གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ངའི་ལས་དབང་།

2009-11-12 10:34:00 འཆི་མེད། ཀློག་གྲངས། མཆན ཡོད།

-རྒྱལ་སྤྱིའི་བུད་མེད་ཚོགས་འདུར།

གདོད་མའི་འཇིག་རྟེན་འདི་སྔར་བཞིན་སྟོང་གྱི་ལེར།

ང་ཚོའི་ལས་དབང་ཡང་སྔར་བཞིན་ཁ་བཏགས་ལ་བཅོལ།

ཁྱོད་དང་བདག་གི་སྐྱོ་གར་གྱི་རྣམ་ཐར།

རྫ་ཁ་དང་རི་ཁར་རབས་ནས་རབས་སུ་རྒྱུ།

བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས་ང་ཚོའི་རྨི་ལམ་ལ་ཚི་དྲེག་ཆགས།

འོ་དྲི་དང་ལྕི་འདམ་ཁྲོད་དུ་ང་ཚོའི་ལང་ཚོར་མཚར་སྡུག་ཉམས།

བསྐྱར་ཟློས་ཀྱི་རྨི་ལམ་བར་ནས་མཐིང་མདོག་གི་སེམས་པ་རེ་ཆད་ངང་རྒས།

ཀྱེ།  སྡུག་ཡུས་གཞས་ལ་བཀུག་པ་ཙམ་གྱིས།

ཡོད་ཚད་ཁེར་རྐྱང་གི་སེམས་པར་རློམ་མི་དགོས་ཏེ།

ཡབ་མེས་ཀྱིས་ཤེས་རབ་ཀྱི་མིག་ཟུང་གནང་ཡོད།

ཐམས་ཅད་དེ་ལ་སྟིམ་དོན་མེད་དེ།

དུས་རབས་ཀྱིས་རང་གཅེས་ཀྱི་མངའ་ཐང་བྱིན་ཡོད།

རེད་ལགས།

གནམ་ས་འཕོ་འགྱུར་འབྱུང་བའི་ཚ་རླབས་ཀྱི་ཁྲོད་ནས།

རང་དབང་དང་འདྲ་མཉམ་གྱི་ཆེད་དུ།

སྙིང་ཁོང་ན་རྒྱུ་བའི་ཟུངས་ཁྲག་དྲོན་མོས།

དུས་རབས་འདི་ལ་གཏམ་རྒྱུད་གསར་བ་ཞིག་འབུལ།

 

རྩོམ་ཁུངས། ༡༩༩༥ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།