ཉག་ཕྲ་བའི་མཛེས་སྡུག་དག་ལའང་།

ལོ་ངོ་སྟོང་ཕྲག་ཁྲོད་ཀྱི
ཉིན་མཚན་རེ་རེ་ལས
དེ་རིང་ནས་བཟུང  བདག་གིས
ཉག་ཕྲ་བའི་མཛེས་སྡུག་དག་ལའང
ཉར་ཚགས་མ་བྱས་ཐབས་མེད་བྱུང
དེའི་ཆེད་དུ  ཐ་ན་དཔྱིད་ཀའང་དོར་ཆོག
བདག་ནི་ཆེས་མཇུག་མཐའི་ཞོགས་ཆར་ལ་སིམ་ངེས

ཕྱེ་མ་ལེབ  ཆེས་ཐོག་མ་ནས་སྨོན་པའི་ཁྱོད
སེར་མདངས་ཀྱི་ཁྲོད་ན་མིག་ཟུང་ལྟ་བུའི
ཐིག་ལེ་ནག་པོ་བཀྲ་བའི་གཤོག་ཟུང
རྫི་མ་ལྟར་བརླན་གྱིས་ཅུང་ཟད་བཟུང་བའི་གཤོག་ཟུང
མཛེས་སྡུག་གི་མནར་གཅོད་ཁྲོད་ན་ཡོམ་ཡོམ་འདར་བའི
ཚེ་ཡི་བགོ་སྐལ་ཆེས་ཆུང་བའི
སྲས་མོ་ཡི་རང་གཤིས་ཇི་བཞིན་ཡོམ་ཡོམ་འདར

ཟླ་འོད་འོག་སྐམ་གྱིན་པའི་ཆུ་ཐིགས
མེ་ཏོག་གི་དཔྲལ་བར་ཟུག་པའི་སྨེ་བ་ཇི་བཞིན
གསང་སྟབས་ངང་རླངས་པའི་ངོ་བོར་ཐིམ་སོང
ངའི་རྨི་ལམ་ཐུང་ངུའི་ནང་དུ
ཨུ་དུམ་ཝ་ར་ཞིག་ཁུ་སུམ་མེར་བཞད་ཅིང
སླར་ཡང་ཕྱེ་མ་ལེབ་ཅིག་དང་འགྲོགས་ཏེ
མཚར་སྡུག་ངང་རྨི་ལམ་ལས་ཤི་སོང
དེ་རིང་ནས་བཟུང་སྟེ
བདག་གིས་ཅི་ཡང་སྨྲ་མི་ནུས
སྐད་ངག་ཉམ་ང་བ་དེ་མཁའ་རླུང་ཁྲོད་དུ
གྲག་མེད་ངང་ཐིམ་མི་འགྲོའམ་ཞེས་སྐྲག་སྣང་སྐྱེས
དེས  ཕྱེ་མ་ལེབ་ཀྱི་གཤོག་ཟུང་ལ་འགོས་པའི་གེ་སར་དག
སྤུར་མི་འོང་ངམ་སྙམ་པའི་སེམས་ཁྲལ་ཆེ  དེ་བས
ངས་ཁྱེད་ལ"ང་རང་དགའ་འོ"ཞེས་ཀྱང་ཞུ་མ་ནུས་སོ
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉག་ཕྲ་བའི་མཛེས་སྡུག་དག་ལའང་།

2008-11-09 ལྗང་བུ། ཀློག་གྲངས། མཆན ཡོད།

ལོ་ངོ་སྟོང་ཕྲག་ཁྲོད་ཀྱི
ཉིན་མཚན་རེ་རེ་ལས
དེ་རིང་ནས་བཟུང  བདག་གིས
ཉག་ཕྲ་བའི་མཛེས་སྡུག་དག་ལའང
ཉར་ཚགས་མ་བྱས་ཐབས་མེད་བྱུང
དེའི་ཆེད་དུ  ཐ་ན་དཔྱིད་ཀའང་དོར་ཆོག
བདག་ནི་ཆེས་མཇུག་མཐའི་ཞོགས་ཆར་ལ་སིམ་ངེས

ཕྱེ་མ་ལེབ  ཆེས་ཐོག་མ་ནས་སྨོན་པའི་ཁྱོད
སེར་མདངས་ཀྱི་ཁྲོད་ན་མིག་ཟུང་ལྟ་བུའི
ཐིག་ལེ་ནག་པོ་བཀྲ་བའི་གཤོག་ཟུང
རྫི་མ་ལྟར་བརླན་གྱིས་ཅུང་ཟད་བཟུང་བའི་གཤོག་ཟུང
མཛེས་སྡུག་གི་མནར་གཅོད་ཁྲོད་ན་ཡོམ་ཡོམ་འདར་བའི
ཚེ་ཡི་བགོ་སྐལ་ཆེས་ཆུང་བའི
སྲས་མོ་ཡི་རང་གཤིས་ཇི་བཞིན་ཡོམ་ཡོམ་འདར

ཟླ་འོད་འོག་སྐམ་གྱིན་པའི་ཆུ་ཐིགས
མེ་ཏོག་གི་དཔྲལ་བར་ཟུག་པའི་སྨེ་བ་ཇི་བཞིན
གསང་སྟབས་ངང་རླངས་པའི་ངོ་བོར་ཐིམ་སོང
ངའི་རྨི་ལམ་ཐུང་ངུའི་ནང་དུ
ཨུ་དུམ་ཝ་ར་ཞིག་ཁུ་སུམ་མེར་བཞད་ཅིང
སླར་ཡང་ཕྱེ་མ་ལེབ་ཅིག་དང་འགྲོགས་ཏེ
མཚར་སྡུག་ངང་རྨི་ལམ་ལས་ཤི་སོང
དེ་རིང་ནས་བཟུང་སྟེ
བདག་གིས་ཅི་ཡང་སྨྲ་མི་ནུས
སྐད་ངག་ཉམ་ང་བ་དེ་མཁའ་རླུང་ཁྲོད་དུ
གྲག་མེད་ངང་ཐིམ་མི་འགྲོའམ་ཞེས་སྐྲག་སྣང་སྐྱེས
དེས  ཕྱེ་མ་ལེབ་ཀྱི་གཤོག་ཟུང་ལ་འགོས་པའི་གེ་སར་དག
སྤུར་མི་འོང་ངམ་སྙམ་པའི་སེམས་ཁྲལ་ཆེ  དེ་བས
ངས་ཁྱེད་ལ"ང་རང་དགའ་འོ"ཞེས་ཀྱང་ཞུ་མ་ནུས་སོ
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།