རི་གྲོང་།

རྒོད་ཕྲུག་དཔལ་འབྱོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-05

བྱོལ་སོང་གི་སྐེ་དྲིལ་ལས་གྲགས་པའི་སྐད་སྒྲ།
རྟག་ཏུ་ཚིམ་པ་མེད་པའི་རོལ་དབྱངས་གཅིག་པུ་དེ་ཡིན།
ཕ་བཟང་གི་བུ།
ཆུང་ནས་ས་ནག་དང་འཛིང་ལ།
མ་བཟང་གི་བུ་མོ།
ནམ་ཡང་བལ་དཀར་དང་འཐབ་དགོས།
གྲངས་མེད་ཀྱི་བྱིས་པའི་ཚོགས་ནི།
དམར་ཧྲེང་དུ་འདམ་བག་རྫི་བཞིན།
སྣ་ལྔ་བྱིས་པའི་སེམས་ཁམས།
ཀྱག་ཀྱོག་གི་གཟུགས་སུ་བརྐོ།
སྐྲ་དཀར་གྱི་རྒན་རྒོན་གཉིས།
ལོ་ཟླའི་ཁུར་པོས་རབ་ཏུ་མནན་ཅིང༌།
བརྩེ་དུང་གི་གཏམ་གླེང་ཡོངས་སུ་ཟད་ནས།
སིམ་སིམ་དུ་རང་རང་གི་མ་ཎི་འདྲེན་བཞིན།
རྒྱུན་རིང་བདག་ཏུ་མེད་པའི་ཉི་འོད་ལ།
གཅེས་སྤྲས་ལྷག་པར་བྱེད།
དྲིན་ཅན་སྐྱེད་མའི་གོམ་སྟབས།
དཀའ་སྡུག་གི་འཚོ་བས་ཕྲོགས་པས།
འགྱིང་ཉམས་དང་བྲལ་ཞིང་འཚབ་འཚབ་ཀྱི་ལང་དུ་ཤོར།
དབེན་ཞིང་འཇམ་པའི་མཚན་མོའི་བདེ་བ།
གསལ་ཞིང་མཐོ་བའི་ཁྱི་སྐད་ཀྱིས་བཅོམ།
མི་ཚང་མས།
"ཁྱི་ངན་སྐར་མར་རྨུག"ཟེར་བ་ལས།
ཐག་རིང་རི་བོའི་རྒྱབ་ནས་གྲགས་པའི།
ལྷང་ལྷང་གི་སྐད་སྒྲ་དེ།
རྨོངས་པ་ཁྱི་ཡིས་ཚོར་བ།
ཧ་ལམ་སུས་ཀྱང་མ་ཤེས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་གྲོང་།

2008-11-05 རྒོད་ཕྲུག་དཔལ་འབྱོར། ཀློག་གྲངས། མཆན ཡོད།

བྱོལ་སོང་གི་སྐེ་དྲིལ་ལས་གྲགས་པའི་སྐད་སྒྲ།
རྟག་ཏུ་ཚིམ་པ་མེད་པའི་རོལ་དབྱངས་གཅིག་པུ་དེ་ཡིན།
ཕ་བཟང་གི་བུ།
ཆུང་ནས་ས་ནག་དང་འཛིང་ལ།
མ་བཟང་གི་བུ་མོ།
ནམ་ཡང་བལ་དཀར་དང་འཐབ་དགོས།
གྲངས་མེད་ཀྱི་བྱིས་པའི་ཚོགས་ནི།
དམར་ཧྲེང་དུ་འདམ་བག་རྫི་བཞིན།
སྣ་ལྔ་བྱིས་པའི་སེམས་ཁམས།
ཀྱག་ཀྱོག་གི་གཟུགས་སུ་བརྐོ།
སྐྲ་དཀར་གྱི་རྒན་རྒོན་གཉིས།
ལོ་ཟླའི་ཁུར་པོས་རབ་ཏུ་མནན་ཅིང༌།
བརྩེ་དུང་གི་གཏམ་གླེང་ཡོངས་སུ་ཟད་ནས།
སིམ་སིམ་དུ་རང་རང་གི་མ་ཎི་འདྲེན་བཞིན།
རྒྱུན་རིང་བདག་ཏུ་མེད་པའི་ཉི་འོད་ལ།
གཅེས་སྤྲས་ལྷག་པར་བྱེད།
དྲིན་ཅན་སྐྱེད་མའི་གོམ་སྟབས།
དཀའ་སྡུག་གི་འཚོ་བས་ཕྲོགས་པས།
འགྱིང་ཉམས་དང་བྲལ་ཞིང་འཚབ་འཚབ་ཀྱི་ལང་དུ་ཤོར།
དབེན་ཞིང་འཇམ་པའི་མཚན་མོའི་བདེ་བ།
གསལ་ཞིང་མཐོ་བའི་ཁྱི་སྐད་ཀྱིས་བཅོམ།
མི་ཚང་མས།
"ཁྱི་ངན་སྐར་མར་རྨུག"ཟེར་བ་ལས།
ཐག་རིང་རི་བོའི་རྒྱབ་ནས་གྲགས་པའི།
ལྷང་ལྷང་གི་སྐད་སྒྲ་དེ།
རྨོངས་པ་ཁྱི་ཡིས་ཚོར་བ།
ཧ་ལམ་སུས་ཀྱང་མ་ཤེས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།