེའི་རྐྱེན་ཚབ་ལེན་ཆོག་པ་ཞིག”ཅེས་བཤད་ཀྱང་ད་ཐེངས་ཁོ་ཚོ་དགོད་མ་སོང་།
          ཉིན་དེའི་ཕྱི་དྲོར་ཆུང་མས་མོ་ལ་ཁྱོ་ག་ཞིག་ཡོད་པ་གཞི་ནས་དྲན་འོང་པ་འདྲ།  ང་ཚོས་མངག་གཏོང་ཁང་དུ་ཤོག་བག་རྩེད་བཞིན་སྦི་རག་འཐུངས་བ་དང་དགོད་སྒྲའི་ཁེངས་ནས་ཡོད་དུས་མོས་གནོང་གནོང་པོས་སྒོ་ཡར་འབུད་ནས་ནང་དུ་ཐོན་བྱུང་།
          ང་རང་ནི་ནར་མ་སོན་པའི་ཕྲུ་གུ་ཞིག་ཡིན་པ་བཞིན་མོས་ངའི་སྐྲ་དང་ངོ་གདོང། སྐེ་སོགས་ལ་བྱིལ་བྱིལ་བྱེད་བཞིན“ཁྱོད་ལ་སྦག་སྦག་དགོས་ན་ང་ལ་ཟེར་དང་ཨ་གོ ངས་ཁྱོད་ལ་སྦག་སྦག་སྤུས་ལེགས་ཅིག་ཉོ་ཆོག”ཟེར་དུས་”ཨ་གོ”ཞེས་པའི་ཚིག་གཉིས་ཀྱི་སྐད་གདངས་རིང་དུ་འཐེན་པ་བྱེད། ལྟོས་དང་། མོའི་མིག་མདངས་དང་བཅས་པའི་ལུས་ཀྱི་ཆ་ཤས་ཡོད་ཚད་བྱམས་བརྩེས་མྱོས་འདུག  དུས་རྒྱུན་ང་ལ“ཡང་ཉལ་བཞིན་ཡོད་དམ”བཅས་དང”ཡང་གློག་བརྙན་ལ་ལྟ་བཞིན་ཡོད་དམ””ཡང་ཅི་ཞིག་དྲན་བཞིན་ཡོད་དམ”ཞེས་སྐད་ཆའི་ནང་ཡང་སྒྲ་སྦྱར་མཁན་དེ་མོ་རང་མིན་པར་ལྟར་བྱེད། ང་ཁྱིམ་ནང་བསྡད་དུས་བསྡད་ན་མི་འགྲིག་ལ་ལངས་ན་མི་འགྲིག བསྡད་པ་དང་ལངས་པ་གཉིས་ཀྱི་བར་དུ་སོང་ཡང་མི་འགྲིག དེ་དང་བསྡུར་ན་མངག་གཏོང་ཁང་ནི་འདེ་འདྲའི་སྐྱིད་པ་ལ་ཨང་། ཆང་འཐུང་བསམ་ན་ཆང་དང་ཐ་མག་འཐེན་བསམ་ན་ཐ་མག ལངས་བསམ་ན་ལངས་ཆོག་པ། ཉལ་བསམས་ན་ཉལ་ཆོག་པ་བཅས་ཀྱི་རང་དབང་ལྡན་པ་མ་ཟད་ཉེན་རྟོག་པ་དག་གི་ཁ་བརྡ་ནི་ཤིན་ཏུ་ནས་ཀྱང་ཉན་སྤྲོ་བ་ཞིག་རེད།
            ཆུང་མས་ལོ་གཉིས་ལ་སོན་ཙམ་གྱི་བུ་མོ་དེ་ངའི་པང་དུ་བཞག་རྗེས“ཁྱོད་ཀྱི་ངའི་དོན་དུ་མི་བསམས་ནའང་འུ་གཉིས་ཀྱི་བུ་མོའི་དོན་དུ་དྲན་ཤེས་བྱེད་རོགས”ཟེར། དུས་རྒྱུན་ཞྭ་མོ་མགོའི་སྟེང་་དུ་བཞག་པར་ཞེན་ལ་རྐང་པ་ཁ་ནང་བཅུག་རྒྱུ་དགའ་བའི་བུ་མོ་ཆུང་ཆུང་འདིས་ཀྱང་ངུ་ལ་ཁད་ཀྱིས“ཨ་ཕ། ཨ་ཕ”ཞེས་འབོད་པ་བྱེད། ངོ་མ་དགོད་བྲོ། ངས་བུ་མོ་ཆུང་མའི་པང་དུ་ཕར་བཞག་པ་ཡིན། ལྟོས་དང་། སྐྲ་ལོ་རིང་པོ། མིག་སྒོར་སྒོར། མདུན་ཕྱོགས་ཀྱི་དངོས་པོ་ཅི་ཞིག་བཟུང་གྲབས་བྱེད་བཞིན་པའི་ལག་ཆུང་། མོ་རང་ནི་ངའི་བུ་མོ་ཡིན་ཟེར་ན་སུས་བདེན་དུ་འཛིན་སྲིད། ཡོད་ཚད་ཆུང་མ་རང་ཉིད་ཐད་ཀར་བསྐྱར་པར་བྱེད་པ་དང་འདྲ་བ་ལས་ང་དང་འདྲ་ས་ཅི་ཡང་མི་འདུག
          “ཉེན་རྟོག་པ་ལགས། ངའི་ཁྱོ་ག་ནམ་ཞིག་ཁྱིམ་དུ་ལོག་ཆོག་པ་རེད”ངའི་ཆུང་མས་འདི་ལྟར་དྲིས་པ་ན་མགོ་བས“བྲེལ་བ་བྱེད་དགོས་པ་མ་རེད། དེ་རིང་ས་སྲོད་ལ་ཁྱིམ་དུ་ལོག་ཆོག”ཅེས་བཤད་ཀྱང་མོ་རང་ངའི་ལག་པར་དམ་དུ་འཇུས་ནས་བྲལ་མི་ཕོད་པ་ལྟར་བྱེད།
          ངའི་ཆུང་མས་བུ་མོ་པང་བཞིན་སྒོ་ནས་ཡལ་རྗེས“ཁྱོད་ཀྱི་ཆུང་མ་ནི་མཛེས་མ་ཞིག་རེད”ཅེས་དང“ཁྱོད་ཀྱི་ཆུང་མ་མཛེས་པ་ལ། གྲོགས་ཁྱོད་རང་བསོད་ནམས་ཆེན་པོ་རེད”ཅེས་ཉེན་རྟོག་པ་མི་འདྲ་བ་གཉིས་ཀྱིས་སྐད་ཆ་འདྲ་པོ་ཡོད་པ་རེ་རེ་བཤད་བྱུང་། ཉེན་རྟོག་པ་འདི་ཚོ་གོས་གྱོན་ལུགས་གཅིག་དང་གཟུགས་རིང་ཐུང་གཅིག་པས་ངས་ཁོ་ཚོ་ཕན་ཚུན་ནོར་ཤོར་གྱིན་ཡོད། ཡིན་ཡང་ཁོ་ཚོའི་མགོ་བ་དེ་ནོར་གྱིན་མེད། རྒྱུ་མཚན་ནི་ཁོས་ཞྭ་མོ་གྱོན་མེད་པས་རེད། གང་ལྟར་ཉེན་རྟོག་པ་གཉིས་ཀྱིས་ངའི་ཆུང་མ་མཛེས་པོ་འདུག་ཟེར། ངས་ངའི་ཆུང་མ་མཛེས་པོ་ཡོད་པ་དེ་ང་དང་འབྲེལ་ཅི་ཞིག་ཡོད་དམ་སྙམ་གྱིན“ངའི་ཆུང་མའི་སྟུ་ནག་པོར་གྱུར་ཟིན་པར་མ་ཟད་རུལ་དྲི་ཡང་ཁ་ཡི་ཡོད”ཅེས་བཤད་མ་ཐག་ཁོ་ཚོ་ཧ་ཧ་དགོད་བྱུང་ལ་ང་རང་ཡང་བགད་པ་ཡིན། དགོད་སྒྲའི་ཁྲོད་དུ་སླར་ཡང་ཤོག་བག་རྩེད། ཆང་འཐུངས། ཕན་ཚན་ཉན་པར་སྤྲོ་བའི་གཏམ་མང་པོ་གླེང་། མངག་གཏོང་ཁང་འདི་སླར་ཡང་དགོད་སྒྲས་ཁྱབ།
          ང་ཚོས་ཤོག་བག་རྩེད་མཚམས་བཞག་དུས་ས་སྲོད་ལ་སླེབས། ང་རང་ཡང་བྲལ་དགོས་བྱུང་། ང་རང་བྲལ་ཁར“ང་རང་ད་དུང་ཉིན་གཅིག་བསྡད་འདོད། ཉིན་གཅིག་བསྡད་ན་མི་ཆོག་གམ”ཞེས་དྲིས་པ་ན་བགོ་པས“ང་ཚོ་ཁྱོད་དང་མཉམ་དུ་བསྡད་དུས་ཤིན་ཏུ་སྤྲོ་པོ་བྱུང་། ཡིན་ཡང་ཁྱོད་རང་ཞག་གཅིག་བསྡད་པའི་ཆོག་མཚན་འགོད་དབང་ང་ལ་མེད”ཟེར།
          “ངས་ཁང་གླ་སྦྱིན་ཆོག ཞག་གཅིག་བསྡད་དུ་བཅུག་དང་སྐུ་མཁྱེན”ངས་ཞུ་བ་ཡང་ཡང་བྱས་པས་ཁོས“མི་ཆོག ང་ཚོས་རྒྱལ་ཁབ་གྱི་ཁྲིམས་དང་བསྟུན་ནས་ལས་ཀ་བྱེད་དགོས”ཅེས་བཤད་པ་དང“རེད་ཨང་། རྒྱལ་ཁབ་ནི་དཀོན་མཆོག་འདྲ་པོ་རེད། དཀོན་མཆོག་གིས་མི་ཡོད་ཟེར་བ་ན་མི་འབྱུང་བ་དང་རྒྱལ་ཁབ་ཀྱིས་ཁྲིམས་ཡོད་ཟེར་བ་ན་ཁྲིམས་འབྱུང་བ་རེད”ཅེས་ངས་ཁོ་ལ་ལྟ་ཚུལ་བརྗོད་སྐབས་དཀོན་ཆོག་གིས་མགོན་པ་ཡིན་ནམ་ཁྲིམས་ཀྱིས་མགོན་པ་ཡིན། གང་ལྟར་གློ་བུར་དུ་ཐབས་ཤེས་རྙེད་སོང་།
         ང་རང་དགའ་དྲགས་ནས“ཐབས་ཤེས་རྙེད་སོང”ཞེས་འབོད་པ་ན་ཉེན་རྟོག་པ་རྣམས་ཅི་ཡིན་ཆ་མ་འཚལ་བར“ཐབས་ཤེས་ཅི་ཞིག་རྙེད་སོང”ཟེར།
         ངས“གསང་བ་ཡིན”ཟེར་རྗེས་མངག་གཏོང་ཁང་ནས་ཐོན། ཅི་ཞིག་བརྗེད་སོང་བའི་སྣང་བ་ཞིག་འཆར་བས་སླར་ཡར་འཛུལ་ནས་ཉེན་རྟོག་པ་རྣམས་ལ“སླར་མཇལ”ཞེས་ལག་བརྡ་བྱེད་པ་ན་ཁོ་ཚོས་ཀྱང“རྗེས་སུ་མཇལ་ཡོང”ཟེར་བཞིན་ལག་བརྡ་བྱས་བྱུང་བས་ང་རང་དགའ་དགའ་སྤྲོ་སྤྲོ་ངང་མངག་གཏོང་ཁང་དང་བྲལ་ལ་ཉེ་འགྲམ་གྱི་སྲང་ལམ་གྱི་བཞི་མདོའི་ཕྱོགས་སུ་སོང་།
          ངས་ནེ་ལེ་ཞིག་ལྟར་ཤུགས་ཆེ་ལ་སྐད་ཀྱང་ཆེ་བའི་སྦག་སྦག་གཅིག་སྲང་ལམ་གྱི་བཞི་མདོ་ན་ཐོན་པར་བསྒུགས།
          ངས་བསྒུགས་བསྒུགས་ནས་དུས་ཡུན་རིང་པོ་ཞིག་འགོར་ཡང་སྐད་མེད་ལ་ཤུགས་ཀྱང་བྲལ་བའི་གློག་འགུལ་སྦག་སྦག་མང་པོ་ཞིག་ཤི་མ་གསོན་གྱིས་ཡར་འགྲོ་མར་འགྲོ་བྱེད་ཀྱང་ཇོ་མོ་གླང་མ་རྟགས་ཅན་དང་འདྲ་བའི་སྐད་དང་ཤུགས་གཉིས་ཀ་ལྡན་པའི་སྦག་སྦག་དེ་རིགས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག དེའི་ཕྱིར་ང་རང་ལམ་སང་མངག་གཏོང་ཁང་དུ་ལོག་པའི་སྐལ་བ་མ་བྱུང་། ད་ནི་ངའི་རྐང་པ་ན་བྱུང་ལ་ཁ་ཡང་སྐོམ་བྱུང་།
           སྲང་ལམ་གྱི་བཞི་མདོ་དང་བྲལ་ནས་ཉེ་འགྲམ་གྱི་ཆང་ཁང་ཞིག་ཏུ་འཛུལ། ཆབ་རོམ་བླུགས་ཡོད་པའི་ཁོ་ལོ་པེ་ཙི་གང་ཉོས་ནས་ཅོག་ཙི་ཞིག་གི་འགྲམ་དུ་ཙོག་པ་དང་སླར་ཡང་སྦག་སྦག་དྲན། སྐབས་དེར་མི་མང་པོ་ཞིག་གི་མིག་གི་མདའ་མོ་བདག་ལ་གཏོད་པའི་སྣང་བ་ཞིག་གིས་ང་རང་དོགས་མི་བདེ་བར་བཟོས། ང་རང་ནི་རྩོམ་པ་པོ་རལ་གྲི་ལྟ་བུའི་གྱོན་པ་དག་རྙིང་ཧྲུལ་དང་དཀར་ཁྲ་དམར་ཁྲ་གྱོན་མཁན་ཞིག་མིན་པས་ང་ལ་ཅི་ཞིག་ལྟ་རྒྱུ་ཡོད་དམ་སྙམ་གྱིན་ངས་ཁོ་ཚོ་ལ་ཞིབ་ལྟ་ཞིག་བྱས། མ་གཞི་ཁོ་ཚོ་ནི་ཁོ་ཧྥེ་དང་འོ་མ་དང་ཇ་དྭངས་མོ་འཐུང་མཁན་རྐྱང་རྐྱང་རེད་འདུག ཁོ་ཚོའི་མདུན་གྱི་པེ་ཙི་ནས་ཕྱོ་ཡོང་བའི་རླངས་པ་དཀར་ཐོལ་ཐོལ་གྱིས་ཁོ་ཚོའི་ངོ་གདོང་ལ་བྱིལ་བཞིན་འདུག དེ་ནས་ངའི་མདུན་ཅོག་ཐོག་གི་ཆབ་རོམ་གྱིས་ཁེངས་པའི་པེ་ཙི་དེ་ལ་ལྟ་ཙམ་བྱས་པས་རླངས་པ་མཐོང་རྒྱུ་མི་འདུག་པས་ང་རང་དེ་བས་ཀྱང་དོགས་མི་བདེ་བ་གྱུར།
           ངས་ཁོ་ལོ་ཁམ་གང་འཐུངས་རྗེས་སྒོ་ནས་ཐོན། མུ་མཐུད་དུ་སྲང་ལམ་གྱི་བཞི་མདོའི་ཕྱོགས་ལོག་ནས་སྐད་ཆེ་ལ་ཤུགས་ཆེ་བའི་སྦག་སྦག་ཞིག་འཚོལ་དུ་སོང་། ལམ་བར་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་མི་ཡོད་ཚད་ཀྱིས་བྱ་སྤུའི་སྟོད་ཐུང་གྱོན་འདུག་པས་ང་རང་ཧང་སངས་སོང་། ད་ལྟ་དབྱར་ཁ་ཡིན་ཨང་སྙམ་གྱིན་ཕྱོགས་བཞི་རུ་ལྟ་བཞིན་དབྱར་ཁ་ཡིན་པའི་བདེན་དཔང་འཚོལ། ཡིན་ཡང་མེ་ཏོག་དང་ཤིང་སྡོང་། རྩྭ་ཕྲན་བཅས་ལོ་ངོ་བརྒྱའི་ཡར་སྔོན་ལ་རྡོ་གླིང་འདི་ནས་བདས་ཟིན་པས་དེ་དག་ལ་ལོ་མ་བཏགས་ཡོད་མེད་དང་ཡོད་ན་སྔོན་པོ་ཡིན་ནམ་སེར་པོ་ཡིན་པ་སོགས་ནི་ཁོ་བོས་ཤེས་ཐབས་བྲལ། ངས་རང་ཉིད་ཀྱི་ལུས་ལས་བདེན་དཔང་མི་འཚོལ་ཀ་མེད་བྱུང་། ངས་ཚི་ལེན་དཀར་པོ་ཞིག་གྱོན་འདུག་ཅིང་ལག་པས་གདོང་ངོས་སུ་བྱིལ་བ་ན་རྔུལ་ཆུས་འཛུབ་མོ་བརླན། ངས་ད་ལྟ་ནི་དབྱར་ཁ་ཡིན་པ་ནོར་མི་འདུག་སྙམ་སྐབས་ལམ་ན་འགྲོ་བཞིན་པའི་མི་རྣམས་ཀྱིས་ཁ་ནས་རླངས་པ་དཀར་ཐོལ་ཐོལ་དུ་སྐྱུག་བཞིན་པ་མཐོང་བས་སླར་ཡང་སོམ་ཉིའི་རྒྱ་རུ་ལྷུང་།
             སྐབས་དེ་དང་བསྟུན་ནས་རྒད་པོ་ཞིག་ངའི་འགྲམ་ནས་དལ་བར་བསྐྱོད་སོང“ཨ་ཁུ། ད་ལྟ་དུས་གང་ལ་སླེབས་ཡོད”ངས་ཁོའི་རྗེས་ནས་འབོད་པས་ཁོ་རང་འགྲོ་མཚམས་བཞག་སོང་ལ་བྱ་སྤུའི་སྟོད་ཐུང་གི་ཕུ་ཐུང་ཤུགས་ཀྱིས་ཡར་ལྡོག་པ་དང་མིག་རུབ་རུབ་ཀྱིས་ཆུ་ཚོད་འཁོར་ལོ་ལ་བལྟས་ནས་ལན་དུ“ད་ལྟ་དུས་ཚོད་ཆུ་ཚོད་དྲུག་པ་དང་སྐར་མ་ཉི་གསུམ་ལ་སླེབས་འདུག”ཟེར་བ་མ་ཟད“བུ་ཁྱིམ་དུ་ལོག་རྒྱུགས། ཁྱོད་ཀྱི་གོས་འདི་འདྲའི་སྲབ་པ་ལ་ཆམ་པ་ན་ངེས”རྗེས་ཀྱི་སྐད་ཆའི་གདངས་མཐོ་བས་ཉེ་འགྲམ་གྱི་བྱ་སྤུའི་སྟོད་ཐུང་གྱོན་པའི་མི་རྣམས་ཀྱིས་རྣོ་འོད་ཅན་གྱི་མིག་གིས་ང་ལ་བལྟས་བྱུང་། ང་རང་ཤིན་ཏུ་དོགས་མི་བདེ་བ་བཟོས།
             ས་སྲོད་ཀྱི་ནམ་མཁའ་གློ་བུར་གསལ་ལྷང་ལྷང་དུ་གྱུར། ས་གཞི་ཡང་གསལ་ལྷང་ལྷང་དུ་གྱུར། ང་རང་ཐུག་པའི་རླངས་པའི་ཁེངས་པའི་སྲང་བར་ནས་བྱ་སྤུ་སྟོད་ཐུང་གྱོན་མཁན་མེད་པའི་བཞི་མདོ་ཞིག་འཚོལ་བར་སོང་།
             མུན་པས་ངའི་མདུན་ལམ་རུབ་སོང་།

                                                                               རྩོམ་སྒྲིག་པ།  སྐྱ་བོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིག་རྟེན་འཁོར་བའི་ངོ་བོ།

2016-07-05 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།