གནའ་བོའི་ཅོང་རྙིང་།

སྨུག་ནག་གི་ཁ་དོག་ལ།
སྲ་མཁྲེགས་ཀྱི་རང་བཞིན་ལྡན་ཞིང༌།
སྲ་མཁྲེགས་ཀྱི་རང་བཞིན་ལས།
ཨུ་ཚུགས་ཀྱི་གཤིས་རྒྱུད་ཅིག་ཀྱང་མཐོང༌།

གནའ་བོའི་གཏམ་རྒྱུད་ཀྱི་རྒྱུན་ཐག་ཅིག་གིས།
ཁྱེད་ཀྱི་བརྗིད་ཉམས་དེ་འཛམ་གླིང་གི་ཏོག་དང༌།
ཁྱེད་ཀྱི་གཟི་མདངས་དེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པར་བཤད་ལ།
ཁྱེད་ཀྱི་ངར་སྐད་ཀྱིས་མི་ཡུལ་ཟིལ་གྱིས་མནན་པར་ཡང་བརྗོད།

རེད་དེ—
འདི་དག་ཐམས་ཅད་ནི་སྔར་བྱུང་གི་གཏམ་རྒྱུད་ཡིན་པ་དང༌།
ལོ་རྒྱུས་ཀྱི་དཔང་བོ་ཞིག་ཏུ་ཡང་ངེས།
ངེས་ཀྱང༌།
དེང་སྐབས་ཁྱེད་ཏིང་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་འདུག་སྟེ།
ཁྱེད་ཀྱིས་སྔར་བྱུང་གི་ལོ་རྒྱུས་རྣམས་ཕྱིར་དྲན་བྱེད་བཞིན་ནམ།
མ་འོངས་པའི་བདེ་སྐྱིད་ལ་སྨོན་ལམ་བྱེད་ཀྱིན་ཡོད།
ངའི་འདྲེན་བྱེད་ཀྱི་སྤྱོད་བྱར་གྱུར་པ་ནི།
ནག་དྲེག་ཆགས་པའི་གནའ་བོའི་ཅོང་རྙིང་ཞིག་ལས།
སྙན་འཇེབས་ཀྱི་ཅོང་སྒྲ་གསར་བ་ཞིག
ཐོས་འཛིན་གྱི་བཅུད་དུ་ཐོབ་པའི་སྐལ་བ་ནི་ཧ་ཅང་ཕྲ།
ཀྱེ་ཀྱེ།
འབྱུང་འགྱུར་གྱི་བདེ་སྐྱིད་དེ་རང་ཤུགས་ལ་བརྟེན་པ་ལས།
སྐྱབས་ཞུ་དང་རེ་འབོད་ཀྱིས་ཅི་ཕན།

ཁྱེད་ཀྱིས་སྲ་མཁྲེགས་ཀྱི་རང་བཞིན་དང་དུ་ལོངས།
ཨུ་ཚུགས་ཀྱི་གཤིས་རྒྱུད་རིང་དུ་དོར།
བཅོས་མིན་གྱི་རང་མདོག་ཕྱི་རུ་ངོམས་དང—
ཁྱེད་ཀྱི་སྙན་འཇེབས་ཀྱི་ངར་སྐད་གསར་བའི་ཆེད་དུ།
ངས་རང་ཉིད་ཀྱི་མགོ་བོ་འདི།
གཏུན—ཤིང—བྱེད—ཀྱང—མོས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་བོའི་ཅོང་རྙིང་།

2008-10-30 དཔའ་རྩེ། ཀློག་གྲངས། མཆན ཡོད།

སྨུག་ནག་གི་ཁ་དོག་ལ།
སྲ་མཁྲེགས་ཀྱི་རང་བཞིན་ལྡན་ཞིང༌།
སྲ་མཁྲེགས་ཀྱི་རང་བཞིན་ལས།
ཨུ་ཚུགས་ཀྱི་གཤིས་རྒྱུད་ཅིག་ཀྱང་མཐོང༌།

གནའ་བོའི་གཏམ་རྒྱུད་ཀྱི་རྒྱུན་ཐག་ཅིག་གིས།
ཁྱེད་ཀྱི་བརྗིད་ཉམས་དེ་འཛམ་གླིང་གི་ཏོག་དང༌།
ཁྱེད་ཀྱི་གཟི་མདངས་དེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པར་བཤད་ལ།
ཁྱེད་ཀྱི་ངར་སྐད་ཀྱིས་མི་ཡུལ་ཟིལ་གྱིས་མནན་པར་ཡང་བརྗོད།

རེད་དེ—
འདི་དག་ཐམས་ཅད་ནི་སྔར་བྱུང་གི་གཏམ་རྒྱུད་ཡིན་པ་དང༌།
ལོ་རྒྱུས་ཀྱི་དཔང་བོ་ཞིག་ཏུ་ཡང་ངེས།
ངེས་ཀྱང༌།
དེང་སྐབས་ཁྱེད་ཏིང་འཛིན་གྱི་བདེ་བ་ལ་སྙོམས་པར་ཞུགས་འདུག་སྟེ།
ཁྱེད་ཀྱིས་སྔར་བྱུང་གི་ལོ་རྒྱུས་རྣམས་ཕྱིར་དྲན་བྱེད་བཞིན་ནམ།
མ་འོངས་པའི་བདེ་སྐྱིད་ལ་སྨོན་ལམ་བྱེད་ཀྱིན་ཡོད།
ངའི་འདྲེན་བྱེད་ཀྱི་སྤྱོད་བྱར་གྱུར་པ་ནི།
ནག་དྲེག་ཆགས་པའི་གནའ་བོའི་ཅོང་རྙིང་ཞིག་ལས།
སྙན་འཇེབས་ཀྱི་ཅོང་སྒྲ་གསར་བ་ཞིག
ཐོས་འཛིན་གྱི་བཅུད་དུ་ཐོབ་པའི་སྐལ་བ་ནི་ཧ་ཅང་ཕྲ།
ཀྱེ་ཀྱེ།
འབྱུང་འགྱུར་གྱི་བདེ་སྐྱིད་དེ་རང་ཤུགས་ལ་བརྟེན་པ་ལས།
སྐྱབས་ཞུ་དང་རེ་འབོད་ཀྱིས་ཅི་ཕན།

ཁྱེད་ཀྱིས་སྲ་མཁྲེགས་ཀྱི་རང་བཞིན་དང་དུ་ལོངས།
ཨུ་ཚུགས་ཀྱི་གཤིས་རྒྱུད་རིང་དུ་དོར།
བཅོས་མིན་གྱི་རང་མདོག་ཕྱི་རུ་ངོམས་དང—
ཁྱེད་ཀྱི་སྙན་འཇེབས་ཀྱི་ངར་སྐད་གསར་བའི་ཆེད་དུ།
ངས་རང་ཉིད་ཀྱི་མགོ་བོ་འདི།
གཏུན—ཤིང—བྱེད—ཀྱང—མོས།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།