ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ།

གཡག་རོག་གི་ཟེ་བ་ཡིས་བཏེགས་པའི་ལོ་རྒྱུས་ཤིག
གནས་འདི་ནས་སྲ་གཟུགས་འཁྱོག་པོར་ཆགས
གཡུང་དྲུང་དམུ་ཐག་གི་སྐས་རྡང་མར་བརྐྱངས་པ་ཡིན་སྲིད་ལ
ལྷ་བབས་མཆོད་རྟེན་གྱི་བང་རིམ་ཡར་བརྩེགས་པའང་ཡིན་སྲིད
གང་ལྟར
རང་བྱུང་གི་གོར་མ་ལ་གཟོང་ཁ་དང་བོ་སྐོར་ཉེས་ཤིག་གིས
ཁྱོད་ཀྱི་ལས་དབང་དེ་རྡོག་འོག་འབའ་ཞིག་ཏུ་བསྐྱལ
དམག་རྟའི་རྨིག་པ་ཡིས་བྲང་ཁོག་བརྡུངས་པས
ཁྱོད་ཀྱི་ལ་རྒྱ་དང་ང་རྒྱལ་ཡང་ཡང་བསླངས་མོད
གཙུག་ལག་ཁང་གི་དུང་སྒྲ་རིང་བོ་དེས
ཁྱོད་ལ་ཏིང་འཛིན་གྱི་དྲན་སྐུལ་བྱས
དུས་ཀྱི་རླུང་སྤྲིན་རྦ་རླབས་སུ་ཁོལ་བས
ཁྱོད་ཀྱི་མགོ་བོ་སྔས་ལས་བསླངས་ཀྱང
དར་ལྕོག་རླུང་གིས་རྡེབ་པའི་སྒྲ་བསྟུད་མར་སྒྲོག་པ་ཡིས
ཁྱོད་རང་སླར་ཡང་རྨི་ལམ་གྱི་ཞིང་དུ་སྐྱེལ
དེ་ལྟ་ནའང 
ཟུངས་ཁྲག་འཛག་བཞིན་པའི་རྐང་མཐིལ་གྱི་སེར་ཁ་དེས
ཁྱོད་ཀྱི་ལུས་ལ་བསླན་ཚེ
ཁྱོད་ལ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་སྐྱེད་ཅིང་
ཁྱོད་ཀྱི་ལུས་ནས་ལྡང་བའི་རྔུལ་ནག་གི་རླངས་པ་ཡིས
མཁའ་དབྱིངས་སུ་འབྲི་བཞིན་པའི་བདེ་སྐྱིད་ཀྱི་བཟོ་བཀོད་དེ
ནམ་ཡང་མཚམས་བཞག་མ་མྱོང

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ།

2008-11-25 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

གཡག་རོག་གི་ཟེ་བ་ཡིས་བཏེགས་པའི་ལོ་རྒྱུས་ཤིག
གནས་འདི་ནས་སྲ་གཟུགས་འཁྱོག་པོར་ཆགས
གཡུང་དྲུང་དམུ་ཐག་གི་སྐས་རྡང་མར་བརྐྱངས་པ་ཡིན་སྲིད་ལ
ལྷ་བབས་མཆོད་རྟེན་གྱི་བང་རིམ་ཡར་བརྩེགས་པའང་ཡིན་སྲིད
གང་ལྟར
རང་བྱུང་གི་གོར་མ་ལ་གཟོང་ཁ་དང་བོ་སྐོར་ཉེས་ཤིག་གིས
ཁྱོད་ཀྱི་ལས་དབང་དེ་རྡོག་འོག་འབའ་ཞིག་ཏུ་བསྐྱལ
དམག་རྟའི་རྨིག་པ་ཡིས་བྲང་ཁོག་བརྡུངས་པས
ཁྱོད་ཀྱི་ལ་རྒྱ་དང་ང་རྒྱལ་ཡང་ཡང་བསླངས་མོད
གཙུག་ལག་ཁང་གི་དུང་སྒྲ་རིང་བོ་དེས
ཁྱོད་ལ་ཏིང་འཛིན་གྱི་དྲན་སྐུལ་བྱས
དུས་ཀྱི་རླུང་སྤྲིན་རྦ་རླབས་སུ་ཁོལ་བས
ཁྱོད་ཀྱི་མགོ་བོ་སྔས་ལས་བསླངས་ཀྱང
དར་ལྕོག་རླུང་གིས་རྡེབ་པའི་སྒྲ་བསྟུད་མར་སྒྲོག་པ་ཡིས
ཁྱོད་རང་སླར་ཡང་རྨི་ལམ་གྱི་ཞིང་དུ་སྐྱེལ
དེ་ལྟ་ནའང 
ཟུངས་ཁྲག་འཛག་བཞིན་པའི་རྐང་མཐིལ་གྱི་སེར་ཁ་དེས
ཁྱོད་ཀྱི་ལུས་ལ་བསླན་ཚེ
ཁྱོད་ལ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་སྐྱེད་ཅིང་
ཁྱོད་ཀྱི་ལུས་ནས་ལྡང་བའི་རྔུལ་ནག་གི་རླངས་པ་ཡིས
མཁའ་དབྱིངས་སུ་འབྲི་བཞིན་པའི་བདེ་སྐྱིད་ཀྱི་བཟོ་བཀོད་དེ
ནམ་ཡང་མཚམས་བཞག་མ་མྱོང

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།