ཀློའུ་བཤད།(ཞར་བཀོད་གཅིག་ཡོད)

གཡུ་ལུང་གཡུང་དྲུང་འབུམ།(གཙོས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-09-09

"རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ་ལགས།ཐེངས་འདིའི་གནང་བའི་སྐབས་སུ་རང་རང་གི་བུ་བུ་མོ་རྣམས་བདག་སྐྱོང་གང་ལེགས་བྱས་ནས།ཆབ་སྲིད་དང་འགལ་བའི་བྱ་འགུལ་སོགས་ལ་ཞུགས་པར་གཏན་འགོག་བྱ་དགོས……"

ལོ་མ་སློབ་གྲྭར་འགྲོ་སའི་རྫོང་མི་རིགས་སློབ་འབྲིང་ཡང་དེ་རིང་གྲོལ་བ་ཡིན་པས།སློབ་ཁྲིད་ཐོག་ཁང་དང་མལ་ཁང་།ཇ་ཁང་སོགས་གང་སར་སྤྲད་ཡོད་པའི་སྒྲ་སྒམ་དེའི་ནང་དུ་དེ་ལྟར་གསལ་བརྡ་དེ་སྒྲོག་འདོན་བྱེད་ཀྱིན་ཡོད་པ་དང་།སློབ་རའི་གྲུ་ཟུར་ཐམས་ཅད་དུ་ལྷང་ལྷང་གྲག་པ་ཐོས་ཐུབ།

སློབ་མ་དག་ལ་མཚོན་ན་གནང་བ་བྱིན་པ་ནི་བཙོན་གྲོལ་བཏང་བ་དང་འདྲ་སྟེ།བྲིས་མི་ཚར་བའི་ལས་བྱ་དང་བློར་མི་ངེས་པའི་རྩ་ཚིག་བཅས་རེ་ཞིག་ལོགས་སུ་བཞག་ཆོག་ལ།ད་དུང་རྒྱུགས་ཤོག སྐར་གྲངས།ཨང་རིམ་སོགས་ཀྱི་ཐ་སྙད་ཀྱང་དྲན་པའི་ངོས་སུ་གསུབ་ནས་བརྩེ་བའི་དྲོལ་ཁོལ་འཁྱིལ་ཞིང་འོ་ཇའི་ཞིམ་མངར་འཐུལ་བའམ་སྙེ་མའི་ལོ་ལེགས་གཏམས་པའི་ཕ་ས་ཕ་ཡུལ་གྱི་རང་ཁྱིམ་དྲོན་མོར་སླེབས་ཐུབ་པས་ཡིན་ལ།དགེ་རྒན་དག་ལ་མཚོན་ནའང་ལྟ་ཅི་སྨོས་ཏེ།སློབ་མ་རེ་རེར"བདེ་མོ་བྱོས"ཞེས་འཚམས་འདྲིའི་ཕྱག་བརྡ་གནང་ཞོར་དགའ་སྤྲོ་ཁོག་ལ་མ་ཤོང་བར་གདོང་ལ་འཛུམ་གྱིས་ཁེངས་བཞིན་འགྲོ།
ལོ་མ་དང་སློབ་གྲོགས་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་རང་རང་གི་དཔེ་ཁུག་འཁུར་ཞིང་གྱོན་གོས་སོགས་ཅ་ལག་བསྡུ་གསོག་བྱས་ཡོད་པའི་ལག་ཁུག་དག་ལག་ཏུ་བཟུང་ནས་འགྲོ་བཞིན་ཡོད།དེ་བཞིན་དུ་ལོ་མའི་ཨ་ཕ་འབུམ་རྒྱལ་དང་འདྲ་བའི་ཁྱིམ་བདག་མང་བོ་ཡང་སློབ་གྲྭའི་སྒོ་ཆེན་ནས་འཚང་ཁ་ཤིག་ཤིག་གིས་ཡོང་ནས་རང་རང་གི་བུ་བུ་མོ་ཁྲིད་ནས་འགྲོ་བར་བྱེད་ལ།རྫོང་མཁར་ཧྲིལ་བོའི་སྲང་ལམ་སོ་སོར་ཡང་འཕྲུལ་རྟའི་སྒྲ་དུང་གི"ཏི་ཏི་ཏོ་ཏོ"ཡི་འཛེར་སྒྲ་སོགས་འ་འུར་ཟང་ཟིང་གིས་ཁེངས་འདུག་ལ།སློབ་གྲྭ་གྲོལ་བ་དེས་མཐོ་སྒང་གི་རྫོང་མཁར་ཆུང་ཆུང་འདིར་ཁ་དོག་གཞན་ཞིག་བསྩལ་ཡོད་པ་འདྲ།

ལོ་མ་ནི་རྫོང་མཁར་དང་ཐག་རིང་བའི་འབྲོག་ཁུལ་གྱི་སློབ་མ་ཞིག་ཡིན་ལ།དེ་རིང་ཡང་ཁོའི་ཨ་ཕ་འབུམ་རྒྱལ་རྒྱང་རིང་གི་འབྲོག་ས་ནས་ནངས་སྔ་མོར་ཕྱུགས་ཟོག་ལྷས་ནས་མ་ཕུད་པར་བོད་ལྭ་དབོ་ལུགས་སུ་གྱོན་ཏེ་ཐོན་ལ།ཁ་ལག་ཀྱང་བཀྲུས་མེད་པས་མིག་སྐྱག"འདོམ་པ་དགུ་དྲུད"ཡོད་ཅིང་།ས་ཡིས་ཁེངས་ཤིང་འཇིལ་ལིར་འཕྱིང་བའི་སྐྲ་ལོ་སོགས་ཀྱིས་ལོ་མས་རང་གི་ཨ་ཕ་འབུམ་རྒྱལ་མཐོང་མ་ཐག་ཅུང་མི་བདེ་བའི་སྣང་བ་བྱུང་ཞིང་།སློབ་གྲོགས་གཞན་གྱི་ཁྱིམ་བདག་དག་མཐོང་སྟེ།"ཨ་ཕ་ཡིན་ན་འདིས་གཙང་སྦྲ་ལ་དོ་སྣང་དེ་ཙམ་མེད་པ་ཅི་ཡིན་ནམ།གལ་སྲིད་ཁོ་སློབ་མ་ཞིག་ཡིན་རྒྱུ་ན'བཟང་གསུམ་སློབ་མ'(བཟང་བོ་གསུམ་ནི་སློབ་སྦྱོང་ལ་བཟང་བ་དང་།གཙང་སྦྲ་ལ་བཟང་བ།སྒྲིག་ལམ་བརྩི་སྲུང་བཟང་བ་བཅས་ཡིན་པར་བཤད།)ལ་མི་འདེམ་ཁོ་ཐག་རེད"སྙམ།

"ཨ་ཕ།ཁྱེད་ཀྱིས་སྤོས་འགྱིག་གི་ཐག་པ་སྲ་མོ་འདི་འདྲ་ཞིག་གང་ནས་ཉོས་པ་ཡིན།"ཨ་ཕ་འབུམ་རྒྱལ་གྱིས་ལོ་མའི་དཔེ་ཁུག་དང་ལག་ཁུག་སོགས་ཅག་ག་དག་འདར་འདར་ལྕུག་ལྕུག་གིས་འཕྲུལ་རྟའི་འཕོངས་སུ་སྡོམ་དུས་ལོ་མས་དེ་ལྟར་སྨྲས།

"ཨ་ཕའི་ལོ་ལོ།འདི་སྤོས་འགྱིག་གི་ཐག་པ་མ་རེད།འབྲེང་པ་རེད།ཀློའུ་བཤད་མ་རྒྱག"ཨ་ཕ་འབུམ་རྒྱལ་གྱིས་དེ་ལྟར་སྡིགས་དམོད་དང་འདྲེས་པའི་སྒོ་ནས་བཤད་པས།ལོ་མ་ཅུང་ངོ་ནོངས་པར་གྱུར་ཡང་མཐའ་འཁོར་གྱི་མི་ཚོགས་ཀྱིས་མ་ཐོས་པས་གཞན་ལ་དོ་སྣང་ཆེར་མ་བྱས།

དོ་དགོང་ཨ་ཕ་འབུམ་རྒྱལ་ཚང་ལ་མཚོན་ན་ཁྱིམ་མི་ལྷན་འཛོམས་ཀྱི་ཉིན་མོ་ཞིག་སྟེ།རྫོང་མི་རིགས་སློབ་འབྲིང་འགྲིམས་པའི་བུ་ཆུང་ལོ་མ་དང་རྫོང་བཅའ་སྡོད་སློབ་ཆུང་འགྲིམས་པའི་བུ་མོ་ཆོས་བཟང་གཉིས་ལ་གནང་བ་བྱིན་པ་དང་།དེ་དང་མཚུངས་པར་ཨ་ཕྱི་ལྕགས་མོ་ཡང་ཆོས་སྒར་ནས་ཕྱིར་ཉིན་འགར་ལོག་ཡོད་པས།ཨ་ཕ་འབུམ་རྒྱལ་དང་མཚོ་སྐྱིད་བཟའ་བ་གཉིས་ཀས་ཀྱང་བྱིས་པ་མིང་སྲིང་གཉིས་ཀར"སློབ་གྲྭ་ནས་འེ་སུན་ཐལ"དང"ཆམ་པ་མ་བྱུང་ངམ"སོགས་གཅེས་གཅེས་དུངས་དུངས་ཀྱིས་འཚམས་འདྲི་བྱེད་ལ།དེ་དང་ལྷན་དུ་ཞི་འཇམ་ངག་ཚིག་གིས་ཨ་ཕྱི་ལྕགས་མོ་ལ་ཡང"ཨ་ཡོ་མིན་ནམ[1]"ལམ་ནས་ཨེ་གྲང་ཐལ"སོགས་འཚམས་འདྲི་ཡང་ཡང་བྱེད།

དེ་ནས་མཚོ་སྐྱིད་ཀྱིས་ཐབ་ཀར་བ་མ་བསྐྱོན་ནས་མེ་བུས་ཏེ་ཤ་བཙོས་ཤིང་།ཤ་གདུས་པའི་ཁུ་བར་མཐེབ་ཐུག་འཕངས་ནས།ཡུན་རིང་འཐུང་མ་ཐུབ་པའི"ཤ་ཁུའི་མཐེབ་ཐུག"བསྐོལ་ཞིང་།ཨ་ཕྱི་ལྕགས་མོ་དང་ལོ་མ།ཆོས་བཟང་བཅས་ཀྱི་སྔུན་ལ་ཤ་རྩིབས་མ་དང་བྲང་སོགས་ཡོད་པའི་སྡེར་མ་བཞག་ཅིང"ཤ་ཁུའི་མཐེབ་ཐུག"ལས་རྩིག་མ་འང་ཁོ་ཚོའི་དཀར་ཡོལ་དུ་ལྡུག་གྱིན་ཡོད་པས།ཨ་ཕ་འབུམ་རྒྱལ་བཟའ་བ་གཉིས་ལ་མཚོན་ན་བྱིས་པ་གཉིས་ཀ་སློབ་གྲྭ་ནས་ཕྱིར་རང་ཁྱིམ་དུ་ལོག་པ་དང་།ཨ་ཕྱི་ཆོས་སྒར་ནས་ཕྱིར་རང་ཁྱིམ་དུ་ལོག་པ་ལ་དགའ་དྲགས་པས་ཡིན་ནམ་ཡང་ན་སློབ་གྲྭ་དང་ཆོས་སྒར་ནི་ཁ་ནང་དུ"དམར"མི་ཡོང་བའི་མུ་གེའི་ཐང་ཆེན་ཞིག་ཏུ་ངོས་བཟུང་ཡོད་ལས་ཀྱང་ཆེ།ལོ་མ་དང་ཆོས་བཟང་གཉིས་ཀས་ཀྱང་སློབ་གྲྭའི་འཚོ་བ་སོགས་ཁ་བརྡ་བྱེད་ཞོར་སྤྱང་ཀི་ལྟོགས་པས་ཟ་ཟ་བྱེད་པ་དང་།ཨ་ཕྱི་ལྕགས་མོས་ཀྱང་ཆོས་སྒར་གྱི་ལོ་རབས་མང་བོ་གླེང་ཞོར་མཐེབ་ཐུག་ལྡི་རི་རི་འཐུང་ཀྱིན་འདུག་པས།ཨ་ཕ་འབུམ་རྒྱལ་བཟའ་བ་གཉིས་ཀ་ནམ་རྒྱུན་ཆེ་སྣང་སྟེར་བའི་ཁང་བ་དེ་དོ་ནུབ་འདུ་འཛི་ཆེ་བའི་ཁང་ཆུང་གྲུ་བཞི་ཞིག་ཏུ་གྱུར་འདུག

དེ་ལྟར་བཟའ་མི་གང་བོས་དགོང་ཇ་འཐུང་རྗེས།ཁ་བརྡ་བྱས་པ་སྟེ།ཨ་ཕ་འབུམ་རྒྱལ་དང་མཚོ་སྐྱིད་གཉིས་ཀྱིས"ཅིག་ཚང་གི་ཞི་མ་གནས་ལ་བྲོས་ཚུལ"དང"ཉིག་ཚང་གི་རྒན་རྒོན་གཤེགས་ཚུལ"སོགས་ཡུལ་ཕྱོགས་ཀྱི་གནས་ཚུལ་བཤད་པ་དང་།ལོ་མ་དང་བཟང་མོ་གཉིས་ཀས་ཀྱང"དགེ་རྒན་བཀྲ་ཤིས་བཟང་ཚུལ་དང་གཅར་རྡུང་ཚུལ"དང"དགེ་རྒན་ཁྱི་ཕྲུག་ཐར་བཙན་ཚུལ་དང་གནང་བ་མི་སྟེར་ཚུལ"སོགས་སློབ་གྲྭའི་སྐོར་གླེང་བ་དང་།དེ་སང་ལྷན་དུ་ཨ་ཕྱིས་ཀྱང"ཨ་ལགས་ཙ་ཡ་ཡིན་རབས"དང"བྱིན་རླབས་ཚན་ཁ་འབར་ཚུལ"སོགས་ཆོས་སྒར་གྱི་གནས་ཚུལ་གླེང་བར་བྱེད།དེ་ལྟར་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ཕན་ཚུན་ཁ་རྩོད་བྱེད་པ་ལྟར"སྐུད་ལམ"མི་ཐེམས་པར་གྱུར་བ་དང་ཁང་ཆུང་གྲུ་བཞི་དེ་སྔར་ལས་ཀྱང་དོག་པའི་སྣང་བ་ཞིག་སྐྱེས།

"ཕོ་གསར་ཕོ་ལུ་བརྒྱགས་པ་ཞིག་གིས"ལོ་མས་ངར་ཤུགས་དང་བཅས་དེ་ལྟར་བཤད་དུས།ཨ་ཕ་འབུམ་རྒྱལ་ངོ་དམར་པོར་འགྱུར་བཞིན་ཨམ་གཙིགས་བསྡམས་ནས་དགོད་བསྲན་འདུག་ལ།ཨ་མ་མཚོ་སྐྱིད་དང་ཨ་ཕྱི་ལྕགས་མཚོ་གཉིས་མགོ་སྒུར་ནས་འདུག་མོད་ཨི་ཙི་ལུ་གུ་སྒོག་པ་ལྟར་དགོད་བསྲན་ཡང་མ་སྲོན་པར"ཁའེ་་་་ཁའེ་་་་་་"སྒྲ་གྲག་བཞིན་མཆིས།ཆོས་བཟང་ཁོ་ན་ད་གཟོད་ཅི་མི་སྙམ་པར་ཕ་གིའི་བརྙན་འཕྲིན་ལ་ཅེར་འདུག

རྗེས་ནས་ཨ་ཕ་འབུམ་རྒྱལ་དང་ལོ་མ་གཉིས་ཀ་ལུག་རྫི་ཡིན་དུས།ཨ་ཕ་འབུམ་རྒྱལ་གྱིས་ལོ་མ་ལ"གཞུག་ནས་བར་ཁྱིམ་ཚང་གང་བོ་ཡོད་དུས།ཕོ་གསར་ཕོ་ལུ༼ཕོ་བ༽བརྒྱགས་པ་ཟེར་མི་རུང་།དེ་ནི་ཁ་བཙོག་རེད"ཅེས་བཤད་པས།ལོ་མས"ཡ་ཡ།ཨ་ཕ།ད་ནས་བཟུང་ངས་ཤེས་སོང་།"ཞེས་གཞི་ནས་ཧ་གོ་བའི་ཚུགས་ཀ་བསྟན་པ་དང་།"ཁ་བཙོག"དང"ཀློའུ་བཤད"དང་བསྡུར་ན་ཧ་ཅང་ཚབས་ཆེན་ཡིན་པ་རྟོགས་པ་སྟེ།"ཁ་བཙོག"བཤད་ན་སྤྱི་བའི་ཁོར་ཡུག་ཤུགས་རྐྱེན་ངན་པ་ཐེབས་པ་དང"ཀློའུ་བཤད"བྱས་ན་ཕལ་ཆེར་སྐྱོན་མེད་པར་སེམས་མོད།ཡང་དུས་ཚོད་ནམ་ཡིན་པ་གསལ་བོར་མ་ངེས་པའི་་དེ་དུས་ཤིག་ལ།ལོ་མས་ཁྱིམ་བཟའ་ཚང་གང་བོ་ཡོད་ས་ནས"མིང་མེད་རྒྱལ་མགོ་རྡོ"ཞེས་པའི་སྐད་ཆ་དེ་ཅི་ཡིན་འདི་ཡིན་མེད་པར་ཤོར་བས།ཁྱིམ་མི་གང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་བ་སྟེ།ཨ་ཕ་མཚོ་སྐྱིད་དགོད་མ་སྲོན་པར་སྒོ་ཕྱི་རུ་འབྲོས་པར་བྱེད་ལ།ཨ་ཕྱི་ཡང་སྐབས་དེ་དང་བསྟུན་ནས་ཉལ་དུ་བུད་སོང་བ་དང་།ཆོས་བཟང་གིས་སྔར་བཞིན་བརྙན་འཕྲིན་ལ་ཕུར་ཚུགས་སུ་ཅེར་ནས་འདུག་པས།ཨ་ཕ་འབུམ་རྒྱལ་ཁོ་ན་ཤུལ་དུ་ལྷུག་ལྷུག་དགོད་བཞིན་དུ"དེ་ཁ་བཙོག་ངན་པ་ཞིག་རེད་ཡ།'མིང་མེད་རྒྱལ་མགོ་རྡོ'ཞེས་ན་ང་ཚོ་སྐྱེས་པ་དག་གི་འདོམས་ཀྱི་དེའི་མིང་ལ་ཟེར་བ་རེད།ད་ནས་བཟུང་དེ་ལྟར་ཁ་བཙོག་ཡོད་པའི་ཀློའུ་བཤད་མ་རྒྱག བཤད་མི་ཤེས་ན་ཁ་རོག་གེར་སྡོད།འཇིག་རྟེན་ཁ་དཔེར་ཡང་།'ཁ་ཁ་རོག་སྡོད་དང་ཁ་མཆུ་མེད།།མགོ་ལག་པས་བསྐྱོར་དང་རྒྱག་ནི་མེད།།'ཟེར་བ་ཡིན"ཞེས་སྒམ་ཚུགས་དང་བཅས་བཤད་པས།ལོ་མ་གྲག་མེད་འགུལ་མེད་དུ་གྱུར་ཞིང་ངོ་མདོག་ཀྱང་ཤོར་ནས།མིག་ཟུང་ཡང་ཁྲ་ལོག་ལོག་བསམ་གཞིགས་ཀྱི་དོང་དུ་ལྷུང་འདུག

                        2017.7.24~8.9
ཞབས་མཆན།
[1]ཨ་ཡོ་མིན་ནམ།  ཡུལ་སྐད་དེ།ནད་སོགས་ཀྱིས་མ་མནར་བར་བདེ་མོ་ཡིན་ནམ་ཞེས་པའི་དོན།

                                   མཱ་ཚང་གི་ཟ་ཁང་དང་ལོ་མ།

སློབ་གྲྭའི་སྒོ་ཁ་ན་ཆང་ཁང་དང་ཇ་ཁང་།ཟ་ཁང་མང་པོ་ཕྲེང་བསྟར་བསྒྲིགས་ནས་ཡོད་ལ།དེ་དག་ཚང་མས་རང་རང་གིས་ཕྱེས་པའི་ཆང་ཁང་ངམ་ཇ་ཁང་།ཟ་ཁང་གང་དེའི་ཁང་བའི་ནང་གི་བཀོད་པ་དང་ཕྱིའི་སྒོ་བྱང་གི་མཛེས་བཟོ་བཅས་སོ་སོའི་ཆ་རྐྱེན་འཛོམས་ཚད་ཀྱིས་མཛེས་ཤིང་སྡུག་ལ་ཡིད་དུ་འོང་བར་བྱས་ཡོད་ཅིང་།སྒོ་བྱང་གི་ཡི་གེར་རྒྱ་བོད་ཤན་སྦྱར་གྱིས་བྲིས་ཡོད་མོད།མཚན་མོ་སླེབས་ཐེངས་རེ་རེ་གློག་འོད་ལམ་ལམ་གྱི་མཚན་ལྗོངས་ཁྲོད་དུ།འོད་ཀྱིས་བརྒྱན་པའི་རྒྱ་ཡིག་གི་ལོགས་སུ་ཡིག་ནོར་ཡོད་པའི་བོད་ཡིག་དེ་ཉམ་ཆུང་གི་ཉམས་ཤིག་གསལ་ལེར་མངོན་འདུག

ལོ་མ་ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར་སློབ་གྲྭའི་སྒོ་ཆེན་ལས་ཕྱིར་བུད་དེ།ཐད་ཀར"མཱ་ཚང་གི་ཟ་ཁང"ཞེས་པའི་རྒྱ་ཡིག་ཆེན་པོས་བྲིས་ཡོད་ཅིང་།བོད་ཡིག་རྒྱ་ཡིག་ཆེ་ཆེ་དེའི་གཤམ་ན་ཆུང་ཆུང་མིག་མི་བཟང་བ་ཞིག་གིས་བལྟས་ན་ཡོད་མེད་ཀྱང་མི་ཤེས་པ་ལྟ་བུའི་སྒོ་བྱང་སྦྱར་ཡོད་པའི་ཟ་ཁང་དེ་གཟས་ནས་ཕྱིན།གཅིག་བྱས་ན།ལོ་མ་གོམས་གཤིས་ཀྱི་དབང་གིས་དེ་ལྟར་འགྲོ་བའང་ཡིན་སྲིད།ཡང་གཅིག་བྱས་ན།མི་འགྲོ་ཐབས་མེད་ཆགས་པའང་ཡིན་སྲིད།

"ཨ་རོ།ལོ་མ།གང་དུ་འགྲོ་འམ།"ལོ་མའི་སློབ་གྲོགས་རླུང་རྟ་གནས་གང་ཞིག་ནས་བྱ་བཞིན་རྒྱུག་ཡོང་ནས་དེ་ལྟར་དྲིས་བྱུང་།
        "ཟ་མ་བཟའ་རུ་འགྲོ་བཞིན་ཡོད།ཁྱོད་གང་ལ་སོང་ངམ།"ལོ་མས་དེ་ལྟར་ལྡོག་འདྲི་བྱས།
        "ང་ཡང་ཟ་མ་བཟའ་རུ་ཡོང་བ་ཡིན།འགྲོ བཀྲ་ཤིས་ནོར་གཡང་བོད་ཟས་གླིང་དུ་འགྲོ"རླུང་རྟས་ལོ་མ་ལ་ཕྱིར་ལན་གཅིག་གཅིག་གཉིས་གཉིས་ཀྱིས་མ་བཏབ་པར་ད་དུང"དེར་འགྲོ་དང་།སྐུད་མེད་དྲ་བར་བརྡ་རྟགས་ཧ་ཅང་བཟང་།འགྲོ"ཞེས་བོད་ཟས་གླིང་དུ་འགྲོ་བར་སྐུལ་མོད། ལོ་མ་རེ་ཞིག་འདང་རྒྱག་ནང་ལྷུང་ཞིང་།རང་གི་གློ་ཁུག་ནང"ཀུན་དགའ་དོན་གྲུབ"དག་ལ་ལག་ཉོབ་ཅིག་བྱས་ནས།ཐག་ཆོད་རང་བཞིན་གྱིས"ད་ང་འགྲོར་མི་འདོད།ངས་འདི་ནས་ཟ་མ་ཟོས་རྗེས།མྱུར་དུ་ཕྱིར་འགྲོ་དགོས།ད་དུང་ལས་བྱ་བྲི་འཕྲོར་ལུས་ཡོད།"ཞེས་རྫུན་གཏམ་ཞིག་བཤད་པ་ན། རླུང་རྟས་ཀྱང་ལོ་མ་ནི་གཞི་རིམ་འབྲོག་ཁུལ་ནས་ཡོང་བའི་སློབ་གྲོགས་ཤིག་ཡིན་པ་ཤེས་པས།ཁོས་བསམ་ཤེས་ཀྱིས"ལོ་མ།དངུལ་སྒོར་ཕྱོགས་ལ་འདང་རྒྱག་མེད།དེ་རིང་ངས་ཁྱེད་ལ་མགྲོན་བྱ"ཞེས་བཤད་མོད། ལོ་མ་མི་རང་བརྩིའི་བསམ་པ་ཡོད་པའི་སློབ་གྲོགས་ཤིག་ཡིན་པས།རང་གི་ལ་རྒྱ་ཤོར་མི་རུང་སྙམ་སྟེ།"རླུང་རྟ།ཁྱོད་ཀྱིས་ང་ལ་མཐོང་ཆུང་མ་བྱེད།དེ་རིང་དངོས་གནས་ང་ལ་ཁོམ་པ་མེད་པ་མ་གཏོགས།ང་ལ་དངུལ་སྒོར་གྱིས་མ་འདང་བ་མིན།ཧིན།"ལོ་མ་དེ་ལྟར་ཁོང་ཁྲོ་ལངས་ནས་མཱ་ཚང་གི་ཟ་ཁང་གི་ཕྱོགས་སུ་བུད་སོང་།དེ་ནི་གོམས་གཤིས་ཤིག་ཀྱང་ཡིན་པ་འདྲ་སྟེ།ལོ་མ་ཁ་སྤོ་ཁ་ནས་ལངས།ཞེ་སྤོ་གཏིང་ནས་ལངས་ནས།ངོ་གདོང་ཡང་དམར་པོར་གྱུར་ཡོད་མོད།ཁ་ཕྱོགས་ཅུང་ཙམ་ཡང་མ་ནོར་བར་དེ་ལྟར་མཱ་ཚང་གི་ཟ་ཁང་དུ་འཛུལ་སོང་།

"ལོ་མ།ལོ་མ།་་་་ངས་དེ་ལྟར་ཟེར་བ་མིན།"རླུང་རྟ་ཅི་ཡིན་ཆ་མ་འཚལ་བའི་ངང་དེ་ལྟར་འབོད་ཀྱིན་འདུག

ལོ་མ་མཱ་ཚང་གི་ཟ་ཁང་ནང་འཛུལ་མ་ཐག་ཏུ།སྦྱིན་བདག་མ་མགོ་དཀྲིས་ནག་ཁྲ་བརྒྱབ་ཡོད་པ་དེས"ཡ།ཕེབས་ཤོག འདིར་སྡོད།"ཅེས་བྱང་ཆ་ལྡན་པའི་བོད་སྐད་ཀྱིས་བཤད།"བཅད་ཐུག་ཕོར་བ་གང"ཞེས་བཤད་རྗེས།དེར་བསྡད་ནས་ཁ་པར་ལས་སྐད་འཕྲིན་ནང་ལ་བལྟས། སྦྱིན་བདག་མ་དེས་གཡོས་ཁང་ནང་ལ"བཅད་ཐུག་ཕོར་བ་གང"ཞེས་ཀི་རིང་ཞིག་བཏབ་སོང་ལ།དེ་ནས་ངོ་གདོང་གི་མཁུར་ཚོས་དམར་མདངས་ཆེ་བར་བལྟས་བོད་ཅིག་ལོས་ཡིན་སྙམ་པའི་བུ་མོ་པང་ཁེབས་ཅན་ཞིག་གིས་ཇ་དེམ་ཞིག་ལས་ཇ་བླུགས་ནས་ལོ་མའི་མདུན་དུ་བཞག ལོ་མས་བལྟས་མ་ཐག བོད་ཅིག་རེད་སྙམ་མོད།ལུས་ཀྱི་ལྭ་དང་མཆུ་ཡི་རྩི་སོགས་ཀྱིས་བོད་ཅེས་པའི་ཐ་སྙད་དྲན་ཁོམ་མ་བྱུང་བར་ལོ་མས་རྒྱ་སྐད་ཀྱིས"མྱུར་དུ་བསྐོལ་རོགས"ཞེས་བཤད་མོད།བུ་མོ་དེས་བོད་སྐད་ཀྱིས"འོ་ཡ"ཞེས་བཤད་སོང་བས།ཁོས་ད་སོ་མར་རྒྱ་སྐད་ད་མ་དིག་ཅིག་བཤད་པར་ནོངས་འགྱོད་སྐྱེས་ནའང་བཞིན་མདངས་ཉམས་སུ་མ་བཅུག་པར་སྒམ་ཚུགས་བཟང་ནས་བསྡད།

ལོ་མས་དྲ་སྒོ་ཕྱེས་མ་ཐག་ཏུ།སྐད་འཕྲིན་གྱི་དྲ་གྲོགས་ཐོག་རྒོད་ཟེར་བ་ཞིག་གིས་ལོ་མའི་སྒེར་ལ་པར་རིས་རིང་བོ་ཞིག་བསྐུར་འདུག

ཤ་རུས་གདོང(གདུང)རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་པ(རྣམ་པ)།

ཁ་ཆེའི་ཟ་ཁང་འདེ་བ་ཚང་གིས་ང་ཚོའི་བོད་ཀྱི་བུ་མོ་དག་ནང་ལོགས་སུ་བཙོང་གིན་འདུག ཟ་ཁང་འདི་ལ་གཟབ་གཟབ་བྱེད(བྱ)རོགས།

ཞེས་ཡི་གེ་འདི་དག་བྲིས་རྗེས།གཤམ་དུ་བུ་མོ་ཞིག་སླ་ང་བཙོ་བ་དང་།དེ་ནས་ཕྱེད་ཀ་ཕྱེད་ཀ་བྱས་ནས་ཚལ་བར་གཤགས་པ་སོགས་འཇིགས་སུ་རུང་ཞིང་ཡ་ང་བའི་འདྲ་པར་ཏག་ཏག་བསྐུར་འདུག་པས།ལོ་མ་ཚམ་ཚོམ་མེད་པར་རྔུལ་ལངས་ཤིག་བྱས་སོང་བ་དང་།ཕ་རོལ་གྱི་ཁ་པར་ན་རྒྱ་གླུ་བཏང་ནས་སྐྱིད་སྐྱིད་ངང་བསྡད་ཡོད་པའི་བོད་ཀྱི་བུ་མོ་ཞབས་ཞུ་བ་དེ་མཐོང་མ་ཐག་ཏུ་སྙིང་རྗེ་དང་ཞེ་སྡང་འདྲེས་མའི་སེམས་ཚོར་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ལ།བོད་ཀྱི་བུ་མོ་འདིའི་ལས་དབང་ལ་བཀྲ་ཤིས་དོན་འགྲུབ་སྨོན་འདུན་ཞིག་བྱང་ཁོག་ཏུ་ཁུ་སིམ་མེར་ཞུས།
དེ་ནས་ཁོས་སྐད་འཕྲིན་རྒྱབ་ལྗོངས་སྔོག་མགོ་བརྩམས།

དྲ་གྲོགས་སྡིག་པ་རྭ་ཙ་ཟེར་བ་ཞིག་གིས"ངེས་པར་ལྟོས།ཞིབ་ཏུ་སོམས།ལག་ལེན་གྱིས།"ཞེས་པའི་ཡིག་འབྲུ་འགའ་གཡུགས་རྗེས།ཡང་པར་རིས་རིང་བོ་ཞིག་གཡུགས་འདུག་པ་ལ།ལོ་མས་དེ་འདྲ་ཚབས་ཆེན་ཞིག་ཅི་ཞིག་ཡིན་ནམ་སྙམ་ནས་བལྟས་པ་ལ།

རེ་སྐུལ་ཚ་བོ་མ།
         བདེན་དབང(དཔང)གི་དཔར(པར)འདི་དག་ལ་བོད་མི་ཚང་མས་ཞིབ་མོར་གཟིགས་ནས་ཁ་ཆེ(ཡི)ཟ་མ་མི་ཟ(བཟའ)རྒྱུ་རེ་སྐུལ་སྙིང་ནས་ཡང་ཡང་ཞུ།

དེ་ལྟར་བྲིས་རྗེས།སྐྱག་ཆུའི་ནང་དུ་ནང་ཁྲོལ་བཀྲུ་བ་དང་བྱིས་པའི་གཅིན་སྒོ་ངའི་ནང་ལ་སྒུག་པ་སོགས་ཞེ་མེར་སློང་བའི་པར་རིས་འགའ་བཀོད་འདུག་པས།ལོ་མ་གཏིང་ནས་སྐྱུགས་མེར་ལངས་ནས་ཁ་སུམ་ནས་བསྡད་པ་ལ།ཞབས་ཞུ་བ་བོད་ཀྱི་བུ་མོ་དེས་བཅད་ཐུག་ཚགས་སུ་ཆུད་པས་ཚུར་འཁྱེར་འོངས་ནས།ལོ་མའི་མདུན་ལ་བཞག་པ་ན་ཁོའི་ཡི་ག་འགག་སྟེ་ཟ་འདོད་མེད་པར་གྱུར།

ལོ་མས་ཟ་མ་མ་བཟས་པར་ཅུང་ཙམ་བསྡད་པ་ན།ཁོའི་ཕོ་བ་ལྟོགས་ནས།དངོས་གནས"རྒྱུ་མས་ཙི་དང་ལོང་གས་ཕེ་འདེབས"ཀྱིན་འདུག་པས།ལོ་མ་འུ་ཐུག་ཐབས་ཟད་ཀྱིས་བཅད་ཐུག་དེ་མགོ་ཡར་ཅུང་ཙམ་ཡང་མི་དགྱེ་པར་ཧུར་ཧུར་སྒྲ་དང་བཅས་ཁ་ནང་དུ་དེད་སོང་ལ།དེ་ནི་ཆུ་ལོག་གིས་ཐང་ཕྱགས་པ་ཇི་བཞིན་ཤུལ་ཅི་ཡང་ལུས་པ་སྟེ།དཀར་ཡོལ་ངོས་གཙང་དུ་དག་གཙང་དུ་བཟོས་འདུག

ལོ་མས་ཟ་མ་ཟོས་རྗེས།ཅ་དངོས་ཁ་ཤས་ཉོ་དགོས་འདུག་པས།སྲང་ལམ་ཡར་མར་ཉུག་མོད།ཟ་ཁང་རེ་རེའི་སྒོ་བྱང་གི་གྲུ་གའམ་ཟ་ཟུར་གང་རུང་ཞིག་ཏུ"དྭངས་གཙང"ཞེས་པའི་ཡིག་འབྲུ་བྲིས་མེད་པ་ཞིག་མ་མཐོང་བས།ད་ཅི་མཱ་ཚང་གི་ཟ་ཁང་དུ་ཟ་མ་བཟའ་དུས།"ཁ་ཆེའི་ལག་ཟས་མ་གཏོགས་ཁ་ནང་དུ་མི་འགྲོ་བའི་བོད་མི་ཚོ"སོགས་ཀྱི་སྐད་ཆ་དེ་དག་སྐད་འཕྲིན་གྱི་ཚོགས་པ་དང་སྤྱི་སྟེགས།རྒྱབ་ལྗོངས་བཅས་ན་སྤུར་གྱིན་པའི་འདུག་པའི"འཆར་ཡན་གྱི་སྐད་ཆ"འམ་ཡང་སྟོང་བསམ་གྱི་ཕོ་བྲང་ཞིག་རེད་སྙམ་པ་དང་།ད་ཅིའི་ལོ་མའི་ཨ་ཕས་ཁ་པར་ཡོང་ནས"ད་ནངས་རྫོང་ཐོག་ཏུ་སོང་མོད།ཟ་མ་བཟའ་ས་མི་འདུག་པས།ཉིན་གུང་ཕྱིར་བུད་ཡོང"ཟེར།ལོ་མས་དེ་མ་ཐག་ཧ་མ་གོ་བར"ཨ་་་རྫོང་ཐོག་ཏུ་ཟ་ཁང་མི་འདུག་གམ"ཞེས་དྲིས་པ་ན།ཁོའི་ཨ་ཕས་བཤད་རྒྱུར"དེ་རིང་ཚེས་བརྒྱད་རེད།དུས་ཆེན་རེད།ཤ་ཟ་མི་རུང་།ཧོས་ཧོས(ཁ་ཆེ)ཀྱི་ཟ་ཁང་གི་དེ་དག་མི་གཙང་བས།ཕྱིར་ཡུལ་ལ་ལོག་པ་ཡིན།"ཞེས་བཤད་པས།ལོ་མ་གློ་བུར་དུ་སྨྲ་ལྕེ་ལྐུགས་ཤིང་མགྲིན་པ་བརྣངས་ནས་ངག་མི་འཁྲོལ་བར་གྱུར་ཏོ།།

                                                                                       2017.9.3

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློའུ་བཤད།(ཞར་བཀོད་གཅིག་ཡོད)

2017-09-09 གཡུ་ལུང་གཡུང་དྲུང་འབུམ།(གཙོས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།