པོ་ཏ་ལའི་ཕྱི་མིག

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-07

ལོ་ཟླའི་གོམ་འགྲོས་དྭངས་གཙང་གིས་གླེང་བའི་ལྷག་བསམ་ཞིག
ཐོབ་ཤོར་རེ་རེ་ཕྱི་མིག་གིས་བཞག་པའི་ཁྲེལ་གཞུང་ཞིག
གནའ་བོའི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་ན།
སུ་ཞིག་གི  བཙས་སྟོན་ལ་བཤམས་པའི་མར་མེ་འོད་ཆེན།

ཁྱོད་ཀྱི་ཐེམ་སྐས་རེ་རེ་ན།
བཙན་པོའི་མངའ་ཐང་གི་གཟི་བརྗིད་ཚ་བས་འཁྱིལ།
ཁྱེད་ཀྱི་རྟོགས་བརྗོད་རེ་རེ་ན།
ཐོན་མིས་གསར་བཏོད་ཀྱི་ཡིག་ཕྲེང་ཤག་སྒྲས་འཕྱོ།

པོ་ཏ་ལ། ལོ་ངོ་དུ་མ་འགོར་བའི་ཁ་སང་གི་རྟོགས་སད་ཇི་བཞིན།
ཐེངས་དུ་མར་འཕགས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཇི་བཞིན།
ཁྱེད་ཀྱི་སེམས་ཁོང་ན་སུ་ཞིག་གི་ཤུགས་རིང་ཡོད།
ཁྱེད་ཀྱི་མཁའ་དབྱིངས་ན་སུ་ཞིག་གི་རྒྱང་བསྐྱོད་ཡོད།

ལོ་རྒྱུས་ཀྱི་གད་སྙིགས་ཁྲོད་ན།
ཕ་གཞིས་བོར་བའི་ཁ་འཐོར་གྱི་ཞབས་རྗེས་ནག་པོ།
ཕྱོགས་ཞེན་གྱི་གྲུབ་མཐའི་བར་ན།
སྟོབས་ཤུགས་ཉམས་པའི་ཚོ་ཁག་གི་ནང་དམེ་དམར་བོ།
ཡོད་ཚད་བཟོད་སྒོམ་གྱིས་བསྐྱལ་བའི་པོ་ཏ་ལ།

ཁྱེད་ཀྱིས་བདེན་པ་དང་རླབས་ཆེན་གྱི་ཡང་རྩེ་ནས།
ང་ཚོ་ལ། ཚེ་སྲོག་གི་དྲན་སྐུལ་ཐེངས་མང་བྱས།
ཁྱེད་ཀྱི་འཁྲེང་སེམས་དང་ཕྱི་མིག་གིས།
ང་ཚོའི་བསམ་གཞིགས་ལ་འཚོལ་སྙེག་གི་མེ་ཁ་ཐོག་མར་གསོས།

པོ་ཏ་ལ། ང་ཚོས་ཐག་རིང་ཐག་རིང་ཞིག་ནས།
ཁྱེད་ཀྱི་གསེར་མདོག་གི་མིང་ཡིན་རུམ་ཞིང༌།
ཅི་ཞིག  ཐོབ་འདོད་ཀྱི་སྐོམ་པས་ཁྱེད་ལ་ཅེར་ཡོད།
པོ་ཏ་ལ། ན་ཟུག་གི་ཕྱི་མིག་དམར་བོ།

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལའི་ཕྱི་མིག

2009-02-07 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ལོ་ཟླའི་གོམ་འགྲོས་དྭངས་གཙང་གིས་གླེང་བའི་ལྷག་བསམ་ཞིག
ཐོབ་ཤོར་རེ་རེ་ཕྱི་མིག་གིས་བཞག་པའི་ཁྲེལ་གཞུང་ཞིག
གནའ་བོའི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་ན།
སུ་ཞིག་གི  བཙས་སྟོན་ལ་བཤམས་པའི་མར་མེ་འོད་ཆེན།

ཁྱོད་ཀྱི་ཐེམ་སྐས་རེ་རེ་ན།
བཙན་པོའི་མངའ་ཐང་གི་གཟི་བརྗིད་ཚ་བས་འཁྱིལ།
ཁྱེད་ཀྱི་རྟོགས་བརྗོད་རེ་རེ་ན།
ཐོན་མིས་གསར་བཏོད་ཀྱི་ཡིག་ཕྲེང་ཤག་སྒྲས་འཕྱོ།

པོ་ཏ་ལ། ལོ་ངོ་དུ་མ་འགོར་བའི་ཁ་སང་གི་རྟོགས་སད་ཇི་བཞིན།
ཐེངས་དུ་མར་འཕགས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཇི་བཞིན།
ཁྱེད་ཀྱི་སེམས་ཁོང་ན་སུ་ཞིག་གི་ཤུགས་རིང་ཡོད།
ཁྱེད་ཀྱི་མཁའ་དབྱིངས་ན་སུ་ཞིག་གི་རྒྱང་བསྐྱོད་ཡོད།

ལོ་རྒྱུས་ཀྱི་གད་སྙིགས་ཁྲོད་ན།
ཕ་གཞིས་བོར་བའི་ཁ་འཐོར་གྱི་ཞབས་རྗེས་ནག་པོ།
ཕྱོགས་ཞེན་གྱི་གྲུབ་མཐའི་བར་ན།
སྟོབས་ཤུགས་ཉམས་པའི་ཚོ་ཁག་གི་ནང་དམེ་དམར་བོ།
ཡོད་ཚད་བཟོད་སྒོམ་གྱིས་བསྐྱལ་བའི་པོ་ཏ་ལ།

ཁྱེད་ཀྱིས་བདེན་པ་དང་རླབས་ཆེན་གྱི་ཡང་རྩེ་ནས།
ང་ཚོ་ལ། ཚེ་སྲོག་གི་དྲན་སྐུལ་ཐེངས་མང་བྱས།
ཁྱེད་ཀྱི་འཁྲེང་སེམས་དང་ཕྱི་མིག་གིས།
ང་ཚོའི་བསམ་གཞིགས་ལ་འཚོལ་སྙེག་གི་མེ་ཁ་ཐོག་མར་གསོས།

པོ་ཏ་ལ། ང་ཚོས་ཐག་རིང་ཐག་རིང་ཞིག་ནས།
ཁྱེད་ཀྱི་གསེར་མདོག་གི་མིང་ཡིན་རུམ་ཞིང༌།
ཅི་ཞིག  ཐོབ་འདོད་ཀྱི་སྐོམ་པས་ཁྱེད་ལ་ཅེར་ཡོད།
པོ་ཏ་ལ། ན་ཟུག་གི་ཕྱི་མིག་དམར་བོ།

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།