སྟོན་མཇུག་གི་ཉི་མ།

སྟོན་མཇུག་གི་ཉི་འོད་སྲབ་མོ

སྟོན་མཇུག་གི་སྡོང་ལོར་འཕྲོས

སྟོན་མཇུག་གི་སྡོང་ལོ་ས་ལ་ལྡིང

སྟོན་མཇུག་གི་སྡོང་ལོ་མཁའ་ལ་འཕྱོ

སེམས་པར་སྡོང་ལོ་ལྟར་སེར་ཐིག་ལྷུང

སྡོང་ལོ་སེམས་པ་བཞིན་གཉོམ་དུ་སོང

མཚན་མོའི་ཚོན་མདངས་སྣ་ལྔའི་གློག་འོད་ཀྱིས

ཉིན་དཀར་གྱི་འདུ་འཛིའི་སུན་སྣང་ཡུན་དུ་བསྐྱལ

སྨག་རུམ་ནང་མིག་ཟུང་ཆ་ལ་འོད་སྣང་འགྱེད

ལྷིང་འཇགས་ཁྲོད་སེམས་པ་གཉིས་ཀྱི

འཕར་རྩ་གཅིག་ཏུ་ལྡིང

ཆེས་གཉོམ་པའི་སེམས་པ་གཉིས་ཀྱིས

མུན་ནག་གི་གཏིང་ཞབས་ནས་འཕག་འཚག་བརྒྱབ་ཅིང

ལས་དབང་གི་དོང་ཁར་ལག་ཟུང་བསྲིངས

རི་རྩེར་ཉི་ཟེར་དང་པོ་འཕྲོས་དུས

སྟོན་མཇུག་གི་གྲང་རླུང་ཡང་མོས

འབུ་ཉི་ཚེ་བ་ཞིག་གར་སོང་ཆ་མེད་ཁུར

 

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་མཇུག་གི་ཉི་མ།

2009-10-26 གཡུ་ཞུན། ཀློག་གྲངས། མཆན ཡོད།

སྟོན་མཇུག་གི་ཉི་འོད་སྲབ་མོ

སྟོན་མཇུག་གི་སྡོང་ལོར་འཕྲོས

སྟོན་མཇུག་གི་སྡོང་ལོ་ས་ལ་ལྡིང

སྟོན་མཇུག་གི་སྡོང་ལོ་མཁའ་ལ་འཕྱོ

སེམས་པར་སྡོང་ལོ་ལྟར་སེར་ཐིག་ལྷུང

སྡོང་ལོ་སེམས་པ་བཞིན་གཉོམ་དུ་སོང

མཚན་མོའི་ཚོན་མདངས་སྣ་ལྔའི་གློག་འོད་ཀྱིས

ཉིན་དཀར་གྱི་འདུ་འཛིའི་སུན་སྣང་ཡུན་དུ་བསྐྱལ

སྨག་རུམ་ནང་མིག་ཟུང་ཆ་ལ་འོད་སྣང་འགྱེད

ལྷིང་འཇགས་ཁྲོད་སེམས་པ་གཉིས་ཀྱི

འཕར་རྩ་གཅིག་ཏུ་ལྡིང

ཆེས་གཉོམ་པའི་སེམས་པ་གཉིས་ཀྱིས

མུན་ནག་གི་གཏིང་ཞབས་ནས་འཕག་འཚག་བརྒྱབ་ཅིང

ལས་དབང་གི་དོང་ཁར་ལག་ཟུང་བསྲིངས

རི་རྩེར་ཉི་ཟེར་དང་པོ་འཕྲོས་དུས

སྟོན་མཇུག་གི་གྲང་རླུང་ཡང་མོས

འབུ་ཉི་ཚེ་བ་ཞིག་གར་སོང་ཆ་མེད་ཁུར

 

རྩོམ་ཁུངས། དུས་རབས་ཀྱི་འགྱུར་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།