ཧྭ་པ་ནང་རུལ་བ།

ལོ་རྒྱུས་ནི་འདས་པའི་དུས་ལ་བལྟ་བའི་མིག་ཡིན། མི་རྣམས་ཀྱིས་མིག་འདི་ལ་བརྟེན་ནས་བཟང་ངན་དང་རླབས་ཆེན། ཞབས་འདྲེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། བསླབ་བྱ་ལེན། ཉིན་འགའི་སྔོན་ལ་ངས་ཀྱང་ཧྭ་པའི་རིགས་ཀྱི་ལོ་རྒྱུས་བཀླགས། དེ་ལས“ཧྭ་པ་ནང་རུལ་བ”ཞེས་པ་ཞིག་མཐོང་། ལོ་རྒྱུས་དེས་ངའི་མཚན་མོའི་གཉིད་ཀྱང་བཅགས་སོང་།

ཧྭ་པ་ནང་རུལ་བ་ནི་སྐྱེས་མ་ཐག་ནས་ནང་རུལ་བ་ཞིག་མིན། དེ་སུས་ཀྱང་ཤེས་ངེས། ཨ་མའི་རེ་བར་ཁོ་ནི་ཧྭ་པ་ཆེས་བཟང་བོ་ཞིག་ཡིན་ན་འདོད། ཁོའི་ཨ་ཕ་ནི་ཧྭ་ངན་ཞིག་ཡིན་པས་འཁྲིག་བདེ་མྱོང་བ་ལས་བུ་ཕྲུག་གི་འཚོ་གནས་དང་། སློབ་སྦྱོང་སོགས་ལ་འགན་མི་འཁུར། ཡིན་ནའང་། ངས་ནི་རང་གི་ཤ་ལས་ཆད་པའི་བུ་ཕྲུག་འདི་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྲུན་དགོས། ཧྭ་པའི་ཨ་མས་ནམ་རྒྱུན་དེ་ལྟར་རང་སེམས་ལ་དམ་བཅས།

ཧྭ་པ་འདི་ནི་ཤིན་ཏུ་ལས་ངན་ཞིག་རེད། འཇིག་རྟེན་འདིར་ཁོ་ལ་ཆེས་གཅེས་པའི་ཨ་མ་གློ་བུར་ནད་ངན་ཞིག་བྱུང་ནས་ཅིས་ཀྱང་ཐར་དཀའ་བར་གྱུར། ཧྭ་པ་འདི་ལས་ངན་ནང་གི་ལས་ཆེན་ཞིག་ཀྱང་རེད། ཉིན་དེར་རྫོང་དཔོན་གྱིས་བུ་མོ་སློབ་གྲྭར་སྐྱེལ་དུས། བུ་མོའི་བློ་ལ་ཧྭ་པ་ཆུང་ཆུང་འདི་བབས་ནས། ཅིས་ཀྱང་ཡུལ་ལ་འཁྱེར་དགོས་པའི་ཨུ་ཚུགས་བྱས་པས་ཨ་ཕ་ཡང་ཐབས་ཟད་ནས་ཁས་བླངས། སྲིད་པ་རྒན་པའི་ཁ་དཔེ་དེ་ངོ་མ་འཆུགས་མི་འདུག མི་ཕྲུག་རྟ་ཕྲུག་ཁྱི་ཕྲུག་གསུམ། ཀུན་ལ་མ་ཕན་ཀུན་ཀྱིས་གཅེས། མི་རྒན་རྟ་རྒན་ཁྱི་རྒན་གསུམ། ཀུན་ལ་མ་གནོད་ཀུན་ཀྱིས་སྡང་། ཞེས་གྲགས་པ་ལྟར།

བུ་མོའི་བློ་ལ་ཧྭ་པ་ཆུང་ཆུང་འདི་བབས་མོད། འཆི་ལ་ཉེ་བའི་ཧྭ་པའི་ཨ་མ་ལ་སྐྱུག་བྲོ་བའི་ངང་བཀྱེད་གང་ཐུབ་བྱེད། ཧྭ་པའི་ཨ་མའི་མིག་ཟུང་ལ་དགའ་བའི་མཆི་མ་འཁོར་བཞིན་ཧྭ་པ་པང་བའི་བུ་མོ་དེར་བཀའ་དྲིན་ཞུ་བསམ། ད་དུང་རང་གི་གཅེས་ཕྲུག་གི་སྐྱིད་སྡུག་བཅོལ་བའི་སྐད་ཆ་འགའ་ཡང་རྗོད་ན་འདོད། ཡིན་ནའང་། མོས་མི་སྐད་བཤད་མི་ཤེས་ལ། ཧྭ་པའི་སྐད་བུ་མོ་དེས་ཀྱང་གོ་མི་སྲིད་པས། ཧྭ་པའི་ཨ་མ་ཐབས་ཟད་དེ་ལག་པ་གཉིས་གཤིབ་ནས་བསྲིངས་པའི་སྟེང་ལ་འགྲམ་པ་བཞག རྔ་མ་གཡུག་གཡུག་ལན་འགའ་བྱས། དེ་ནི་མི་ལ་མཚོན་ན་ཕྱག་འཚལ་བ་དང་གཅིག་རེད། ཧྭ་པའི་ཨ་མ་ལ་ཆུང་དུས་ནས་བདག་པོ་ཞེས་པ་ཞིག་མེད། མོ་ནི་ཁྱི་དང་ཧྭ་པ་སྐོར་ཞིག་དང་ལྷན་སྤྲང་འཁྱམ་བྱས་ནས་འཚོ་བ་བསྐྱལ་པ་རེད། ཧྭ་པའི་ཨ་མ་འདི་རླབས་ཆེན་ཞིག་རེད་ཅེ་ན། མོ་ལ་རླབས་ཆེ་བའི་གྲུབ་འབྲས་ཅི་ཡང་མེད། ངན་པ་ཞིག་རེད་ཅེ་ན། ཁྱི་དང་ཧྭ་པ་མང་བས་མོ་ནི་ཧྭ་པ་སེམས་བཟང་ཞིག་དང་ཡིད་རྟོན་ཆོག་པ་ཞིག་ཡིན་ཅེས་ཐམས་ཅད་ཀྱིས་དགའ་གུས་བྱེད། ཧྭ་པའི་ཨ་མས་ཁྱི་ཚེ་འདིར་གཞན་ལ་ངོ་དགའ་བྱས་མ་མྱོང་ལ། གཞན་ལ་ཕྱག་འཚལ་བ་ཡང་ད་ཐེངས་ཁོ་ན་ཡིན། དེ་ནི་མོས་རང་གི་སྙིང་ལྟ་བུའི་གཅེས་ཕྲུག་ལ་ཆེས་མཐའ་མཇུག་བསྒྲུབས་པའི་བྱ་བ་རེད། མོས་ནུས་པ་ཡང་དེ་རེད་ལ། ནུས་པ་འདིར་རེ་བ་ཡོད་ཚད་བཅོལ་ཡོད།

ཧྭ་པ་རྫོང་དཔོན་ཚང་ལ་འོང་དུས་ཧ་ཅང་ཆུང་། དེ་ནས་བཟུང་ཁོ་ནི་རྫོང་དཔོན་བུ་མོའི་གཅེས་ཕྲུག་ཏུ་གྱུར། ཉལ་དུས་མལ་ས་གཅིག་དང་། འཐུང་དུས་དཀར་ཡོལ་གཅིག་ཡིན། ཉིན་རེར་ཐེངས་གཉིས་ལ་ཁྲུས་བྱེད་ཅིང་། ན་ཚ་ཅུང་བྱུང་ཚེ་སྨན་པར་སྟོན། རྒྱུན་དུ་ལུས་ལ་བརྟག་དཔྱད་གཏོང་། མོའི་སྐྱེས་སྐར་རོལ་དུས་ཀྱང་ཧྭ་པར་སྨོན་ལམ་འདེབས་སུ་འཇུག སྐད་ཆ་སྟབས་བདེར་བཤད་ན། རྫོང་དཔོན་བུ་མོས་རང་གི་ཕ་མ་གཉིས་ལས་ཀྱང་ཧྭ་པར་འབྲེལ་འདྲེས་བྱེད། རྫོང་དཔོན་ཆུང་མ་ཡང་ཧྭ་པར་ཤིན་ཏུ་དགའ། ད་ལྟའི་བུད་མེད་དག་ཧྭ་པ་དང་ཞི་ལར་དགའ་བའི་རྒྱུ་མཚན་ཅི་ཡིན་ནམ།

རྒྱུ་མཚན་གཅིག་ནི། ཧྭ་པས་སྒྱུ་རྩལ་ལྡན་པའི་ངོ་དགའ་བྱེད་ཚུལ་དེས་ཀྱང་ཡིན་ངེས། དེ་ལ་མིའི་སྐྱོ་ངལ་བསངས་པའི་ནུས་པ་ཞིག་ཀྱང་ཡོད། ཁོས་རྒྱུན་དུ་ཁྱིམ་མི་དག་གི་སེམས་ཁམས་ལ་ཞིབ་འཇུག་བྱས། ཞིབ་འཇུག་བྱས་བྱས་མཐར། སུ་ནི་ཅི་ཞིག་ལ་དགའ་བ་དང་། གནས་སྟངས་གང་ལ་འཕྲད་ཚེ་ཇི་ལྟར་བྱས་ན་ཕན་པའི་གནད་གསང་ཞིག་ཁོང་དུ་ཆུད། དེ་ནི་ཁོ་རྫོང་དཔོན་ཆུང་མ་མ་སྨད་གཉིས་ཀའི་གཅེས་ཕྲུག་ཏུ་གྱུར་པའི་རྒྱུ་རྐྱེན་ཡིན་སྲིད། ཡིན་ནའང་། རྫོང་དཔོན་གྱིས་ཁོ་ལ་དོ་སྣང་མི་བྱེད་པར་མ་ཟད། ལན་རེར་སུན་པའི་རྣམ་འགྱུར་ཡང་བསྟན་མྱོང་མོད། ཧྭ་པས་ཡུན་རིང་གི་སྡུག་རུས་དང་། ལྷག་པར་དོན་དག་ཅིག་གིས་རྫོང་དཔོན་ཡང་ཁོ་ལ་རྩིས་ཇེ་ཆེར་གྱུར།

ཉིན་དེར་རྫོང་དཔོན་ཚང་ལ་མགྲོན་པོ་གལ་ཆེན་ཞིག་གདན་འདྲེན་ཞུས། དེ་ནི་ཁུལ་གྱི་ཧྲོའུ་ཅིའུ་མ་ཐོ་རེད། ད་རེས་ཧྲོའུ་ཅིའུ་མ་ཐོ་འདན་དྲངས་པ་རྫོང་དཔོན་ལགས་ཀྱི་གོ་གནས་དང་འབྲེལ་བ་དམ་པོ་ཡོད། རྫོང་དཔོན་གཟའ་བ་གཉིས་ཀས་ཧྲོའུ་ཅིའུ་མ་ཐོ་ལ་མགྲོན་རྩིས་ཆེན་པོ་བྱས། སྐབས་དེར་ཧྭ་པས་ཧྲོའུ་ཅིའུའི་ལྷམ་ལ་ལྕེ་ལྡག་བྱས་ནས་གཙང་མ་ཞིག་ཕྱིས། དེ་ནས་རང་ལ་ཡང་གཙང་སྦྲ་བྱས་ནས་དྲི་ཆབ་ཅིག་གཏོར་རྗེས་ཧྲོའུ་ཅིའུ་མ་ཐོ་སོགས་ཀྱི་གམ་ལ་སོང་། ཧྭ་པས་གོ་སྐབས་ཅིག་ཐོན་པ་དང་མགོ་བསྒུར་། རྔ་མ་གཡུག་བཞིན་ཆང་ཕོར་གང་མཐོ་རུ་བཏེགས་ནས“ཧྲོའུ་ཅིའུ་མ་ཐོ་ཕེབས་པ་ནི་ངེད་ཚང་གི་བསོད་ནམས་རེད། ཁྱེད་ཀྱི་སྐུ་བསོད་རྒྱས་པར་སྨོན། གུས་པས་ཁྱེད་ལ་ཆང་གང་འདྲེན། གཙང་བཞེས་གནང་རོགས”ཞེས་བཤད། ཧྲོའུ་ཅིའུ་མ་ཐོ་ནི་ཅུང་ཙམ་ལ་ཧད་དེ་ལུས་སོང་། ཧྭ་པ་ཞིག་གིས་མི་སྐད་བཤད་པ་ཐོག་དང་བོ་གོ་བ་རེད། སྐབས་དེར་རྫོང་དཔོན་གྱིས་ཀྱང་ཧྭ་པ་ལ་རྒྱབ་སྐྱོར་བའི་ཚུལ་དུ་ཧྲོའུ་ཅི་ལ་ཆང་གང་འདྲེན་བཞིན “ཧྲོའུ་ཅིའུ་ལགས། ངེད་ཚང་གི་ཧྭ་པ་འདི་མི་སྐད་ལ་ཐོགས་པ་མེད། མི་ཞིག་དང་འདྲ”ཞེས་བཤད། དེ་བས་ཧྲོའུ་ཅིའུ་ཡང་ལྷོད་ལ་བབས་ནས་ཆང་དེ་འཐུང་རྗེས། “ཁྱོད་ཧྭ་པ་ངར་བ་ཞིག་རེད། ཁྱོས་མི་སྐད་ཇི་ལྟར་བསླབས་པ་ཡིན། ངས་གཏམ་གྱི་གཞི་ནས་ཉན་འདོད”ཅེས་བཤད། “ང་ནི་མིའི་རིགས་ལ་དགའ་ཞེན་ཤིན་ཏུ་ཆེ། ཨ་ཕ་དང་ཨ་མ། སྲིང་མོ་གསུམ་གྱིས་ཀྱང་ང་ལ་རང་གི་བུ་ཕྲུག་བཞིན་དུ་གཅེས། ངས་སྡུག་རུས་ཆེན་པོས་ཧྭ་སྐད་བསྐྱུར་ནས་མི་སྐད་བསླབས་པ་ཡིན། ང་ཧྭ་པའི་རིགས་ལ་སུན་པ་སྐྱེ། ངའི་དམིགས་ཡུལ་ནི་ང་མི་ཞིག་བྱ་འདོད་ཡོད། ” ཅེས་སོགས་མགར་བའི་ཐོ་བ་བཞིན་བདེ་ཁ་བསྒྱུར་ནས་གང་ཡག་ཅིག་བཤད། “ཧ་ཧ། ཁྱོད་ངོ་མ་ཧྭ་པ་གསལ་བོ་ཞིག་རེད། ངེད་ཅག་མིའི་རིགས་ལ་བློ་དཀར་ན་མདུན་ལམ་རྒྱ་ཆེན་པོ་ཡོད།” ཧྲོའུ་ཅིའུས་ཧྭ་པའི་མགོ་ལ་བྱིལ་བྱིལ་གཏོང་བཞིན་དེ་ལྟར་བཤད།

ཉིན་དེར་ཧྭ་པས་སྒྱུ་རྩལ་ལྡན་པའི་འཁྲབ་སྟོན་མང་བོ་ཞིག་བྱས། ཧྲོའུ་ཅིའུ་ཕྱིར་འགྲོ་ཁར་རྫོང་དཔོན་ར་སིའི་ལག་མགོར་འཇུས་ནས“འབད་པ་བྱོས། ངས་ནམ་ཡང་རང་གི་མི་ལ་ཁིས་ཟ་རུ་འཇུག”ཅེས་བཤད།

དེ་ནས་བཟུང་རྫོང་དཔོན་ར་སིས་ཀྱང་ཧྭ་པར་ཁ་ངོ་ཅུང་ཟད་སྟེར་བར་བྱེད།

སྐབས་དེ་ཤེད་ཅིག་ནས་ཧྭ་པའི་ང་རྒྱལ་ལྷག་པར་ཆེ་རུ་ཕྱིན། མཚམས་ལན་རེ་རང་ཧྭ་པ་ཞིག་ཡིན་པའང་རྩ་བ་བརྗེད་ཀྱིན་ཡོད། ཧྭ་པའི་རིགས་ལ་སྙིང་ནས་སྡང་སེམས་དང་མཐོང་ཆུང་བྱེད། ཨ་མས་བསླབས་པའི་ཧྭ་སྐད་དེ་དག་ཀྱང་བརྗེད་པའི་ཐབས་ལ་འབད་པ་བྱས། དགོད་བྲོ་བ་ཞིག་ལ། འགྲོ་བ་གང་གིས་ཀྱང་དོན་ཅི་ཞིག་ཡིན་ཡང་བརྗེད་འགྲོ་བར་སེམས་ཚེགས་བྱེད་མོད། ཧྭ་པས་ཧྭ་སྐད་དག་བརྗེད་མི་ཐུབ་པ་ཡང་སྡུག་བསྔལ་ཆེ་ཞིག་ཡིན། ཧྭ་སྐད་དག་ཡིད་ལ་འཁོར་འོངས་པ་ནི་ཁོ་ཧྭ་པ་ཡིན་པའི་བདེན་དཔང་རེད་བསམ་གྱིན་འདུག

རྒྱུན་དུ་ཧྭ་པ་དག་གི་སྐྱོན་བཙལ་ནས་གང་སར་རྗོད་གང་ཐུབ་བྱེད་ཅིང་། ཁྱིམ་གང་བོ་ལྷན་དུ་འཛོམས་ཚེ་ཧྭ་པའི་ཁ་བརྡ་ནི་མིའི་རིགས་ཀྱི་བཟང་ཆ་མིན་ཚེ་ཧྭ་པའི་རིགས་ཀྱི་སྐྱོན་ཆ་ཡིན། རྫོང་དཔོན་ར་སིས་བསམ་བློ་ཞིབ་ཏུ་བཏང་རྗེས། “མིའི་རིགས་ཇི་འདྲ་བཟང་ཡང་དེའི་ནང་ནའང་ཧྭ་པ་ལས་དམན་པ་ཡོད་ལ། ཧྭ་རིགས་ངན་ཟེར་ཡང་དེ་ལའང་མི་ལས་ལྷག་པ་ཡོད། ད་གང་ལྟར་རང་ཉིད་རིགས་གང་ལ་གཏོགས་ན་དེ་ལ་བློ་དཀར་དགོས་པ་ནི་མ་འཐའི་ཆ་རྐྱེན་རེད”ཅེས་ཁ་ཏ་བྱས་པར་མ་ཟད། ཁོ་ཚོས་གྲོས་བྱས་ཏེ་ཁྱིམ་ལ་མེ་ལོང་ཆེ་ཞིག་བཞག་ནས་ཡར་མར་ལ་འགྲོ་དུས་མེ་ལོང་ལ་གསལ་ལེར་འཆར་བ་ཞིག་བྱས། དེ་ནི་ཧྭ་པའི་རང་ངོ་ཟིན་ཆེད་རེད།

ཁ་ཏ་དང་བྱ་སྤྱོད་དེ་དག་ཧྭ་པའི་སེམས་ལ་སྨན་དུ་འགྱུར་རམ་དུག་ཏུ་འགྱུར། གལ་ཏེ་སྨན་དུ་གྱུར་ཡོད་ཚེ་ཁོ་ལ་ཧྭ་པ་དང་ཁྱི་རིགས། མིའི་རིགས། སྟག་དང་སེང་གེ གྲོག་མ་སོགས་ཀྱིས“ཧྭ་པ་ནང་རུལ་བ”ཞེས་མིག་ནང་ལ་མི་འཇོག་པ་ནི་ཁོ་ཚོའི་ནོར་འཁྲུལ་ཡིན་ངེས།

གང་ལྟར་རྫོང་དཔོན་ཚང་གིས་ཆུང་དུས་ནས་གསོས་པའི་ཧྭ་པ་འདིར་ཀུན་ཀྱིས་“ཧྭ་པ་ནང་རུལ་བ”ཞེས་འབོད།

ལོ་ཟླའི་འཁོར་ལོ་ནི་འཁོར་བ་ཧ་ཅང་མགྱོགས། ཧྭ་པ་ནང་རུལ་བ་ཧྭ་ལོ་བརྒྱད་ལ་བུད་སོང་། ལོ་ཟླ་འདི་ཚོར་ཁོས་ཁྱིམ་འདིར་བསྒྲུབས་པའི་བྱ་བ་ནི་བློ་ཡུལ་དུ་ཤོང་དཀའ། མིའི་རིགས་ཀྱི་ཞབས་ཞུ་བ་ཞིག་གླས་ཀྱང་དེ་འདྲ་ཞིག་ཡིན་མི་སྲིད། ཁོས་ཆུང་དུས་ནས་རྫོང་དཔོན་ལ་ཨ་ཕ་དང་། རྫོང་དཔོན་ཆུང་མར་ཨ་མ། བུ་མོར་ཨ་ཅེ་ཞེས་འབོད་ལ། གནའ་དེང་གི་བུ་ཕྲུག་སུས་ཀྱང་རང་གི་ཕ་མར་དེ་འདྲའི་སྲི་ཞུ་ཞིག་བསྒྲུབས་པའི་ལོ་རྒྱུས་མི་གསལ། ཁྱིམ་ལ་གཙང་སྦྲ་བྱ་བ་དང་། གོན་པ་འཁྲུད་པ། ཐ་ན་རྫོང་དཔོན་ཆུང་མ་མ་སྨད་གཉིས་ཀའི་གསང་དོར་ཡང་ཁོས་དགའ་བཞིན་སྤྲོ་བཞིན་འཁྲུད་ངེས་ལ། ཁྱིམ་མི་དག་གི་རྐང་བ་འཁྲུད་པ་དང་། ཟ་མ་གཡོ་སྐོལ་བྱེད་པ་སོགས་མདོར་ན་ལོ་འདི་ཚོར་རྫོང་དཔོན་ཚང་གི་སྒོ་ཕྱི་ཁྱིམ་གྱི་བྱ་མཐའ་དག་ཁོས་འགན་གཙང་ལེན་བྱས་པ་རེད།  མཚན་མོ་དེ་ནི་ཧྭ་པ་ནང་རུལ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཆེ་ཞིག་རེད། ཁོས་ཁྱིམ་ལས་དག་བསྒྲུབས་རྗེས་མལ་ཁང་ལ་ལོག་ནས་ནམ་རྒྱུན་བཞིན་རྫོང་དཔོན་བུ་མོའི་རྐང་བ་བཀྲུས། རྐང་བ་འཁྲུད་བཞིན་འཁྲུད་བཞིན་ཧྭ་པའི་སེམས་ལ་ཡུན་རིང་གི་རེ་འདོད་དེ་ཡང་ཡང་འཁོར། ཁོས་རྫོང་དཔོན་བུ་མོའི་གཞིན་ལ་ཞིབ་ཏུ་བལྟས། མོས་དཔེ་ཆ་ཞིག་ཀློག་བཞིན་འདུག་པས་ཧྭ་པ་ལ་མཉམ་འཇོག་གིན་མི་འདུག ཧྭ་པའི་སེམས་སུ་མོ་ནི་མི་ཡུལ་གྱི་མཛེས་མ་ཨང་དང་བོ་ཡིན་ངེས་སྙམ། ཧྭ་པ་ལ་གློ་བུར་ཏུ་གནོན་མི་ཐུབ་པའི་འདོད་ཆགས་ཤིག་ལངས། ཡང་ཧྭ་པའི་སེམས་སུ་དེ་ལྟར་བྱས་ན་ཁོའི་རེ་འདོད་མི་འགྲུབ་པའི་ཁར་ཁྱིམ་འདིར་འདུག་ས་མེད་ན་འང་ཐང་སྙམ། དེ་ལས་ད་ལྟའི་གནས་སྟངས་འདི་མི་བཟང་ངམ། ཧྭ་པའི་སེམས་ལ་རེ་དོགས་གཉིས་འགྲན་བཞིན་འཕེལ།  ཡུན་རིང་ཞིག་འགོར་རྗེས་“ང་ཁྱེད་ཀྱི་ཁྱོ་ག་བྱས་ན་ཆོག་གམ། ངས་ཁྱེད་ལ་ཞུ་བ་བྱེད།”ཧྭ་པས་ངག་འཇམ་འཇམ་པོས་དེ་ལྟར་བཤད། རྫོང་དཔོན་བུ་མོའི་མི་སྲིད་པ་དང་ཁོང་ཁྲོ་ལངས་པའི་ཉམས་དང་བཅས། “ཧྭ་ངན་ཁྱོད་སྨྱོས་མི་འདུག་གམ། མི་དང་ཧྭ་པ་གཉེན་སྒྲིག་པ་ཞིག་གང་ན་འདུག ཁྱོད་ཧྭ་པ་ཞིག་རེད། རང་ངོ་ཟིན་པར་གྱིས། ད་ནས་བཟུང་ཁྱོད་ངའི་གམ་ལ་འོང་ན་མི་ཆོག”ཅེས་ཐ་ཚིག་བསྒྲགས་ནས་རྐང་བ་ཕྱིས། ཧྭ་པ་འདི་ལ་གློའུ་ཞད་ཆེན་པོ་ཞིག་ཀྱང་འདུག མོས་དེ་ལྟར་བཤད་པ་ཁོའི་སེམས་སུ་དུག་ཏུ་གྱུར། སྔོན་རྫོང་དཔོན་གྱི་ཁ་ཏ་དེ་དག་ཀྱང་དུག་ཏུ་གྱུར་ཡོད་པས་ད་ནི་ཁོག་ན་དུག་ཆེན་ཞིག་འཁྱིལ་ནས་འདུག“ང་ཧྭ་པ་ཞིག་མིན། ཁྱེད་ཀྱིས་ང་ལ་གསལ་བོ་གཟིགས་དང་།” ཧྭ་པས་ངོ་མ་ཁོ་ཧྭ་པ་ཞིག་ཡིན་པ་བརྗེད་འདུག་པ་འདྲ། ཁོ་ནི་ཧྭ་པ་ནག་པོ་ལུས་ཀྱི་སྤུ་སྲབ་ལ་འཇམ་པ། རྣ་གཉིས་ཡར་ལ་འགྲེང་བ། མིག་གཉིས་ཅུང་ཟད་འབུར་འདུག་པ་དང་གདོང་བ་ཉག་པ། སྣ་ནི་རྡེ་འུ་ནག་པོ་ཞིག་དང་འདྲ་ལ། སྤྱིར་གོག་འགྲོའི་རིགས་ཡིན་མོད་ཁོ་མི་ལ་དགའ་ཆེས་པས་ལངས་ནས་འགྲོ་ཅི་ཐུབ་བྱེད་ཅིང་། རྔ་མ་སར་དྲུད་ནས་འགྲོ་བ་ཞིག་ཡིན་པ་རྫོང་དཔོན་བུ་མོའི་མ་བལྟས་ཀྱང་གསལ་བོ་ཤེས། “ཁྱོད་ངོ་མ་སྨྱོས་འདུག ཁྱོས་རང་གི་བདག་པོ་ལ་སྐད་ཆ་བཤད་ཀྱིན་པ་ཤེས་སམ། མི་ཞིག་ལ་སྐད་ཆ་བཤད་ཀྱིན་པ་ཤེས་སམ།”རྫོང་དཔོན་བུ་མོ་ངོ་མ་ཁོང་ཁྲོ་གཏིང་ནས་ལངས་སོང་བ་འདྲ། “ང་ཁྱེད་ཀྱི་ཁྱོ་ག་བྱ་ཐུབ་ན་ངའི་སྲོག་འགྲོ་དགོས་ཡང་འགྱོད་པ་མེད། ངས་ཚེ་གང་བོར་ཁྱེད་ལ་ཞབས་ཞུ་བསྒྲུབ། བློ་དཀར།”ཧྭ་པའི་མིག་ལ་མཆི་མ་འཁོར་བཞིན་དེ་ལྟར་བཤད་ཅིང་། ངོ་དགའ་བྱེད་པའི་རྣམ་འགྱུར་མང་དུ་བསྟན། རྫོང་དཔོན་བུ་མོ་ངོ་མ་ཧ་ལས་པར་གྱུར། ཧྭ་པ་འདི་ལ་ཧམ་པ་ཆེ་བ་ལ། ཧྭ་པ་འདི་ནི་ཁྱིམ་འདིའི་ཧྭ་པ་ཞིག་སྟེ། དོན་དག་གཞན་པ་ཞིག་ག་ལ་ཡོད། ཁོ་ནི་མོའི་རྩེད་ཆས་ཙམ་རེད། ཧྭ་པ་ཚང་མ་ལ་དེ་ལས་ལྷག་པའི་གོ་གནས་ཤིག་ག་ལ་ཡོད། “ཁྱོད་ད་སོང་། ཕྱིར་ཧྭ་པའི་ཁྲོད་ལ་སོང་། ད་ནས་བཟུང་ཁྱོད་ངེད་ཚང་དང་འབྲེལ་བ་མེད། ཁྱོད་ཇི་འདྲའི་ཧྭ་པ་ངོ་ཚ་མེད་པ་དང་ཧམ་པ་ཆེ་བ་ཞིག་རེད། ཁྱོད་ལྟ་བུའི་ཧྭ་ངན་ཞིག་ངས་མཐོང་བ་ལྟ་ཅི་ཐོས་ཡང་མ་མྱོང་། སོང་། ད་སོང་།” རྫོང་དཔོན་བུ་མོས་ཧྭ་པ་བཙན་གྱིས་སྒོར་འཕུད་རྩིས་བྱས། སྐབས་དེར་ཧྭ་པས་དོན་དག་ཡག་པོ་མ་བྱུང་བ་གཞི་ནས་ཧ་གོ ཁོ་འདི་ལྟར་སྒོར་བདའ་ན་ཁོ་ནི་ཧྭ་པ་ནང་རུལ་བ་ཞིག་ལས་ཅི་ཡང་མིན། ཧྭ་པའི་སེམས་ལ་སྐྲག་སྣང་དང་འདོད་ཆགས། རེ་དོགས་མང་བའི་འཁོར་ལོ་བར་མེད་དུ་འཁོར། “ཐོག་མར་ཁྱེད་ངའི་མི་རུ་གྱུར་རྗེས་བཤད”ཅེས་སྨྲས་པ་དང་ཤུགས་ཅི་ཡོད་ཀྱིས་མོ་རང་མལ་སའི་ནང་དུ་མནན།

ད་ལྟའི་བར་རྫོང་དཔོན་ཚང་གིས་ཁོ་གསོས་པ་ཤིན་ཏུ་བཟང་བས་ཤེད་ཤུགས་ཕལ་བ་ཞིག་ག་ལ་ཡིན། རྫོང་དཔོན་བུ་མོ་སྐྲག་ཐག་ཆོད་པ་དང་ཁོང་ཁྲོ་ལངས་ནས་ཨག་འདེབས་ཅི་ཐུབ་བྱས། “ཨ་མ། ཨ་ཕ། སྲོག་སྐྱོབས་དང་།” མོས་ཇི་ལྟར་བོས་ནའང་ཧྭ་པས་མོའི་ཁ་བསུམས་ནས་སྒྲ་ཆེན་པོ་ཤོར་ཏུ་མ་བཅུག ཧྭ་པ་ནི་ཕ་བོང་ཞིག་དང་འདྲ་བས་མོས་སྒུལ་ཡང་མི་ཐུབ། རིམ་གྱིས་མོའི་ཤེད་ཤུགས་ཤིན་ཏུ་ཞན་པར་གྱུར། མོའི་ལང་ཚོའི་མེ་ཏོག་གཙང་མ་དེ་དེ་ལྟར་ཧྭ་པ་ཞིག་ལ་ཤོར། མོའི་སེམས་ལ་མེ་བླུགས་པ་ལྟ་བའི་སྡུག་བསྔལ་སྐྱེས། མིག་ཆུ་ཤམ་ཤམ་བཞུར་ནས་སྔོས་འབོལ་ཡོངས་སུ་བརླན་སོང་། མོའི་ལུས་ཤུགས་ཅུང་ཟད་རྙེད་པ་དང་ཨག་རྒྱང་ལན་མང་བོ་་བྱས་ནས་ངུས། ཧྭ་པས་མོ་ལ་ཕྱག་མང་དུ་འཚལ། ལག་པ་ཐལ་མོ་སྦྱོར་བཞིན“སྙིང་ཉེ་མ། ཁྱེད་ད་ནི་ངའི་ཆུང་མར་གྱུར་ཟིན་པས་ང་ལ་ཁས་ལེན་རོགས”ཞེས་ཞུ་བ་བྱས། ཧྭ་པའི་ཡིད་ལ་དྲན་པ་ཤིན་ཏུ་སླ་འདུག་སྟེ། ཁོས་རྫོང་དཔོན་བུ་མོའི་ལུས་པོ་རང་ལ་ཐོབ་ན་སེམས་པ་རང་བཞིན་གྱིས་ཐོབ་འོང་བསམ། ཡིན་ནའང་། ད་ལྟ་ཧྭ་པའི་སེམས་ལ་སྐྲག་སྣང་དང་འགྱོད་པས་ཁེངས་འདུག སྐབས་དེར་མོ་ལྷག་ཏུ་ངུས། སྐད་ཆེན་པོས་ངུས་པས་ཕ་མ་གཉིས་ཀས་གོ་ནས་གློ་བུར་ཏུ་སེམས་པ་བློང་བློང་བོར་གྱུར་ནས་རྟབ་རྟབ་པོར་བུ་མོའི་ཕྱོགས་སུ་བརྒྱུགས། སྒོ་ཕྱེས་པ་དང་ཧྭ་པ་བྲེལ་འཚུབ་ཀྱིས་སྒོར་ཐོན་བྱུང་། རྫོང་དཔོན་ར་སི་ཁྱོ་ཤུག་གཉིས་སྨྱོན་པ་ལྟར་གྱུར་པའི་བུ་མོའི་གམ་ལ་སླེབས། ཕ་མ་འདི་གཉིས་ཀྱིས་ཧྭ་པས་བུ་མོར་བརྙས་བཅོས་བྱས་པ་ག་ལ་རྟོགས། ལྷག་པར་བཙན་གཡེམ་བྱས་པ་ནི་ཡིད་ཀྱི་ཟུར་ཙམ་ལའང་འཁོར་མི་སྲིད། “གཅེས་ཕྲུག་མ། ཁྱོད་ལ་ཅི་བྱུང་སོང་།”ཕ་མ་གཉིས་ཀས་ལྷན་དུ་དྲིས་བྱུང་། བུ་མོའི་རེ་ཐག་ཆད་ཅིང་ཁོང་ཁྲོ་འབར་བའི་མིག་ལས་མཆི་མའི་མུ་ཏིག་འཐོར་བཞིན། “ཨ་མ། ཧྭ་ངན་དེས་ང་ལ་བརྙས་བཅོས་བྱས་སོང་། ཨ་མ། ཨ་ཕ།”

“བརྙས་བཅོས་ཅི་བྱས་སོང་། གཅེས་ཕྲུག་མ།”བུ་མོའི་མལ་ཐལ་ཡར་བཀྱགས་པ་ན་མལ་སའི་ནང་དུ་ཁྲག་གིས་ཁེངས་འདུག་པ་མཐོང་། ར་སི་ཁྱོ་ཤུག་གཉིས་ཡུད་ཙམ་ལ་ཧད་དེ་ལུས་སོང་། དཔེ་མི་སྲིད་པའི་དོན་འདི་ནི་དང་ལེན་བྱེད་ཐུབ་པ་ཞིག་དང་རྣར་འགྲོ་བ་ཞིག་ག་ལ་ཡིན། “ངའི་གཅེས་ཕྲུག་མ། ངའི་གཅེས་ཕྲུག་མ་བརླགས་འདུག”ཨ་མས་དེ་ལྟར་ཟེར་བཞིན་བུ་མོར་འཐམས་ནས་ངུས། རྫོང་དཔོན་ར་སི་ལ་ཁོང་ཁྲོ་མནན་ཀྱང་མི་ནོན་པ་ཞིག་ལངས་ནས། “ཧྭ་པ་ནང་རུལ་བ་ནམ་ཡང་ཧྭ་པ་ནང་རུལ་བ་རང་རེད། སྐྱག་པ་ནམ་ཡང་སྐྱག་པ་རེད། ངས་ཧྭ་ངན་དེས་གསོན་སྙིང་མ་བླངས་ན་ང་རྫོང་དཔོན་ར་སི་མིན། ངེས་པར་ཧྭ་ངན་དེའི་གསོན་སྙིང་ལེན་དགོས།”ར་སིས་དེ་ལྟར་ཟེར་བཞིན་རྫོང་དྲག་ཆས་དམག་གི་དམག་དཔོན་ཞིག་ལ་ཐད་ཀར་ཁ་པར་བཏང་ནས་མྱུར་ཏུ་དམག་ཡོངས་ཀྱིས་རྫོང་ཕྱི་ནང་ཀུན་ལ་སྔོག་གཤེར་ནན་མོ་བྱས་ནས་ཧྭ་ངན་དེ་ངེས་པར་འཛིན་དགོས་པའི་བཀའ་ཕབས། ཧྭ་པ་ནང་རུལ་བའི་ཉེས་པ་ནི་རྫོང་དཔོན་ཚང་གི་རྡོ་རྗེ་ཕ་ལམ་གཙོས་རིན་པོ་ཆེ་སྣ་ཚོགས་བརྐུས་ནས་ཤོར་སོང་བ་དེ་རེད། དེ་མ་ཐག་རྫོང་དང་དྲྭ་ངོས་དག་ཏུ་ཧྭ་པ་ནང་རུལ་བ་འཛིན་པའི་བཀའ་རྒྱ་བཀྲམ་འདུག སྤྱི་ཚོགས་འདིེར་དབང་ཆེན་རྒྱུ་ཆེན་ལ་ཐུག་ན་ངོ་མ་དཀའ་མོ་རེད། ད་སྔ་མི་བསད་གྱོད་དོན་ལའང་འདི་འདྲའི་དོ་སྣང་བྱས་པ་མེད། དེ་ནས་རྫོང་དཔོན་གྱིས་རང་གི་ཁ་ལོ་བ་བོས་ནས་ཆུང་མ་མ་སྨད་གཉིས་ཞིང་ཆེན་སྨན་ཁང་དུ་མྱུར་ཏུ་སྐྱེལ་དགོས་པའི་བཀའ་ཕབ་དང་དོན་འདི་གསང་བར་དམ་བཅའ་རུ་བཅུག “ད་ནས་ཁྱོད་ཀྱི་བདེ་སྐྱིད་ལ་ངས་འགན་འཁུར་ཆོག གལ་ཏེ་གསང་བ་འདི་ཕྱི་ལ་ཤོར་ཚེ་ཁྱོད་ལ་ཡར་འགྲོ་ཞིག་མེད། ”རྫོང་དཔོན་གྱིས་དེ་ལྟར་ཐ་ཚིག་ཡང་བསྒྲགས།

དཀའ་སྡུག་ལ་འཕྲད་ཚེ་ད་གཟོད་རང་གི་གཉེན་ཉེ་དྲན་པ་ནི་སེམས་ཅན་ཀུན་ལ་ཡོད་པའི་ཁྱད་གཤིས་ཡིན་པ་འདྲ། ཧྭ་པ་ནང་རུལ་བའི་སེམས་ལ་འཇིགས་སྐྲག་གི་མུན་པ་འཐིབ་བཞིན་འཐིབ་བཞིན་ཐད་ཀར་རྫོང་འཐའི་ཁྱི་དང་ཧྭ་པ་ཡོད་ས་དེར་ཐོན། ཐོན་ནས་ཀྱང་སྔོན་དང་རྩ་བ་ནས་མི་འདྲ་བར་ཀུན་ལ་ཨ་ཁུ་དང་ཨ་ནེ། སྤུན་ཟླ་སོགས་ཚིག་གང་སྙན་བཤད་ནས་ངོ་དགའ་སྣ་ཚོགས་བྱས། “ཧྭ་པ་ནང་རུལ་བ་ཁྱོད། སྔོན་ཆད་ཁྱོས་ངེད་ཁྱི་དང་ཧྭ་པའི་རིགས་ལ་མཐོང་ཆུང་དང་བརྙས་བཅོས་དཔེ་མི་སྲིད་པ་བྱས། ཧྭ་སྐད་བསྐྱུར་ནས་མི་སྐད་བསླབས། རྒྱུན་དུ་ངེད་ཅག་གི་སྐྱོན་ཆ་ཁོ་ན་བཤད། ཉེས་མེད་ཉེས་འགེལ་གྲངས་མེད་བྱས། དེ་རིང་ཅི་བྱུང་སོང་། སྐྱག་ངོ་ཞིག་བྱས་ནས་ཕྱིར་འོངས་དོན་ཅི། ཡང་འདིའི་ཁོག་ལ་གཡོ་སྒྱུ་དང་སྐྱག་རྫུན། ངན་ནག་ཅིག་དྲན་ཡོད་པ་ཐག་གིས་ཆོད།”ཅེས་ཧྭ་པ་རྒན་པ་ཞིག་གིས་བཤད་པ་དང་། ཁྱི་དང་ཧྭ་པ་བཙན་པོ་འགས་ཁོ་ལ་ཐོག་མར་ནམ་ལངས་པ་འདྲ་ཞིག་དང་། དེ་ནས་མུན་རུབ་པ་འདྲ་ཞིག་གཅར། མཐར་ཧྭ་རྒན་ཞིག་གིས“ད་ཆོག་གི ཧྭ་ངན་འདི་ང་ཚོས་བསད་ན་སྙིང་བོ་མེད། ད་ནས་བཟུང་ཁོ་ཁྱི་དང་ཧྭ་རིགས་ལས་ཕུད་པ་ཡིན། རྒྱ་སྟག་མིག་བཞི་ལགས་ཀྱིས་ཧྭ་ངན་འདིའི་ལོ་རྒྱུས་ཡི་གེར་ཕོབས་ལ་ཕྱི་རབས་པར་མཐོང་དུ་ཆུགས།”ཞེས་བཤད་པས་ཧྭ་པ་ནང་རུལ་བ་སྲོག་ཐར་ལ་བཏང།

ད་ནི་ཧྭ་པ་ནང་རུལ་བ་འདི་ཅི་ཞིག་ཡིན་ནམ། ཧྭ་ཁྱུར་མི་ཚུད་ལ་མི་ཁྱུར་ཡང་མི་ཚུད། ཧྭ་པའི་རིགས་ཀྱི་ནང་རུལ་བ་ཡིན་ལ་མིའི་རིགས་ཀྱི་ནང་རུལ་བ་ཡང་ཡིན། ཁོའི་སེམས་ལ་སྐྱོ་བ་དང་འཇིགས་པ། འགྱོད་པ་སོགས་འགྲན་བཞིན་འཕེལ་ནས་འོངས། ཁོ་ཐབས་ཡོངས་སུ་ཟད་ནས་གད་སྙིགས་སྤུངས་ནས་ཡོད་པའི་གསེང་ལ་འཛུལ། དེ་རུ་ལྐོག་ངུ་བྱས།
                                                                                                  
                                                                                                             སྤྱི་ལོ 2015.12.10 ལ་བྲིས།          

རྩོམ་སྒྲིག་པ། གངས་དགའ།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧྭ་པ་ནང་རུལ་བ།

2017-05-06 ཆོས་སྐྱོང་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།