ན་ཟླ་ཚོ། གླུ་ཞིག་ལོངས་དང༌།

ན་ཟླ་ཚོ། གླུ་ཞིག་ལོངས་དང༌།
འཆི་བདག་གི་སྒལ་ཚིགས་སྟེང་དུ་བཙན་རྫོང་བསྐོར་ཞིང
རང་ཉིད་ལས་སུ་ལའང་རློམ་སེམས་བྲལ་བའི་ང་ཚོ
འགྱོད་བཤགས་མེད་ལ་འཁང་ར་མེད་པ
དད་ས་ཞེན་ཡུལ་ཡང་དོར་བའི་ཡུལ་གྱར་བ་ཆེས་རྗེས་མ་སྟེ
རྒྱུ་འབྲས་ཀྱིས་བསྙལ་བའི་དུག་ཆང་ཁོལ་དུས
ཁྲག་དྲོན་དང་སྙན་ཚིག མིག་ཆུ་དང་མེ་དཔུང་གིས
འཇིག་རྟེན་འདི་བསྐྱར་དུ་བསྐྲུན་དགོས

ན་ཟླ་ཚོ། གླུ་ཞིག་ལོངས་དང
ང་ཚོ། དབུལ་ཕོངས་ཀྱི་འབྱོར་བས་བཟི་ནས་ལོ་མང་འགོར
ང་ཚོ། རེ་སྒུག་གི་མནར་གཅོད་ཁྲོད་ནས་ཡུན་རིང་ལུས
ཕ་ཡུལ་གྱི་ཁ་བར་འཐིམ་པའི་རྫི་གླུ་སྐྱུར་བོའམ
སྙན་ངག་ཏུ་འཛུལ་བའི་བུ་མོ་ཚོའི་སྐྲ་ལོ
དར་ཆ་བཞིན་འཇིག་རྟེན་གྱི་མཐོ་ས་ནས་འཕྱར་བཞིན
ཚིག་འབྲུའི་བདེན་གྲུབ་ཀྱི་ཉིང་བཅུད་ནམ་མཁར་མཆོད་ཆོག

ན་ཟླ་ཚོ། གླུ་ཞིག་ལོངས་དང
ཉི་ཟླ་ཟླུམ་པོར་འཚོ་བའམ་ཟླུམ་པོར་འཁོར་བའི་དུས་ཚོད་ཀྱི་མལ་སྟན་སྟེང་དུ
ང་ཚོ་ནི་རྨི་ལམ་ཟུར་གསུམ་རྨིས་མཁན་གྱི་ཐོག་མ་ཡིན
སུས་ཀྱང་མ་བསྐུལ་བའི་གདམ་གསེས་བསམས་ཤིང
ང་ཚོས་ད་དུང་སྐྱོ་ངལ་དང་དམོད་མོའི་ཟུག་གཟེར་དང་ལེན་བྱ་ངེས
ང་ཚོས་ད་དུང་འབུལ་ཕོངས་དང་རང་ཉིད་ལ་བཀའ་དྲིན་ཞུ་ངེས
ན་ཟླ་ཚོ། གླུ་ཞིག་ལོངས་དང༌།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་ཟླ་ཚོ། གླུ་ཞིག་ལོངས་དང༌།

2008-11-05 འབར་རྡེའུ། ཀློག་གྲངས། མཆན ཡོད།

ན་ཟླ་ཚོ། གླུ་ཞིག་ལོངས་དང༌།
འཆི་བདག་གི་སྒལ་ཚིགས་སྟེང་དུ་བཙན་རྫོང་བསྐོར་ཞིང
རང་ཉིད་ལས་སུ་ལའང་རློམ་སེམས་བྲལ་བའི་ང་ཚོ
འགྱོད་བཤགས་མེད་ལ་འཁང་ར་མེད་པ
དད་ས་ཞེན་ཡུལ་ཡང་དོར་བའི་ཡུལ་གྱར་བ་ཆེས་རྗེས་མ་སྟེ
རྒྱུ་འབྲས་ཀྱིས་བསྙལ་བའི་དུག་ཆང་ཁོལ་དུས
ཁྲག་དྲོན་དང་སྙན་ཚིག མིག་ཆུ་དང་མེ་དཔུང་གིས
འཇིག་རྟེན་འདི་བསྐྱར་དུ་བསྐྲུན་དགོས

ན་ཟླ་ཚོ། གླུ་ཞིག་ལོངས་དང
ང་ཚོ། དབུལ་ཕོངས་ཀྱི་འབྱོར་བས་བཟི་ནས་ལོ་མང་འགོར
ང་ཚོ། རེ་སྒུག་གི་མནར་གཅོད་ཁྲོད་ནས་ཡུན་རིང་ལུས
ཕ་ཡུལ་གྱི་ཁ་བར་འཐིམ་པའི་རྫི་གླུ་སྐྱུར་བོའམ
སྙན་ངག་ཏུ་འཛུལ་བའི་བུ་མོ་ཚོའི་སྐྲ་ལོ
དར་ཆ་བཞིན་འཇིག་རྟེན་གྱི་མཐོ་ས་ནས་འཕྱར་བཞིན
ཚིག་འབྲུའི་བདེན་གྲུབ་ཀྱི་ཉིང་བཅུད་ནམ་མཁར་མཆོད་ཆོག

ན་ཟླ་ཚོ། གླུ་ཞིག་ལོངས་དང
ཉི་ཟླ་ཟླུམ་པོར་འཚོ་བའམ་ཟླུམ་པོར་འཁོར་བའི་དུས་ཚོད་ཀྱི་མལ་སྟན་སྟེང་དུ
ང་ཚོ་ནི་རྨི་ལམ་ཟུར་གསུམ་རྨིས་མཁན་གྱི་ཐོག་མ་ཡིན
སུས་ཀྱང་མ་བསྐུལ་བའི་གདམ་གསེས་བསམས་ཤིང
ང་ཚོས་ད་དུང་སྐྱོ་ངལ་དང་དམོད་མོའི་ཟུག་གཟེར་དང་ལེན་བྱ་ངེས
ང་ཚོས་ད་དུང་འབུལ་ཕོངས་དང་རང་ཉིད་ལ་བཀའ་དྲིན་ཞུ་ངེས
ན་ཟླ་ཚོ། གླུ་ཞིག་ལོངས་དང༌།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།