གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ང་རང་སྐྱོབ་པར་སྒུག་ནས་བསྡད།

2009-11-18 10:53:00 གེ་སར། ཀློག་གྲངས། མཆན ཡོད།

མཚན་མོ    སྨྲ་བ་མེད་པའི་བུ་མོ་དེ་ནང་བཞིན

དལ་ཅག་གེར་བསྡད་མཚམས་ནས     ངས

ཁྱོད་ཀྱིས་བརྩེ་འདང་བཀོལ་ནས་ང་རང་སྐྱོབ་པར་སྒུག

མཚན་མོ   དཀན་གཟར་གྱི་བྲག་རོང་ཞིག་དང་འདྲ་ཞིང

ང་རང་ཁྲིད་ནས་ཐག་རིང་ཐག་རིང་དུ་བགྲོད་རྩིས་ཀྱི་སྟ་གོན་ལ་བྲེལ

དུས་མཚམས་སུ    ངས་སྔར་བཞིན་ང་རང་སྐྱོབ་པར་སྒུག་ནས་བསྡད

བུ་མོ་ལགས      དོན་དམ་དུ

ཁྱོད་རང་མཐའ་དབུས་མེད་པའི་མཚན་མོ་འདི་མ་ཡིན་ནམ?

ཁྱོད་རང་གཏིང་མཐའ་བྲལ་བའི་བྲག་རོང་འདི་མ་ཡིན་ནམ?

 

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།