འཕུར་འདོད་དུས།(སྙན་ཚོམ)

            ཉིན་གུང་གི་རང་གཟུགས།

དེ་རིང་གི་ཉིན་གུང༌།
ཡོད་ཚད་ཧ་ཅང་རྒྱུན་ལྡན་ཡིན།
ཐོབ་ཤོར་དང་སྤྲོ་དགའ་གང་ཡིན་རུང༌།
ཉིན་གུང་གི་ཉི་འོད་ངོགས་སུ།
ད་གཟོད་དེ་འདྲའི་ལྷིང་འཇགས་ངང་བཞུར་ཆོག

རླུང་བུ་འཇམ་པོ་ཞིག་ཁྱོད་ཀྱི་འཛུམ་དཀར་བཞིན་འཕུར་འོང་ཞིང༌།
བསམ་ཡན་འཁྱམ་པོ་ཞིག་གློ་བུར་གློ་བུར་དུ་རྒྱང་ལ་བྲོས་པས།
ཉིན་གུང་རྟའི་དུས་སུ། ངས་འདི་ལྟར་དལ་དལ་སྒོས།
སྒོ་འགྲམ་དུ། ཉི་མར་ལྡེ་བཞིན་ཇ་རེ་འཐུང་ཞོར།
རང་སེམས་ཀྱི་སྒོ་མོ་ཡོད་ཚད་བརྒྱབ་རྗེས།
འཇིག་རྟེན་རང་དང་འབྲེལ་བ་ཡོད་མེད་སྐོར་ལ་བསམ་བློ་བཏང༌།

དེ་རིང་ཉིན་གུང༌།
ནམ་རྒྱུན་དང་འདྲ་བར། ང་རང༌།
སྨྱུ་གུ་བཟུང་ནས་ཅི་ཞིག་འབྲི་རྩིས་ཀྱི་སྟ་གོན་ལ་བྲེལ་ཞིང༌།
ཞེན་ཆགས་ཅི་ཡང་མེད་པ་ནང་བཞིན་འཕུར་བསམ་ནས།
གཤོག་པ་རྡེབ་རྡེབ་བྱེད་པའི་ངང་ཚུལ་ཇི་འདྲའི་ཡི་གར་འོང༌།
ཇི་འདྲའི་སྙིང་རེ་རྗེ།

ཉི་འོད་ཀྱི་རྦབ་ཆུ་འོག་ཏུ།
ངས་རང་སེམས་ལ་དཔུང་འཇུག་བྱེད་པའི་དུས་མཚུངས་སུ།
ཞོགས་པ་དང་མཚན་མོ་རེ་རེའི་ལྗིད་ཚད་གཞལ་ཞིང༌།
ཉིན་གུང་གི་ཉི་འོད་ནི།
སྐྱོག་མཚམས་ཤིག་ཏུ་འགྲེང་བའི་མཆོད་རྟེན་ཡིན་པ་ཚོར་དུས།
རང་ཉིད་ཀྱང་མཆོད་རྟེན་དང་མཆོད་རྟེན་གྱི་གྲིབ་མ་ཡིན་པ་རྟོགས།

དེ་རིང་ཉིན་གུང༌།
ང་རང༌། ཕྱིར་ལོག་རྩིས་ཀྱི་གྲ་སྒྲིག་མེད་ལ།
མུ་མཐུད་མདུན་དུ་བསྐྱོད་རྒྱུའི་འདོད་བློ་ཡང་སྤངས་རྗེས།
དེ་ལྟར། དལ་དལ་སྒོས།
དྲན་མི་འོས་པ་མང་པོ་ཞིག་ལ་ཞིབ་འདང་བརྒྱབ།
19996.11.11

          ཁྱོད་དྲན་པའི་ངང་ཚུལ་ཅི་འདྲའི་སྙིང་རེ་རྗེ།

ས་སྲོད་ཀྱི་སྤྲིན་པ་ལྗིད་པོ།
ཁོ་བོའི་སེམས་ཁམས་འདྲ།
ཁྱོད་གདོང་གི་སྐར་ཆེན་ཟུང་དྲན་ནས།
ངས་རང་སེམས་ལ།
རྟོག་བཏགས་འདྲ་བའི་ཁྱོད་ཀྱི་མཚན་མོ་བཞེངས།
བློས་བསླངས་ཁྲོད། ཁྱོད་ཀྱི་མཆོད་རྟེན་སྔོན་ནས་ཉིལ་ཚར་ཞིང༌།
བྲག་ཅའི་མཚོ་མོའི་ལྡེབས་སུ། ད་དུང༌།
ལྗང་མདོག་གི་གཡོར་གྲུ་ཆུང་ངུ་ཞིག་འཁོར་ཚར།

ཉིན་དང་མཚན་ལ།
ཁྱོད་དྲན་པའི་ཉིན་དང་མཚན་ལ།
ངས་དུས་ཚོད་དང་དྲན་པའི་སྔ་རོལ་དུ།
ཉི་འོད་འདྲ་བའི་ཁྱོད་ཀྱི་འཛུམ་ཟེར་ལ་སྒུག་བཞིན།
སིལ་ཏོག་འདྲ་བའི་ཁྱོད་ཀྱི་བརྩེ་འདང་ལ་རེ་བསྡད།

སྟོན་རླུང་བསིལ་བསིལ། ཁེར་རྐྱང་གི་དྲན་སྣང་བཞིན།
ངའི་ལྷིང་འཇགས་ཀྱི་འཇིག་རྟེན་དུ་བཞུར་ཡོང༌།
རྒྱུས་ཡོད་ཀྱི་ཁྱོད། ད་ལྟ་གབ་ཚིག་ཅིག་དང་འདྲའམ།
ངས་ཕྱོགས་བཞི་རུ་རྒྱང་བལྟ་ཡུན་རིང་མཛད་རྗེས།
རང་གི་ཨམ་ཕྲག་དང་སེམས་ཁོང་དུ་ལག་ཉོབ་ཐེངས་མང་བྱས།

མདང་ནུབ་ཀྱི་ཞག་ཆར་དེའི་རྒྱུན་དེ་འདྲའི་མི་རིང་རྒྱུ་ན།
ངས་ཁྱོད་དྲན་པའི་སྤང་ཐང་ལ་ལྷན་པ་ཅི་ལ་བཟོ།

གནམ་རྒན་མ།

                         1996.9.23

                 ཉིན་ཞིག་ལ།

ཉིན་ཞིག་ལ། ང་རང་རང་སེམས་ཀྱི་བྲག་རོང་ལ་མཆོངས་ནས།
རང་ཉིད་ཀྱི་འདོད་འདུན་ཡོད་ཚད་རྩ་ནས་འདོར་སྲིད།
མེ་ཏོག་དང་རྩྭ་ལྗང་ཉི་འོད་ཀྱི་བརྩེ་འདུན་ཟབ་ས་ནས།
ཉིན་ཞིག་ལ། ངས་རང་ཉིད་ཀྱི་སྙན་ངག་གི་ལུག་ཁྱུ་དེད་ནས།
ཁྱོད་སེམས་ཀྱི་སྤང་ལྗོངས་ངོགས་སུ་བག་ཡེངས་ངང་འཚོ་སྲིད།
ཉིན་ཞིག་ལ། ང་རང་ཕ་མཐའ་ཡི་ཕ་མཐའ་ནས་ཕྱིར་ལྷགས་དུས།
རང་ཉིད་སྨྲ་བ་ཉུང་བའི་འགྲུལ་བཞུད་པ་ཞིག་གི་ཚུལ་དུ།
ཁྱོད་ཡིད་ཀྱི་གྲོང་ཁྱེར་ཀློང་དུ་རྡོག་སྒྲ་ཞིག་གསལ་བོར་འགོད་ངེས།
ཁེས་འཆོས་དང་བློས་བསླངས་གསར་བའི་དུས་ཚིགས་ནང༌།
ཉིད་ཞིག་ལ། ངས་གྲགས་མེད་ཚོད་མེད་སྒོས།
ཁྱོད་ཀྱི་རྒྱབ་གཞུང་དུ་ཟུར་མིག་གི་མདའ་མོ་ཞིག་འཕེན་སྲིད།
སྒྲོ་འདོགས་དང་འུར་བསྟོད་མང་པོའི་དུས་རབས་འདིར།
ཐེ་ཚོམ་དང་ལྐོག་གཡོས་ཁེངས་པའི་དུས་རབས་འདིར།
ཉིན་ཞིག་ལ། ཁྱོད་ཀྱིས་མྱི་ཁ་མང་པོ་ལྗིད་ཏིག་གེར་འདྲུད་ཀྱིན།
ང་ཕྱོགས་སུ་མགོ་སྒུར་ནས་ཡོང་དུས།  ངས་ཁྱོད་ལ།
ཤིང་ཁང་ཆུང་ཆུང་དང་མཛའ་གཞས་སྙན་མོ་སྒྲུག་ནས་འདུག
ཉིན་ཞིག་ལ། ཁྱོད་ལ་སྤྲོ་སྡུག་དང་ཐོབ་ཤོར་ཅི་ཡང་མེད་པར།
ཁྱོད་ལ་དགའ་དགོད་དང་རྡོག་ཁྲེ་ཅི་ཡང་མེད་པར།
རྒྱང་ཐག་རིང་བའི་ང་རང་བསྙེག་འོང་དུས། ངས་ཁྱོད་དང་མཉམདུ།
བརྩེ་དུང་གི་འགྲུལ་བཞུད་རིང་མོ་ཞིག་རྐང་ཐང་གིས་འཇལ་སྲིད།
1997.1.24

               འཕུར་འདོད་དུས།

འཕུར་འདོད་དུས། གཤོག་པ་ཕ་གིའི་བྲག་རྡོ་ལ་ཐོགས་ཡོད་པ་ཤེས།
དྲན་པ་ཁྱོད་སེམས་ཁང་པའི་ནང་འཛུལ་ཡོད་པ་རྟོགས།
འཕུར་འདོད་དུས། མཐོང་ལམ་ན་སྨུག་པ་གྱ་གྱུར་གཡོ་ཞིང༌།
འཕུར་འདོད་དུས། ཆགས་ཞེན་ཡོད་ཚད་ཁྱོད་ཁོ་ན་ཡིན།
འཇིག་རྟེན་ཁམས་འདི་ནས། འཕུར་འདོད་རུང༌།
འཕུར་དགོས་པའི་ཆོས་ཉིད་ཇི་འདྲའི་གསལ་རུང༌།
དྲན་པ་ལ་ལྕགས་འཛེར་འདེབས་མཁས་ཀྱི་བུ་མོ་ཞིག
ང་ནམ་ཡང་འཕུར་མི་ཐུབ་པའི་རྒྱུ་རྐྱེན་ཉག་གཅིག་ཡིན།
འཕུར་འདོད་དུས། ཆོས་ཉིད་ཡོད་ཚད་སྲ་ཞིང་མཁྲེགས་པ།
གྲམ་གཞུང་གི་གོར་མ་རྡོ་དང་འདྲ་ཞིང༌། འཕུར་འདོད་དུས།
ཐེ་ཚོམ་དང་ལྐོང་གཡོའི་མིག་མདངས་འཕྲེད་མར་བསྣོལ་ནས།
ངའི་སྒྲོ་གཤོག་དང་བཅས་པ་རྨང་ནས་བསྲེགས་བྱུང༌།
འཕུར་འདོད་དུས། ཕྱི་རོལ་གྱི་ཡུལ་ལྗོངས་མཛེས་ཤིང་སྡུག་ལ།
འཕུར་འདོད་དུས། ཕ་རོལ་གྱི་ནམ་མཁར་སྤྲིན་པ་འཁྱུག་འདུག
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕུར་འདོད་དུས།(སྙན་ཚོམ)

2008-11-24 གེ་སར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།