ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-09

ང་ཚོ་གྱེས་པའི་ཉིན་དེ་ནས་བཟུང
ངས   ལྐོག་ནས་ཁྱེད་ཀྱི་ཤོག་ལྷེ་རེ་རེ   མཛེས་སྡུག་གིས་སློག
ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ
ཁྱེད་ཀྱིས   ངའི་རི་ལུང་གི་སྤྲིན་པ་ཅི་ཙམ་གཏོར

ཀུན་དགའ་རོལ་མཚོ
ངའི་ཕ་ཡུལ་གྱི་བརྩེ་གླུ་དྭངས་མོ
ང་ཚོ་གནའ་དུས་ཀྱི་རྩེད་ར་ཞིག་ནས་ཐོག་མར་འཕྲད་ཅིང
དོ་དགོང་གི་བསམ་གཞིགས་ཁྲོད་ནས་གཏན་དུ་འཛོམས་པས
ངས་ཁྱེད་ལ་འདྲི   ཨ་མའི་དྲན་ཤིང་གི་དངན་པ་རིང་མོ
གནས་ཡུལ་ན་ཆད་ཨེ་ཡོད
ཆུང་ལོའི་དྲན་གདུང་གི་མིག་ཆུ་རློན་པ
ན་ཁུག་ན་སྐམ་ཨེ་ཡོད
ཁྱོད་ལུ་གུའི་རི་ཀླུང་ནས་འཇབ་ཀྱིན་ཡོང་དུས
ལམ་བར་ནས་སུ་ཡི་མཛེས་སྡུག་སྒུམ
མདུན་ཕྱོགས་ནས་སུ་ཡི་སྙན་འཇེབས་འཐུས
ཁག་མེད   ལོ་ངོ་བརྒྱ་སྟོང་གི་བཙན་དབང་འོག
ཁྱེད་ཀྱི་མིག་ཆུ་ཆད་མ་མྱོང

ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ   འདི་རུ་ཤོག་དང
ངས་ཁྱེད་ལ་འོ་ཇ་དཀར་པོའི་མཆོད་པ་འཇོག
འབྲི་མར་སེར་པོས་ཁ་རྒྱན་གཏོང
ས་གཞི་ཧྲིལ་པོར་ལྗང་མདོག་འབུས་བྱུང
རང་དབང་དང་བརྩེ་དུང་གི་མཁའ་དབྱིངས་བཙལ་ཕྱིར
ང་ཚོ    གླེང་མོལ་དང་འགྲན་རྩོད་ཀྱི་ཚོགས་རར་འགྲོ
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ།

2009-02-09 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ང་ཚོ་གྱེས་པའི་ཉིན་དེ་ནས་བཟུང
ངས   ལྐོག་ནས་ཁྱེད་ཀྱི་ཤོག་ལྷེ་རེ་རེ   མཛེས་སྡུག་གིས་སློག
ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ
ཁྱེད་ཀྱིས   ངའི་རི་ལུང་གི་སྤྲིན་པ་ཅི་ཙམ་གཏོར

ཀུན་དགའ་རོལ་མཚོ
ངའི་ཕ་ཡུལ་གྱི་བརྩེ་གླུ་དྭངས་མོ
ང་ཚོ་གནའ་དུས་ཀྱི་རྩེད་ར་ཞིག་ནས་ཐོག་མར་འཕྲད་ཅིང
དོ་དགོང་གི་བསམ་གཞིགས་ཁྲོད་ནས་གཏན་དུ་འཛོམས་པས
ངས་ཁྱེད་ལ་འདྲི   ཨ་མའི་དྲན་ཤིང་གི་དངན་པ་རིང་མོ
གནས་ཡུལ་ན་ཆད་ཨེ་ཡོད
ཆུང་ལོའི་དྲན་གདུང་གི་མིག་ཆུ་རློན་པ
ན་ཁུག་ན་སྐམ་ཨེ་ཡོད
ཁྱོད་ལུ་གུའི་རི་ཀླུང་ནས་འཇབ་ཀྱིན་ཡོང་དུས
ལམ་བར་ནས་སུ་ཡི་མཛེས་སྡུག་སྒུམ
མདུན་ཕྱོགས་ནས་སུ་ཡི་སྙན་འཇེབས་འཐུས
ཁག་མེད   ལོ་ངོ་བརྒྱ་སྟོང་གི་བཙན་དབང་འོག
ཁྱེད་ཀྱི་མིག་ཆུ་ཆད་མ་མྱོང

ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ   འདི་རུ་ཤོག་དང
ངས་ཁྱེད་ལ་འོ་ཇ་དཀར་པོའི་མཆོད་པ་འཇོག
འབྲི་མར་སེར་པོས་ཁ་རྒྱན་གཏོང
ས་གཞི་ཧྲིལ་པོར་ལྗང་མདོག་འབུས་བྱུང
རང་དབང་དང་བརྩེ་དུང་གི་མཁའ་དབྱིངས་བཙལ་ཕྱིར
ང་ཚོ    གླེང་མོལ་དང་འགྲན་རྩོད་ཀྱི་ཚོགས་རར་འགྲོ
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།