ནོར་གནག

ལྷ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-05

           1
ཁྱོད་ནི་གདོད་མ་ནས་འོངས་པའི་རྩྭ་ཐང་གི་གྲུ་གཟིངས་ཏེ།
བཤད་མི་ཚར་བའི་གཏམ་རྒྱུད་དང་ལོ་རྒྱུས་རྒྱབ་ལ་ཁུར་ནས།
བླངས་མི་ཚར་བའི་གླུ་གཞས་དང་བརྩེ་དུང་རྒྱབ་ལ་ཁུར་ནས།
ད་རུང་གདོད་མའི་སྦྲ་ཁྱིམ་དང་འབྲོག་པ་ཡི་ལྷག་བསམ་རྒྱབ་ལ་ཁུར་ནས།
ཡུལ་གྱིས་རྣམ་པར་བསྐལ་པའི་གདོད་མ་ནས་འདི་རུ་འོངས།
           2
ཉིན་བྱེད་ཁྱོད་ཀྱི་རྭ་བར་ནས་ཤར་ཞིང་ནུབ།
རྩྭ་ལྗང་ཁྱོད་ཀྱི་རྨིག་བར་ནས་སྐྱེས་ཤིང་བསྐམས།
ཁྱོད་ཀྱི་མིག་མདངས་ཁྲོད།
སྐྲ་ལོ་ཟིང་བའི་འབྲོག་ཕྲུག་གིས་ཁྱོད་ཀྱི་འོ་ཞོ་འཐུང་བཞིན།
སྐྱེན་པར་འཚར་ལོངས་བྱུང་འཚར་ལོངས་བྱུང༌།
ཁྱོད་ཀྱི་མིག་མདུན་དུ།
ཁ་ཚུབ་ཕྱེ་བའི་སྦྲ་ཁྱིམ་ཁྱོད་ཀྱི་རྩིད་པས་འཐག་བཞིན།
ཁད་ཀྱིས་བསམ་གཞིག་བགྱིད་བསམ་གཞིག་བགྱིད།
ཡིན་ཡང་ཁྱོད་ཀྱིས་སྦྲ་ཁྱིམ་ལ་ལྩི་བ་བསྟབས་ཤིང་བསགས།
ཨོང་བའི་མེ་རླབས་ཀྱིས་སྦྲ་ཁྱིམ་ལ་དྲོད་ཁོལ་བསྐྱིལ་ཅིང་འོད་སྣང་སྦྱིན།
འོད་སྣང་ཁྲོད།
གནའ་རབས་ཀྱི་ལྷ་སྒྲུང་བཤད་ཅིང་བཟླས་བཤད་ཅིང་བཟླས།
འབྱུང་འགྱུར་གྱི་མོས་འདུན་ཡང་ཡང་གླེང་ཡང་ཡང་གླེང༌།
            3
རྩྭ་ཐང་ལ་དཔྱིད་དཔལ་རྒྱས་དུས།
གཡང་ཕྱུགས་ནོར་གནག་ཁྱོད་ཀྱིས།
སྟག་ཤར་གྱི་དཔའ་སྙིང་ཁུར་ནས།
སྨན་ཤར་གྱི་བརྩོན་སེམས་ཁུར་ནས།
ཨ་མའི་བྱམས་བརྩེ་ཁུར་ནས།
དལ་བུའི་འགྲོས་ཀྱིས་འོངས།
ད་དུང་སྦྲ་ཁྱིམ་དང་སྦྲ་ཁྱིམ་གྱི་ཕུགས་འདུག་ཁུར་ནས།
ཁོམ་མེད་དལ་བྲལ་གྱིས་གྲུ་གཟིངས་ཁྱོད།
མཛེས་སྡུག་གི་དབྱར་ས་ལ་འགྲོ་མགོ་ཚུགས་འགྲོ་མགོ་ཚུགས།
མདུན་སྐྱོད་ཀྱི་བཤུལ་ལམ་ཁྲོད།
ཁྱོད་ལ་རྟ་ཕོའི་བང་རྩལ་བྲལ་ན་ཡང༌།
ཁྱོད་ལ་ཐང་དཀར་གཤོག་རྩལ་བྲལ་ན་ཡང༌།
དྲག་ཆར་གནམ་ནས་བབས་ཀྱང་འགྱེལ་མི་སྲིད་པར།
གནམ་ལྕགས་ལོགས་སུ་འཕངས་ཀྱང་དཔའ་མི་ཞུམ་པར།
སྨུག་པ་ཕྱུར་བུར་འཐིབས་ཀྱང་མགོ་མི་འཁོར་བར།
བརྟན་བརླིང་གི་གོམ་སྟབས་སྔོན་དུ་སྒྱུར་སྔོན་དུ་སྒྱུར།
                  4
དུས་དེར་ཁྱོད་ཉིད་རབ་དཀར་གངས་རིའི་འདབས་རོལ་ཀྱི།
ལྗང་མདོག་གི་མཚེར་ས་དེར་ཐོན་པར་ངེས།
དེའི་སྐབས་སུ། ཨེ་མ།
རྩྭ་ཐང་གི་དབྱར་གསུམ་དེ་ཁྱོད་ཀྱི་མིག་མདངས་ཁྲོད།
ལྗང་མདོག་ནས་ལྗང་མདོག་ཏུ་འགྱུར་བར་ངེས།
རྫ་སྟོད་ཀྱི་གངས་རི་དེ་ཁྱོད་ཀྱི་མིག་མདངས་ཁྲོད།
མཐོ་ནས་མཐོ་རུ་མངོན་པར་འཕགས་པར་ངེས།
དེའི་སྐབས་སུ།
མཐིང་སྨུག་གི་སྦྲ་ཁྱིམ་དེ་ཁྱེད་ཀྱི་མིག་མདུན་དུ་འཆར་བར་ངེས།
རི་དྭགས་ཀྱི་རྒྱལ་པོ་མཁའ་ལ་འཕྱོ་བ་ལྟ་བུར་འགྱུར་བར་ངེས།
སྤང་ལྗོངས་ཀྱི་སློབ་གྲྭ་དེ་ཁྱོད་ཀྱི་མིག་མདུན་དུ་སྙན་འཇེབས་འགྱུར་ཁུགས་སྟོང་གི་གླུ་སྒྲས་ཁེངས་པར་ངེས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནོར་གནག

2008-11-05 ལྷ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།