སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་སྟེང་དུ།

པུ་ཙེ་དང་པུ་ཙེ་ཕྲད་པ་ལས།
སྤྲོ་སྐྱིད་ཀྱི་བཞད་སྒྲ་སིང་སིང་དུ་སྒྲོག
རྒུན་ཆང་ཁོ་ན།
ཁ་ཁུ་སིམ་པའི་ངང་ཁོང་འདར་ཕྲན་བུ་རྒྱག་བཞིན།
ཁོ་བོའི་མིག་ལ་ཅེར་གྱིས་ལྟ།

མིག་ཆུ་ལྡོག་གཅིག
ཆང་གར་དུ་ཤར་གྱིས་མཆོངས་པ་ན།
རླབས་ཕྲན་ཟླུམ་པོ་འགའ་ཞིག
བགྲང་བྱའི་འཁོར་ལོའི་རིས་དང་འདྲ་བར།
དབུས་ནས་མཐའ་རུ་ཁད་ཀྱིས་འདྲལ་བར་བྱེད།
རླབས་རིས་ཐ་མ་དེའི་དབུས་ནས།
མིག་ཆུས་བརླན་པའི་ལག་ཕྱིས་དམར་བོ་ཞིག
ཆུང་ངུ་ནས་ཆེ་བ།
མོག་པོ་ནས་གསལ་བར་མངོན་བྱུང༌།
ཀྱེ་མ་ཆང་འདི།
ཆང་འདི་ཇི་ལྟར་བཏུང་བར་བཟོད།

བདག་གིས་མིག་ཆུ་དང་འདྲེས་པའི་རྒུན་ཆང་འདིས།
མེ་ཏོག་སྣ་བརྒྱ་བཞད་པའི་ཞིང་ཁམས་དེར།
བསང་གཏོར་འགྲེམ་ལ།
གང་དུ་ལག་ཕྱིས་དམར་བོ་ཉིད་ཟག་པར་གྱུར་བའི་ས་དེ་ག་ནས།
བསྐལ་བཟང་མེ་ཏོག་ཚོམ་བུ་ཞིག
ཅིས་ཀྱང་བཞད་དུ་འཇུག་ངེས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་མཐར་ཕྱིན་པའི་མཉམ་སྤྲོའི་དགུང་ཚོགས་སྟེང་དུ།

2008-11-05 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

པུ་ཙེ་དང་པུ་ཙེ་ཕྲད་པ་ལས།
སྤྲོ་སྐྱིད་ཀྱི་བཞད་སྒྲ་སིང་སིང་དུ་སྒྲོག
རྒུན་ཆང་ཁོ་ན།
ཁ་ཁུ་སིམ་པའི་ངང་ཁོང་འདར་ཕྲན་བུ་རྒྱག་བཞིན།
ཁོ་བོའི་མིག་ལ་ཅེར་གྱིས་ལྟ།

མིག་ཆུ་ལྡོག་གཅིག
ཆང་གར་དུ་ཤར་གྱིས་མཆོངས་པ་ན།
རླབས་ཕྲན་ཟླུམ་པོ་འགའ་ཞིག
བགྲང་བྱའི་འཁོར་ལོའི་རིས་དང་འདྲ་བར།
དབུས་ནས་མཐའ་རུ་ཁད་ཀྱིས་འདྲལ་བར་བྱེད།
རླབས་རིས་ཐ་མ་དེའི་དབུས་ནས།
མིག་ཆུས་བརླན་པའི་ལག་ཕྱིས་དམར་བོ་ཞིག
ཆུང་ངུ་ནས་ཆེ་བ།
མོག་པོ་ནས་གསལ་བར་མངོན་བྱུང༌།
ཀྱེ་མ་ཆང་འདི།
ཆང་འདི་ཇི་ལྟར་བཏུང་བར་བཟོད།

བདག་གིས་མིག་ཆུ་དང་འདྲེས་པའི་རྒུན་ཆང་འདིས།
མེ་ཏོག་སྣ་བརྒྱ་བཞད་པའི་ཞིང་ཁམས་དེར།
བསང་གཏོར་འགྲེམ་ལ།
གང་དུ་ལག་ཕྱིས་དམར་བོ་ཉིད་ཟག་པར་གྱུར་བའི་ས་དེ་ག་ནས།
བསྐལ་བཟང་མེ་ཏོག་ཚོམ་བུ་ཞིག
ཅིས་ཀྱང་བཞད་དུ་འཇུག་ངེས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།