ཕྱི་དྲོ། རྒྱང་རིང་བཞིན་སྨིན།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-07

ལྗང་ལོར་ཁ་དོག་མེད་པའི་དུས་ཚིགས་འདི་ཅི་འདྲའི་འཁྱགས
ཆུ་མོར་བཞུར་སྒྲ་མེད་པའི་མཚན་མོ་འདི་ཅི་འདྲའི་རིང
ཡོད་ཚད་རྒྱང་ནས་སྨིན་པའི་ཕྱི་དྲོ་འདིར
ངས    འདུག་སྟངས་གང་ཞིག་གིས་རང་ཉིད་གླེང་ཆོག

འགྲུལ་བཞུད་དུ་མའི་མཚོ་འཇིངས་བརྒལ་ནས
སུན་སྣང་རུམ་གང་བཏུས་ནས་ཕྱིར་ལོག་དུས
ཁོར་ཡུག་གི་ལྗོན་རྩེ་ནས་བྱ་ཚོགས་འཕུར་སོང
ཉི་མའི་ཕྱི་མིག་གིས་རྒྱང་རིང་བསྡུས་ཤིང
ཁེར་རྐྱང་གི་ཟླ་བ་མིག་ཆུས་བངས

ནུབ་རིའི་ངོགས་ལས   གྲིབ་གཟུགས་ཆེ་ཆུང་མང་པོས
ནག་ཡོར་ཡོར་གྱི་མགོ་བོ་ཕྱིར་བསྲིངས་ནས
ཡུལ་ལྗོངས་འདིའི་ཐོབ་ཤོར་ལ་ལྐོག་ལྟ་བྱས
དེ་ནས་བཟུང   ངས་རང་ཉིད་གཅིག་པུ་ཡིན་པ་གཞི་ནས་ཚོར
ས་སྲོད་ཀྱི་རླུང་ཁར་ཡན་པའི་མེ་ཏོག་དང་ལོ་མས
འོ་དྲི་ཞིམ་པའི་སྤང་ཐང་གི་ཁ་དོག་ཟློ
ང་ཚོ    དགུན་གཞུང་དང་གྲང་ངར་གྱི་ཐོང་གར་འགྲེང་ནས
རྫོགས་མཐའ་བྲལ་བའི་བསམ་གཞིགས་རེ་རེ་མེ་རུ་སྦར་ཞིང
བྲང་ཁོང་གི་ལྗོན་པ་རེ་རེར་སྦྱིན་སྲེག་བྱེད་དུས
མཚན་མོའི་གྲང་ངར་བྱེའུ་ཁྱུ་བཞིན་འཕུར་བྱུང
རྒྱང་རིང་གི་སྐར་མ་དེ་ད་དུང་མག་མོག་ཡིན

ཡིན་ནའང    གནས་རི་གང་ཞིག་གི་བསང་དུད་ལས
ང་ཚོས    ཁ་སང་གི་ནམ་མཁའ་གསར་ཏུ་བསྒྲིགས་ཤིང
དེ་རིང་གི་ས་གཞིའི་དུས་ཆེན་བསུ
དེ་ལྟར   དྲི་རྟགས་མང་པོའི་ཚེག་ཤད་ལས
ནམ་ཞིག   ངའི་མགོ་ལ་ཁ་བའི་སྐྲ་ལོ་སྐྱེས་ཤིང
ལུས་ལ་ལོ་ཟླའི་ཆུ་རིས་འཁོར་དུས
འཁར་བ་འདི་འདར་སིག་སིག་གིས་སུ་ཞིག་ལ་གཏན་ན་འགྲིག

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་དྲོ། རྒྱང་རིང་བཞིན་སྨིན།

2009-02-07 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ལྗང་ལོར་ཁ་དོག་མེད་པའི་དུས་ཚིགས་འདི་ཅི་འདྲའི་འཁྱགས
ཆུ་མོར་བཞུར་སྒྲ་མེད་པའི་མཚན་མོ་འདི་ཅི་འདྲའི་རིང
ཡོད་ཚད་རྒྱང་ནས་སྨིན་པའི་ཕྱི་དྲོ་འདིར
ངས    འདུག་སྟངས་གང་ཞིག་གིས་རང་ཉིད་གླེང་ཆོག

འགྲུལ་བཞུད་དུ་མའི་མཚོ་འཇིངས་བརྒལ་ནས
སུན་སྣང་རུམ་གང་བཏུས་ནས་ཕྱིར་ལོག་དུས
ཁོར་ཡུག་གི་ལྗོན་རྩེ་ནས་བྱ་ཚོགས་འཕུར་སོང
ཉི་མའི་ཕྱི་མིག་གིས་རྒྱང་རིང་བསྡུས་ཤིང
ཁེར་རྐྱང་གི་ཟླ་བ་མིག་ཆུས་བངས

ནུབ་རིའི་ངོགས་ལས   གྲིབ་གཟུགས་ཆེ་ཆུང་མང་པོས
ནག་ཡོར་ཡོར་གྱི་མགོ་བོ་ཕྱིར་བསྲིངས་ནས
ཡུལ་ལྗོངས་འདིའི་ཐོབ་ཤོར་ལ་ལྐོག་ལྟ་བྱས
དེ་ནས་བཟུང   ངས་རང་ཉིད་གཅིག་པུ་ཡིན་པ་གཞི་ནས་ཚོར
ས་སྲོད་ཀྱི་རླུང་ཁར་ཡན་པའི་མེ་ཏོག་དང་ལོ་མས
འོ་དྲི་ཞིམ་པའི་སྤང་ཐང་གི་ཁ་དོག་ཟློ
ང་ཚོ    དགུན་གཞུང་དང་གྲང་ངར་གྱི་ཐོང་གར་འགྲེང་ནས
རྫོགས་མཐའ་བྲལ་བའི་བསམ་གཞིགས་རེ་རེ་མེ་རུ་སྦར་ཞིང
བྲང་ཁོང་གི་ལྗོན་པ་རེ་རེར་སྦྱིན་སྲེག་བྱེད་དུས
མཚན་མོའི་གྲང་ངར་བྱེའུ་ཁྱུ་བཞིན་འཕུར་བྱུང
རྒྱང་རིང་གི་སྐར་མ་དེ་ད་དུང་མག་མོག་ཡིན

ཡིན་ནའང    གནས་རི་གང་ཞིག་གི་བསང་དུད་ལས
ང་ཚོས    ཁ་སང་གི་ནམ་མཁའ་གསར་ཏུ་བསྒྲིགས་ཤིང
དེ་རིང་གི་ས་གཞིའི་དུས་ཆེན་བསུ
དེ་ལྟར   དྲི་རྟགས་མང་པོའི་ཚེག་ཤད་ལས
ནམ་ཞིག   ངའི་མགོ་ལ་ཁ་བའི་སྐྲ་ལོ་སྐྱེས་ཤིང
ལུས་ལ་ལོ་ཟླའི་ཆུ་རིས་འཁོར་དུས
འཁར་བ་འདི་འདར་སིག་སིག་གིས་སུ་ཞིག་ལ་གཏན་ན་འགྲིག

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།