ཁྱོད་ཀྱི་ཡི་གེ

ཁྱོད་ཀྱི་ཡི་གེས་ངའི་ཁ་དན་ལ་ཚེར་མའི་མེ་ཏོག་བཏབ
ཤིན་ཏུ་དམའ་བའི་སྤྲིན་དཀར་གྱི་མཐའ་ནས
འཇིག་རྟེན་འདི་མིག་ཆུ་རྡོག་གཅིག་གི་དོན་དུ་ངུས

ང་ལ་དར་ཁ་འགྲིག་པས་སྨིན་དྲུག་གིས་ཕྱི་མིག་མ་བལྟས
འབྲོང་དང་ཤྭ་རྐྱང་འདྲོག་པའི་རྨིག་སྒྲས
ངའི་རླུང་རྟའི་དབུགས་དབྱུང་ཐག་རིང་ཐག་རིང་ལ་ཁྱེར
ངའི་ཤ་ཁྱི
མིག་ཟུང་ཇི་འདྲའི་སྒོར་ཡང་ལས་དབང་ནི་ཟུར་གསུམ་མ
རང་གི་ཟུར་མཐའ་ལ་འགྲེང་ནས་རང་ཉིད་ལ་རྒྱང་ལྟ་བྱེད་རྒྱུ་བདག་གིས་བཏོད

གུ་དོག་གི་སེམས་པས་བྲག་རི་དང་ནམ་མཁའི་བར་སྣང་ཕྱེས
དམོད་མོ་ཡོད་ཚད་ལ་མཉེན་འཇམ་ལྡན་པའི་མཆུ་རེ་སྦྱར
ངས་རང་ཉིད་ལྐོག་འཚོང་བྱས

ཁྱོད་ཀྱི་འོ་འཛིན་བདག་གི་མེ་རི་ལགས
ཁྱོད་ཀྱི་ཡི་གེ
རྫ་སྒང་གི་ཨ་མ་དང་རྐང་ལམ་ཕྲ་མོ
རྣམ་ཀུན་དྲན་པར་གསལ་ཅིང
དབུ་ཁྱུད་ཡིན་ལ་རྫོགས་ཚིག་ཡིན་པའི་ང་རང
ཁ་དོག་མེད་པའི་རྡེའུ་གཅིག་བར་སྣང་ན་ཉེན་ཁས་འཚེར

ཞག་གང་བོར
ངས་མྱ་ངམ་ཐང་གི་གསེར་མདོག་ལས་རང་ལ་ཐེམ་པའི་
སྟོན་ཁ་བཏུས
ངས་ཁེ་དབང་གི་བདག་པོར
སྒྱུ་རྩལ་ལ་ཕངས་མེད་དགོས་པའི་སྐོར་ཡང་མ་བཤད
ཀུན་གྱིས་སྒེའུ་ཡོལ་འཐེན་ཚར་དུས
མཚོ་སྐྱེས་བྱི་རུ་འདྲ་བའི་རྨི་ལམ་ཞིག་བཞག་སྟེ
སྔར་འོངས་སའི་གནས་སུ་ལོག་རན

སྨེ་བདུན་གྱིས་ཁ་མ་གྲག་པར
སྐྱེས་པ་གཅིག་ཁ་རོག་གེར་གླེང་དུས
ལོ་འདབ་མེད་པའི་མིག་ཆུ་ལས་འགྲམ་དར་ཉིལ


 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་ཡི་གེ

2008-11-25 སྨན་བླ་སྐྱབས། ཀློག་གྲངས། མཆན ཡོད།

ཁྱོད་ཀྱི་ཡི་གེས་ངའི་ཁ་དན་ལ་ཚེར་མའི་མེ་ཏོག་བཏབ
ཤིན་ཏུ་དམའ་བའི་སྤྲིན་དཀར་གྱི་མཐའ་ནས
འཇིག་རྟེན་འདི་མིག་ཆུ་རྡོག་གཅིག་གི་དོན་དུ་ངུས

ང་ལ་དར་ཁ་འགྲིག་པས་སྨིན་དྲུག་གིས་ཕྱི་མིག་མ་བལྟས
འབྲོང་དང་ཤྭ་རྐྱང་འདྲོག་པའི་རྨིག་སྒྲས
ངའི་རླུང་རྟའི་དབུགས་དབྱུང་ཐག་རིང་ཐག་རིང་ལ་ཁྱེར
ངའི་ཤ་ཁྱི
མིག་ཟུང་ཇི་འདྲའི་སྒོར་ཡང་ལས་དབང་ནི་ཟུར་གསུམ་མ
རང་གི་ཟུར་མཐའ་ལ་འགྲེང་ནས་རང་ཉིད་ལ་རྒྱང་ལྟ་བྱེད་རྒྱུ་བདག་གིས་བཏོད

གུ་དོག་གི་སེམས་པས་བྲག་རི་དང་ནམ་མཁའི་བར་སྣང་ཕྱེས
དམོད་མོ་ཡོད་ཚད་ལ་མཉེན་འཇམ་ལྡན་པའི་མཆུ་རེ་སྦྱར
ངས་རང་ཉིད་ལྐོག་འཚོང་བྱས

ཁྱོད་ཀྱི་འོ་འཛིན་བདག་གི་མེ་རི་ལགས
ཁྱོད་ཀྱི་ཡི་གེ
རྫ་སྒང་གི་ཨ་མ་དང་རྐང་ལམ་ཕྲ་མོ
རྣམ་ཀུན་དྲན་པར་གསལ་ཅིང
དབུ་ཁྱུད་ཡིན་ལ་རྫོགས་ཚིག་ཡིན་པའི་ང་རང
ཁ་དོག་མེད་པའི་རྡེའུ་གཅིག་བར་སྣང་ན་ཉེན་ཁས་འཚེར

ཞག་གང་བོར
ངས་མྱ་ངམ་ཐང་གི་གསེར་མདོག་ལས་རང་ལ་ཐེམ་པའི་
སྟོན་ཁ་བཏུས
ངས་ཁེ་དབང་གི་བདག་པོར
སྒྱུ་རྩལ་ལ་ཕངས་མེད་དགོས་པའི་སྐོར་ཡང་མ་བཤད
ཀུན་གྱིས་སྒེའུ་ཡོལ་འཐེན་ཚར་དུས
མཚོ་སྐྱེས་བྱི་རུ་འདྲ་བའི་རྨི་ལམ་ཞིག་བཞག་སྟེ
སྔར་འོངས་སའི་གནས་སུ་ལོག་རན

སྨེ་བདུན་གྱིས་ཁ་མ་གྲག་པར
སྐྱེས་པ་གཅིག་ཁ་རོག་གེར་གླེང་དུས
ལོ་འདབ་མེད་པའི་མིག་ཆུ་ལས་འགྲམ་དར་ཉིལ


 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།