སྲོག་ཆགས་ཀྱི་གཏམ་རྒྱུད་ཁག་གསུམ།

               ལུ་གུ
                                 འོ་མ་སྟེར་མཁན་ཐམས་ཅད་ཨ་མ་ཡིན། 
                                                         —རྒྱ་ནག་གི་གཏམ་དཔེ།
ཁྱོད་སྐྱེས་པའི་ཉིན་དེའི་ཞོགས་པར
སྤྱང་མོ་ཞིག་མངོན་སུམ་འཛེམ་མེད་ངང་འོངས་ཏེ
མངོན་སུམ་འཛེམ་མེད་ངང་ཁྱེད་ཀྱི་ཨ་མ་ཟོས་སོང
སྤྱང་མོ་དེ་ཡང་ཨ་མ་ཞིག་ཡིན་མྱོང་པས་ན
སྤྱང་མོས་རང་གི་འོ་མས་ཁྱོད་རང་གསོ་སྐྱོང་བྱས
མ་འོངས་པར་ཁྱོད་ནི་སྤྱང་ཀི་ཡིན་ནམ་ལུག་ཡིན
ཡང་ན་སྲོག་ཆགས་རིགས་གསར་པ་ཞིག་ཡིན་ནམ
རང་གི་རིགས་སུ་གྱུར་པའང་ཁྱོད་ཀྱིས་བཟའ་ཨེ་སྲིད

         དེ་ཕོ་དང་ཁྱིམ་བྱ།
དེ་ཕོ་དེ་གངས་རིའི་ཁྲོད་དུ་ལོ་མང་པོར་བསྡད
ཁྱིམ་བྱ་ཞིག་གིས་གདན་འདྲེན་ཞུས་ངོར
ཉིན་ཞིག་ལ  དེ་ཕོ་ཁོ་གྲོང་བརྡལ་དུ་སླེབས
དེ་ཕོས་བཤད་རྒྱུར  ངེད་གཉིས་ཁ་ཟས་འཚོལ་བར་འགྲོ
ཁྱིམ་བྱ་གད་མོ་ཤོར་སོང  ཁྱིམ་བྱ་ན་རེ
བདག་པོས་ཟས་ལྷག་དག་སྟེར་གི་རེད་ཟེར
དེ་ཕོས་བཤད་རྒྱུར  ང་གཉིས་ཉལ་ས་འཚོལ་བར་འགྲོ
ཁྱིམ་བྱ་གད་མོ་ཤོར་སོང   བདག་པོས་བཟོས་ཚར་ཡོད་རེད
དེ་ཕོས་འོ་ན་ངེད་གཉིས་འཆམ་འཆམ་ལ་འགྲོ་ཟེར
ཁྱིམ་བྱ་ན་རེ  དེ་འདྲ་ཡོང་གི་མ་རེད
བདག་པོས་གཤེ་གཤེ་གཏོང་གི་རེད་ཟེར
དེ་ཕོས་འོ་ན་ངེད་གཉིས་གླུ་ལེན་གར་རྩེད་བྱའོ་ཟེར
ཁྱིམ་བྱ་ན་རེ  བདག་པོར་ཆོག་མཆན་ཞུ་དགོས་གི་རེད་ཟེར
དེ་ཕོས་འོ་ན་ངེད་གཉིས་ཅི་ཞིག་བྱས་ན་དགའ་ཟེར
ཁྱིམ་བྱས   དེ་ལ་ང་གཉིས་བསམ་བློ་གཏོང་དགོས་མ་རེད
བདག་པོས་སྔ་མོ་ནས་ཇུས་བཀོད་བྱས་ཚར་ཡོད་རེད་ཟེར
དེ་ཕོ་ན་རེ   འོ་ན་བདག་པོ་དེ་གང་ན་ཡོད་རེད་ཟེར
དེ་ནི་ག་ས་ག་རུ་ཡོན་རེད  ཁོ་མ་སླེབས་པའི་གནས་ཡོད་མ་རེད
ཁྱིམ་བྱས་ཞེད་སྣང་དང་བཅས་སྐད་དམའ་མོས་དེ་ལྟར་བཤད
དེ་ཕོས  འོ་ན་ཁྱོད་ཀྱི་བདག་པོ་དེ་ང་ལ་སྟོན་རོགས་ཞུ་ཟེར
ཁྱིམ་བྱས་ཐག་རིང་གི་རྩྭ་གླག་ཅིག་ལ་ལྐོག་མཛུབ་བསྟན
ཞིབ་ཏུ་བལྟས་དུས་རྩྭ་གླག་གི་སྡེར་མོ་ཁྲག་གིས་སྦགས་ཡོད
རྩྭ་གླག་གིས་ཁྱིམ་བྱ་མོ་ཞིག་གི་བརླ་ཤ་ཟ་བཞིན་པའི་སྒང་རེད
དེ་ཕོ་ཡ་མཚན་པའི་ངང   ཕ་གིས   ཕ་གིས
ཁྱོད་ཀྱི་རིགས་སུ་གྱུར་པ་དག་ཟ་བཞིན་འདུག་ཟེར
ཁྱིམ་བྱས་ཧ་ཅང་གདེང་ཚོད་ཡོད་པའི་ཚུལ་གྱིས་བཤད་རྒྱུར
ཁོ་ཚོ་ནི་ཁ་ལ་ཉན་པོ་མེད་པའི་ཆེས་ཉུང་ཤས་ཀྱི་རིགས་དེ་རེད
དེ་ཕོས  མཐའ་འཁོར་གྱི་ཁྱིམ་བྱ་གྲངས་མེད་ཀྱི་རོ་དེ་ཅི་རེད་ཟེར
ཁྱིམ་བྱས་བསམ་བློ་ཞིག་གཏོང་ཁུལ་བྱས་རྗེས
དེ་ནི་རང་བྱུང་གནོད་འཚེས་བཟོས་པའི་མཇུག་འབྲས་རེད་ཟེར
དེ་ཕོ་གངས་ལ་ལོག་ནས་ལོ་མང་ཕྱིན་པའི་རྗེས་ཀྱི་ཉིན་ཞིག་ལ
བྲོས་བྱོལ་བྱེད་ཀྱིན་པའི་ཁྱིམ་བྱ་དེའི་གནས་ཚུལ་དྲིས་དུས
ཁྱིམ་བྱ་ཚོས  ཁྱོད་ཀྱི་གྲོགས་པོ་བདག་པོས་ཟོས་ནས་ཚར
རྒྱུ་མཚན་ཅི་ཡིན་ནམ  དེ་ཕོས་ལམ་སང་དེ་སྐད་དྲིས་ལན་དུ
ཁོ་ལ་རི་རྩེར་སྡོད་པའི་གྲོགས་དེ་ཕོ་ཞིག་ཡོད་པས་རེད་ཟེར་རོ

          གཟེབ་ནང་ནས་ཤི་བའི།
མེ་མདའི་རྩིབས་མ
ལྕགས་ཚེར་གྱི་གཡོ་ཁྲམ
རླུང་དམར་གྱི་གཡོ་སྐྱོམ
གནམ་ས་གཅིག་ལའང་མ་རེག་པའི་འཇིགས་སྣང
གདུག་རྩུབ་ཀྱི་རྫུན་གཏམ་དང་ཕྲ་མ
གཟེབ་ཁྱོད་ལ་ད་དུང་ཅི་ཞིག་ཡོད
དེ་ལྟར་བསམ་གྱིན་བསམ་གྱིན་ཁོ་ཤི་སོང
གོ་ཐོས་ལྟར་ན  ཁོ་ཤི་བའི་གཏམ་དེ་ཡང
དམིགས་བསལ་གྱིས་དགོས་མཁོའི་དབང་གིས
གཟེབ་ནང་ནས་ལོ་མང་པོར་ཕྱིར་ཐོན་ཐུབ་ཡོད་མ་རེད

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོག་ཆགས་ཀྱི་གཏམ་རྒྱུད་ཁག་གསུམ།

2008-11-09 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།