ཐབ་ཚང་གི་ཟིན་ཐོ།(ཚན་པ་བཞི)

           ཆུ།
དྲན་པ་དེ།
སྦུབས་ལྕེ་ནས
ཤག་ཤག་ཏུ་འབབ་དུས
ནར་ནར་དུ་འབབ་དུས
དྭངས་གཙང་གིས་འབབ་དུས
རོ་དང་དྲི་མས་འབབ་དུས
ཆུ་ཡི་ལག་པ་ཁྱོད་ཀྱི་ལག་པར་འཁྱུད
ཆུ་ཡི་ལག་པས་གཟུགས་པོ་འཁྲུད་ཀྱིན་པའི
ཡོ་ཆས་རྣམས་ལ་བྱིལ་བྱིལ་གཏོང
ཁྱོད་ལ་ཐག་རིང་དེ་བརྗེད་རོགས་བྱེད

            ཐབ་མེ།
ཐག་སྒྲ་དང་བཅས་ཏེ་མེ་དེ་འབར་ཡོང
ཐག་སྒྲ་དང་བཅས་ཏེ་མེ་དེ་བཙལ་ས་མེད
བློ་མིག་རགས་ནས་མ་མཐོང་བ་ལས
མེ་དེ   ཐོག་མ་ནས་དེ་རུ་ཡོད་འོས
སྐྱེ་འཆིས་མི་ཁོག་པའི་བརྩེ་དུང་ཇི་བཞིན

           ཚལ་སླེ།
ཚོད་དཀར་ཁྱོད
སྨད་གཡོག་ལྗང་གུ་གྱོན་པའི་ཚོ་སྟུག་མ
ད་ཡར་ལོངས་དང་བརྩེ་དུང་གི་སྤུ་གྲིས་སྒུག་ཡོད

ས་ནག་གི་མཚེའུ་ལས་བཟུང་བའི
ཞོག་ཁོག་གི་ཉ་མོ  ལུས་ཀྱི་དོང་རྐོ་དེ་ཚོ
དྲན་གདུང་གི་ཁྲབ་ཡིན་ནམ་གྱེས་བྲལ་གྱི་རྨ་ཁ་ཡིན
འཇིག་སླ་བའི་སྲན་ཞོ་གྲུ་བཞི
མེ་ཡིས་མི་ཞུ་བའི་རྐང་མར
ཆུ་ཡིས་མི་བརྟོལ་བའི་སྤྲིན་ཕུང
འདང་རེ་བརྒྱབ་ན
འུ་གཉིས་ཀྱི་གཤིབ་ཀ་དེར་འདྲ་ས་ཞིག་འདུག

ཁ་རི་ཁ་ཐུག་གི་སྲོ་ལོ་སྔོན་པོ
མུན་ནག་ནང་གཉིད་པར་སྤྲོ་བའི་བ་དམ་མཚེ་མ
ཕར་ནུར་ཙམ་བྱོས་དང་ཁྱིམ་མཚེས་རྣམས
ང་ཡང་ཚོམས་ཁང་ཀླད་སྟོང་འདིའི་ནང་དུ་འཛུལ་འདོད

འོན་ཀྱང   ང་ཚོ་སྔ་གཞུག་ཏུ་ཤི་འགྲོ
ངའི་རྒྱབ་ལའང་གཏུབ་གྲི་ཆེན་པོ་ཞིག་འཕྱར་འདུག

            ཚལ་གཏུབ་པ།
ང་རང་དྲི་དེ་རྣོ་ལ་དགའ
འོན་ཀྱང་དམར་གསོད་ལ་སྐྲག་གི

ང་རང་ཉལ་ཁྲི་བདེ་ལ་དགའ
དེ་བས་གཏུབ་དུས་དལ་ཙམ་བྱོས

ང་རང་འདུ་དང་བྲལ་བར་གོམས
དེ་བསང་ཞིབ་ཙམ་འཐག་རོགས་མཛོད

                    ༤.༡༤ཉིན་པེ་ཅིང་དུ།
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐབ་ཚང་གི་ཟིན་ཐོ།(ཚན་པ་བཞི)

2008-11-25 ལྗང་བུ། ཀློག་གྲངས། མཆན ཡོད།

           ཆུ།
དྲན་པ་དེ།
སྦུབས་ལྕེ་ནས
ཤག་ཤག་ཏུ་འབབ་དུས
ནར་ནར་དུ་འབབ་དུས
དྭངས་གཙང་གིས་འབབ་དུས
རོ་དང་དྲི་མས་འབབ་དུས
ཆུ་ཡི་ལག་པ་ཁྱོད་ཀྱི་ལག་པར་འཁྱུད
ཆུ་ཡི་ལག་པས་གཟུགས་པོ་འཁྲུད་ཀྱིན་པའི
ཡོ་ཆས་རྣམས་ལ་བྱིལ་བྱིལ་གཏོང
ཁྱོད་ལ་ཐག་རིང་དེ་བརྗེད་རོགས་བྱེད

            ཐབ་མེ།
ཐག་སྒྲ་དང་བཅས་ཏེ་མེ་དེ་འབར་ཡོང
ཐག་སྒྲ་དང་བཅས་ཏེ་མེ་དེ་བཙལ་ས་མེད
བློ་མིག་རགས་ནས་མ་མཐོང་བ་ལས
མེ་དེ   ཐོག་མ་ནས་དེ་རུ་ཡོད་འོས
སྐྱེ་འཆིས་མི་ཁོག་པའི་བརྩེ་དུང་ཇི་བཞིན

           ཚལ་སླེ།
ཚོད་དཀར་ཁྱོད
སྨད་གཡོག་ལྗང་གུ་གྱོན་པའི་ཚོ་སྟུག་མ
ད་ཡར་ལོངས་དང་བརྩེ་དུང་གི་སྤུ་གྲིས་སྒུག་ཡོད

ས་ནག་གི་མཚེའུ་ལས་བཟུང་བའི
ཞོག་ཁོག་གི་ཉ་མོ  ལུས་ཀྱི་དོང་རྐོ་དེ་ཚོ
དྲན་གདུང་གི་ཁྲབ་ཡིན་ནམ་གྱེས་བྲལ་གྱི་རྨ་ཁ་ཡིན
འཇིག་སླ་བའི་སྲན་ཞོ་གྲུ་བཞི
མེ་ཡིས་མི་ཞུ་བའི་རྐང་མར
ཆུ་ཡིས་མི་བརྟོལ་བའི་སྤྲིན་ཕུང
འདང་རེ་བརྒྱབ་ན
འུ་གཉིས་ཀྱི་གཤིབ་ཀ་དེར་འདྲ་ས་ཞིག་འདུག

ཁ་རི་ཁ་ཐུག་གི་སྲོ་ལོ་སྔོན་པོ
མུན་ནག་ནང་གཉིད་པར་སྤྲོ་བའི་བ་དམ་མཚེ་མ
ཕར་ནུར་ཙམ་བྱོས་དང་ཁྱིམ་མཚེས་རྣམས
ང་ཡང་ཚོམས་ཁང་ཀླད་སྟོང་འདིའི་ནང་དུ་འཛུལ་འདོད

འོན་ཀྱང   ང་ཚོ་སྔ་གཞུག་ཏུ་ཤི་འགྲོ
ངའི་རྒྱབ་ལའང་གཏུབ་གྲི་ཆེན་པོ་ཞིག་འཕྱར་འདུག

            ཚལ་གཏུབ་པ།
ང་རང་དྲི་དེ་རྣོ་ལ་དགའ
འོན་ཀྱང་དམར་གསོད་ལ་སྐྲག་གི

ང་རང་ཉལ་ཁྲི་བདེ་ལ་དགའ
དེ་བས་གཏུབ་དུས་དལ་ཙམ་བྱོས

ང་རང་འདུ་དང་བྲལ་བར་གོམས
དེ་བསང་ཞིབ་ཙམ་འཐག་རོགས་མཛོད

                    ༤.༡༤ཉིན་པེ་ཅིང་དུ།
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།