ཁ་བྱང་མེད་པའི་རྩོམ།

སངས་རྒྱས་རྒྱ་མཚོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-02

དབེན་ཐིང་ཐིང་གི་གདོད་མའི་འཇིག་རྟེན་དེ་རུ།
གློ་བུར་བའི་རླུང་འཚུབ་ཅིག་གཡོ་བར་དོགས……
ཀྱེ། གདོང་དམར་བུ།
དུས་རབས་ཀྱིས་དུས་རབས་བདས་ནས་དུས་མཇུག་གི་ཐ་མར་བསྐྱལ་བའི་
སྐད་ཅིག་མ་དེའི་ནང་དུ།
ཁྱེད་ཀྱི་ཀུན་གཞི་ལ་རླུང་གི་སྲོག་རྩ་རྒྱས།
ཡིད་ཀྱི་གདེང་ཚོད་ལག་པའི་མཐིལ་དུ་བླངས་ཏེ།
སྣང་མུན། མཐོ་དམའ། ཆེ་ཆུང……
ཐམས་ཅད་ནས་ཐམས་ཅད་རོ་གཅིག་པའི་དབྱིངས་སུ་གཞུག་པར་རྩོམ།

ནགས་མའི་ཚང་ཚིང་དཀྲུགས་པའི་འུར་སྒྲ་ཡིས།
གནམ་ས་འདར་ཤིག་ཤིག
རི་བྲག་རྨང་ནས་བསྒྱེལ་བའི་ཐལ་འཚུབ་ཀྱིས།
ལྷ་ལམ་མོག་པོར་བསྒྲིབས།
སྟེང་འོག་ཆ་ལང་བརྡབས་པའི་སྟོང་སྒྲ་དེས།
མཁའ་ཡི་གཙོ་གསུམ་ཏིང་འཛིན་གཉིད་ལས་བསླངས།
བསམ་གཏན་བདེ་བས་ཚིམས་པའི་ལྷ་ཕྲུག་དག
བྲེད་ཤ་ཐོན་པའི་མིག་ཟུང་ཆེར་བགྲད་དེ།
ཀེར་བའི་མཛུབ་མོ་གངས་རིའི་གསེབ་ཏུ་གཏད།
"མ་གི་ནི་ཅང་མེད་སྨྱོན་པའི་འཇིག་རྟེན་ཏེ།
སྨྱོན་པས་ཟློས་གར་འཁྲབ་པའི་གནས་རེད"ཟེར།
བདེན་ནོ་ལགས་སོ་ལྷ་ཡི་སྲས།
མིའི་མཚན་ཉིད་དང་བྲལ་བའི་སྨྱོན་པ།
བདག་གཞན་གྱི་དབྱེ་བ་མི་མཁྱེན་པའི་སྨྱོན་པ།
བཙན་གཉོམ་གྱི་དབང་ཐང་མི་ཕྱེད་པའི་སྨྱོན་པ།
དབུལ་ཕྱུག་གི་ཁ་ངོ་མི་རེག་པའི་སྨྱོན་པ།
རྙིང་བར་བླང་དོར་ཤེས་པའི་སྨྱོན་པ།
གསར་བ་དང་ལེན་ཕོད་པའི་སྨྱོན་པ།
ཨ་ཧོ། མིའི་མཚན་ཉིད་ལས་འཕགས་པའི་འཇིག་རྟེན་གྱི་སྨྱོན་པ་ཡ།
སྨྱོན་པའི་འཇིག་རྟེན།
ཁྱོད་དང་ཁྱོད་ཀྱི་འཇིག་རྟེན་དར་བར་སྨོན།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བྱང་མེད་པའི་རྩོམ།

2008-11-02 སངས་རྒྱས་རྒྱ་མཚོ ཀློག་གྲངས། མཆན ཡོད།

དབེན་ཐིང་ཐིང་གི་གདོད་མའི་འཇིག་རྟེན་དེ་རུ།
གློ་བུར་བའི་རླུང་འཚུབ་ཅིག་གཡོ་བར་དོགས……
ཀྱེ། གདོང་དམར་བུ།
དུས་རབས་ཀྱིས་དུས་རབས་བདས་ནས་དུས་མཇུག་གི་ཐ་མར་བསྐྱལ་བའི་
སྐད་ཅིག་མ་དེའི་ནང་དུ།
ཁྱེད་ཀྱི་ཀུན་གཞི་ལ་རླུང་གི་སྲོག་རྩ་རྒྱས།
ཡིད་ཀྱི་གདེང་ཚོད་ལག་པའི་མཐིལ་དུ་བླངས་ཏེ།
སྣང་མུན། མཐོ་དམའ། ཆེ་ཆུང……
ཐམས་ཅད་ནས་ཐམས་ཅད་རོ་གཅིག་པའི་དབྱིངས་སུ་གཞུག་པར་རྩོམ།

ནགས་མའི་ཚང་ཚིང་དཀྲུགས་པའི་འུར་སྒྲ་ཡིས།
གནམ་ས་འདར་ཤིག་ཤིག
རི་བྲག་རྨང་ནས་བསྒྱེལ་བའི་ཐལ་འཚུབ་ཀྱིས།
ལྷ་ལམ་མོག་པོར་བསྒྲིབས།
སྟེང་འོག་ཆ་ལང་བརྡབས་པའི་སྟོང་སྒྲ་དེས།
མཁའ་ཡི་གཙོ་གསུམ་ཏིང་འཛིན་གཉིད་ལས་བསླངས།
བསམ་གཏན་བདེ་བས་ཚིམས་པའི་ལྷ་ཕྲུག་དག
བྲེད་ཤ་ཐོན་པའི་མིག་ཟུང་ཆེར་བགྲད་དེ།
ཀེར་བའི་མཛུབ་མོ་གངས་རིའི་གསེབ་ཏུ་གཏད།
"མ་གི་ནི་ཅང་མེད་སྨྱོན་པའི་འཇིག་རྟེན་ཏེ།
སྨྱོན་པས་ཟློས་གར་འཁྲབ་པའི་གནས་རེད"ཟེར།
བདེན་ནོ་ལགས་སོ་ལྷ་ཡི་སྲས།
མིའི་མཚན་ཉིད་དང་བྲལ་བའི་སྨྱོན་པ།
བདག་གཞན་གྱི་དབྱེ་བ་མི་མཁྱེན་པའི་སྨྱོན་པ།
བཙན་གཉོམ་གྱི་དབང་ཐང་མི་ཕྱེད་པའི་སྨྱོན་པ།
དབུལ་ཕྱུག་གི་ཁ་ངོ་མི་རེག་པའི་སྨྱོན་པ།
རྙིང་བར་བླང་དོར་ཤེས་པའི་སྨྱོན་པ།
གསར་བ་དང་ལེན་ཕོད་པའི་སྨྱོན་པ།
ཨ་ཧོ། མིའི་མཚན་ཉིད་ལས་འཕགས་པའི་འཇིག་རྟེན་གྱི་སྨྱོན་པ་ཡ།
སྨྱོན་པའི་འཇིག་རྟེན།
ཁྱོད་དང་ཁྱོད་ཀྱི་འཇིག་རྟེན་དར་བར་སྨོན།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།