ལྷ་བཟོ་དང་སྙན་ངག་པ།

ཞི་པན་ཡའི་ལྷ་བཟོ། ཕེ་ཁ་སོ།
དབུ་སྐྲ་བྱི་ནས་མལ་ལ་ལྷུང་བའི་བར་དུ།
མི་ཡུལ་གྱི་ལྷ་མོ་བྲིས་ཤིང༌།
དབུ་སྐྲ་བྱི་ནས་མལ་སར་ལྷུང་བའི་བར་དུ།
མི་ཡུལ་གྱི་ལྷ་མོར་འགྲོགས།
ཚོན་གྱི་སྡེབ་ཁ་ལས། ལྷ་མོ་ཚོ།
མི་སྡུག་པའི་མེ་ཏོག་རེ་རེར་གྱུར་ན་ཡང༌།
སྙིང་ཉེ། སྙིང་ཉེ་ཟེར་སྐད།

གལ་སྲིད། ཕེ་ཁ་སོ།
འཚོ་ཞིང་གཞེས་པའི་དབང་དུ་བཏང་ན།
ཅི་ནས་ཀྱང༌། ང་རང༌།
ཞི་པན་ཡར་ཐེངས་གཅིག་འགྲོ་དགོས་ཏེ།
ཁོའི་རིན་གོང་མཐོ་བའི་བཤམ་རིས་ཀྱི་ཆེད་དུ་མ་ཡིན་པར།
དེའི་རྒྱབ་ཀྱི་ལྷ་མོ་ཚོ་བསམ་ཞིང༌།

ཕེ་ཁ་སོ། ཐིག་དང་ཁ་དོག་གིས་བརླམས་པའི་ཁྲམ་པ་ཁྱོད།
ཁྱོད་ལ་རྒྱུ་ནོམ་དང་དབང་ཐང་འབྱོར་དོན།
ཕུག་རོན་དཀར་པོ་ཞིག་གི་སྐུ་དྲིན་ཁོ་ན་མིན།
མཚན་མོའི་དྲི་བསུང་ལྡང་ཐེངས་རེར།
སྦྱིན་པའི་ལྷ་མོ་དག་གིས། མི་ཡུལ་གྱི།
ཟུངས་ཁྲག་ཀྱང་དམར་པོའི་བརྩེ་དུང་གི་འོད་ཀྱིས།
ངའི་སྙན་ངག་གི་ཡིག་འབྲུ་རེ་རེར།
ང་རོ་གནངས་པ་ཇི་བཞིན།
ལག་ཟུང་དང་སྙིང་དབུས་སུ་དྲོད་ཁོལ་སྐྱིལ་མཁན།
སུ་ཡིན། མ་གསང་སྤུན་ཟླ།
ངའི་ལྷ་མོ་ཚོས།
ཁྱོ་ག་དང་ཁྱིམ་གཞིས་བསྐྱུར་ནས།
སྙིང་ཉེ། སྙིང་ཉེ་ཟེར་མི་ཕོད་ཀྱང༌།
ནམ་ཞིག་ཡོད་དགོས་པའི།
ཁྱོ་ག་དང་ཁྱིམ་གཞིས་ཀྱི་ཕྱིར་ཏུ།
ངས་ཀྱང་ལྷ་མོ་ཚོའི་མིང་ནས་འབོད་དཀའ་རུང༌།

འཛམ་གླིང་གི་ཕེ་ཁ་སོ།
མི་ཡུལ་གྱི་ལྷ་མོ་བྲིས་ཆོག་ལ།
སྤྱུགས་ཀྱང་ཆོག་མོད།
རྒྱུ་འབྲས་དང་རན་ངེས་པའི་མཛེས་སྡུག་གི
བུ་ལོན་འདིའི་སྐོར་ལ་བསམ་བློ་འཁོར་ཀྱིན་ཨེ་ཡོད།
ང༌། ཕེ་ཁ་སོ་ཡིན་པ་གཞིར་བྱས།
ངས་འབྲི་བ་ནི།
སྙན་ངག་ཡིན་པའི་སྙན་ངག་ཡིན།
ཞིབ་འདང་རེ་བརྒྱབ་ན། ང་ལ།
ཞི་ཕན་ཡར་བགྲོད་པའི་ལམ་གླའང་མེད།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བཟོ་དང་སྙན་ངག་པ།

2008-11-09 འབར་རྡེའུ། ཀློག་གྲངས། མཆན ཡོད།

ཞི་པན་ཡའི་ལྷ་བཟོ། ཕེ་ཁ་སོ།
དབུ་སྐྲ་བྱི་ནས་མལ་ལ་ལྷུང་བའི་བར་དུ།
མི་ཡུལ་གྱི་ལྷ་མོ་བྲིས་ཤིང༌།
དབུ་སྐྲ་བྱི་ནས་མལ་སར་ལྷུང་བའི་བར་དུ།
མི་ཡུལ་གྱི་ལྷ་མོར་འགྲོགས།
ཚོན་གྱི་སྡེབ་ཁ་ལས། ལྷ་མོ་ཚོ།
མི་སྡུག་པའི་མེ་ཏོག་རེ་རེར་གྱུར་ན་ཡང༌།
སྙིང་ཉེ། སྙིང་ཉེ་ཟེར་སྐད།

གལ་སྲིད། ཕེ་ཁ་སོ།
འཚོ་ཞིང་གཞེས་པའི་དབང་དུ་བཏང་ན།
ཅི་ནས་ཀྱང༌། ང་རང༌།
ཞི་པན་ཡར་ཐེངས་གཅིག་འགྲོ་དགོས་ཏེ།
ཁོའི་རིན་གོང་མཐོ་བའི་བཤམ་རིས་ཀྱི་ཆེད་དུ་མ་ཡིན་པར།
དེའི་རྒྱབ་ཀྱི་ལྷ་མོ་ཚོ་བསམ་ཞིང༌།

ཕེ་ཁ་སོ། ཐིག་དང་ཁ་དོག་གིས་བརླམས་པའི་ཁྲམ་པ་ཁྱོད།
ཁྱོད་ལ་རྒྱུ་ནོམ་དང་དབང་ཐང་འབྱོར་དོན།
ཕུག་རོན་དཀར་པོ་ཞིག་གི་སྐུ་དྲིན་ཁོ་ན་མིན།
མཚན་མོའི་དྲི་བསུང་ལྡང་ཐེངས་རེར།
སྦྱིན་པའི་ལྷ་མོ་དག་གིས། མི་ཡུལ་གྱི།
ཟུངས་ཁྲག་ཀྱང་དམར་པོའི་བརྩེ་དུང་གི་འོད་ཀྱིས།
ངའི་སྙན་ངག་གི་ཡིག་འབྲུ་རེ་རེར།
ང་རོ་གནངས་པ་ཇི་བཞིན།
ལག་ཟུང་དང་སྙིང་དབུས་སུ་དྲོད་ཁོལ་སྐྱིལ་མཁན།
སུ་ཡིན། མ་གསང་སྤུན་ཟླ།
ངའི་ལྷ་མོ་ཚོས།
ཁྱོ་ག་དང་ཁྱིམ་གཞིས་བསྐྱུར་ནས།
སྙིང་ཉེ། སྙིང་ཉེ་ཟེར་མི་ཕོད་ཀྱང༌།
ནམ་ཞིག་ཡོད་དགོས་པའི།
ཁྱོ་ག་དང་ཁྱིམ་གཞིས་ཀྱི་ཕྱིར་ཏུ།
ངས་ཀྱང་ལྷ་མོ་ཚོའི་མིང་ནས་འབོད་དཀའ་རུང༌།

འཛམ་གླིང་གི་ཕེ་ཁ་སོ།
མི་ཡུལ་གྱི་ལྷ་མོ་བྲིས་ཆོག་ལ།
སྤྱུགས་ཀྱང་ཆོག་མོད།
རྒྱུ་འབྲས་དང་རན་ངེས་པའི་མཛེས་སྡུག་གི
བུ་ལོན་འདིའི་སྐོར་ལ་བསམ་བློ་འཁོར་ཀྱིན་ཨེ་ཡོད།
ང༌། ཕེ་ཁ་སོ་ཡིན་པ་གཞིར་བྱས།
ངས་འབྲི་བ་ནི།
སྙན་ངག་ཡིན་པའི་སྙན་ངག་ཡིན།
ཞིབ་འདང་རེ་བརྒྱབ་ན། ང་ལ།
ཞི་ཕན་ཡར་བགྲོད་པའི་ལམ་གླའང་མེད།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།