ཕྱིར་དྲན་གྱི་ལང་ཚོ།

བེའུ་ལུག་གི་འབའ་ངུར།
མཛེས་སྡུག་སྤང་རྒྱན་མེ་ཏོག
ད་དུང་བྱིས་བློའི་དྲི་མ་མ་ཡལ་བའི་བདག
སྟོན་གྱི་བསིལ་རླུང་དང་བསྡེབས་ནས་ཉིན་བཞིན་འཕྱོ།
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས།
ང་རང་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མར་མིག་ཆུ་སྦྱིན་པའི་ལང་ཚོ།
དྲན་རྟེན་གྱི་སྐུ་པར།
དུངས་སེམས་ཀྱི་མཛའ་འཕྲིན།
ད་དུང་ཁྱོད་ལ་ཕུལ་བའི་སྙན་ངག་གི་དྭངས་མ་རེ་རེ།
ཕལ་ཆེར་ཁྱོད་ཀྱིས་བརྗེད་སྲིད་ངེས།
འདས་ཟིན་པའི་དམ་བཅའ།
ཚོན་མདངས་རྣམ་བཀྲའི་འཇའ་ཚོན་ཇི་བཞིན།
མཁའ་དབྱིངས་སུ་ཉར་ཚགས་བྱས་ཀྱང༌།
མཐར་ཐུག་འཆར་ཡན་གྱི་གཏམ་རྒྱུད་འཁྲབ་ཚན་ཞིག
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས།
ངེད་གཉིས་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མའི་ཕྱིར་དྲན་གྱི་ལང་ཚོ།
རྒྱང་དུ་འཐེན་པའི་ལམ་ཕྲན་སྟེང༌།
ང་ཚོ་སླར་ཡང་འཛོམས་ནས་ལམ་ཕྲན་ཅི་ཙམ་བརྒྱུད་དགོས།
དེ་སྔའི་རྒྱུས་མངའ་བའི་ཁྱོད་མིན་ལ།
མེ་དབལ་གྱི་རྨི་ལམ་ཡང་དབེན།

དེ་སྔའི་བརྩེ་ཆེ་བའི་ང་ཡང་མིན་ལ།
ཡིད་འོང་གི་འཛུམ་དཀར་བྲལ།
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས། ང་ཚོ་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མའི་ཕྱིར་དྲན་གྱི་ལང་ཚོ།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་གྱི་ལང་ཚོ།

2009-02-07 ལྕགས་མོ་འཚོ། ཀློག་གྲངས། མཆན ཡོད།

བེའུ་ལུག་གི་འབའ་ངུར།
མཛེས་སྡུག་སྤང་རྒྱན་མེ་ཏོག
ད་དུང་བྱིས་བློའི་དྲི་མ་མ་ཡལ་བའི་བདག
སྟོན་གྱི་བསིལ་རླུང་དང་བསྡེབས་ནས་ཉིན་བཞིན་འཕྱོ།
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས།
ང་རང་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མར་མིག་ཆུ་སྦྱིན་པའི་ལང་ཚོ།
དྲན་རྟེན་གྱི་སྐུ་པར།
དུངས་སེམས་ཀྱི་མཛའ་འཕྲིན།
ད་དུང་ཁྱོད་ལ་ཕུལ་བའི་སྙན་ངག་གི་དྭངས་མ་རེ་རེ།
ཕལ་ཆེར་ཁྱོད་ཀྱིས་བརྗེད་སྲིད་ངེས།
འདས་ཟིན་པའི་དམ་བཅའ།
ཚོན་མདངས་རྣམ་བཀྲའི་འཇའ་ཚོན་ཇི་བཞིན།
མཁའ་དབྱིངས་སུ་ཉར་ཚགས་བྱས་ཀྱང༌།
མཐར་ཐུག་འཆར་ཡན་གྱི་གཏམ་རྒྱུད་འཁྲབ་ཚན་ཞིག
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས།
ངེད་གཉིས་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མའི་ཕྱིར་དྲན་གྱི་ལང་ཚོ།
རྒྱང་དུ་འཐེན་པའི་ལམ་ཕྲན་སྟེང༌།
ང་ཚོ་སླར་ཡང་འཛོམས་ནས་ལམ་ཕྲན་ཅི་ཙམ་བརྒྱུད་དགོས།
དེ་སྔའི་རྒྱུས་མངའ་བའི་ཁྱོད་མིན་ལ།
མེ་དབལ་གྱི་རྨི་ལམ་ཡང་དབེན།

དེ་སྔའི་བརྩེ་ཆེ་བའི་ང་ཡང་མིན་ལ།
ཡིད་འོང་གི་འཛུམ་དཀར་བྲལ།
འོད་མདངས་ཀྱི་གཏམ་རྒྱུད་ཆུ་རྒྱུན་གྱིས་དཀྲོགས། ང་ཚོ་འགྱུར།
དགའ་སྐྱོས་ཁེངས་པའི་ཆེས་ཐོག་མའི་ཕྱིར་དྲན་གྱི་ལང་ཚོ།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།