ཡོད་ཚད་སྐྱ་ཐིང་ངེར།(ཚན་པ་གསུམ)

འཚོ་བ་ནི་སྨྲ་མི་ཤེས་པའི་མཚན་ཉིད་ཅིག
འདུན་པ་ནི་ཁྲོམ་སྲང་གི་ཕྱག་དར་བཞིན།
ཡོད་ཚད་མག་མོག་གི་སྨུག་ལོང་ཁྲོད་ན།
ངའི་ཐམས་ཅད་ཀྱི་ཐམས་ཅད་སྐྱ་ཐིང་ངེར།

ང་ཡི་བརྩེ་དུང་གི་ཆུ་ཕྲན།
ཁྱོད་ཀྱི་སེམས་ཁོང་དུ་བཞུར།
དེ་ནི་ངའི་ཚེ་སྲོག་གི་བཞུར་རྒྱུན་ཁོ་ན།
ཡིན་ཡང་ཁྱོད་ཀྱིས་ཇི་ལྟར་རྟོགས།
ངའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར།

བདག་སྟོང་སྣང་གི་འཇིག་རྟེན་འགྲིམས་ཏེ།
ལྷོད་གཡེང་དང་སྤྲོ་སྣང་གིས།
ཁྱོད་ཀྱི་དཔུང་བར་འཁྱུད་ནས།
སེམས་གཏིང་གི་གསང་བ་བརྟོལ་འདོད།
ཡིན་ཡང༌།
སེམས་དང་སེམས་ཀྱི་མཚམས་ན།
མངོན་གསལ་དང་གསང་བ་ཇི་སྲིད་དུ་འཚོ།
ངའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར།
       
                 རེ་སྙེག
འདིའང་གདོད་མའི་སྟོང་འཇགས་ཀྱི་ལུང་ཁུག་རེད།
ལས་དབང་གིས་མིག་ཆུ་འཕྱར་བའི་བུ་མོ་རེ་རེས།
མཐིང་མདོག་གི་འཇིག་རྟེན་ཞིག་ལ་རེ་ཞིང་སྙེགས།
རྨི་ལམ་ནས་རྨི་ལམ་བརྒྱུད།
ཡིན་ཡང༌།
ཁ་ཆར་དང་བུ་ཡུག་ཁྲོད།
གནག་ཕྱུགས་ཀྱི་ཕྱི་རྗེས་དང་འོ་མའི་ཤག་སྒྲའི་བསྐྱར་ཟློས་ནང༌།
ལང་ཚོ་ཡི་མེ་ཏོག་ཡལ།
མི་རབས་མང་པོ་ཞིག་འདི་ལྟར་འཁོར་ཞིང་རྒས།
མཐིང་མདོག་གི་འཇིག་རྟེན་ཡ། རྒྱང་རིང་གི་ཡུལ་གྲུ།
ནམ་ཞིག་ལ། ནམ་ཞིག་ལ།
ང་ཚོའང་གནས་དེར་ཐོན་སྲིད་དམ།
 
         རྩྭ་ཐང་གི་མཚན་མོ།
མཚན་མོ་ལྷིང་ཞིང་འཇགས།
ཟླ་བ་གོར་ཞིང་སྒོར།
ཟླ་འོད་འཚེར་བའི་མཚན་མོར།
རྩྭ་ཐང་སྟོང་འཇགས་སེ།
ཡོད་ཚད་ཁུ་སིམ་མེར།
གཞོན་ནུ་མའི་མིག་ཞགས་ཀྱི་འོད་མདངས་ཀྱང༌།
ཟླ་འོད་དང་ལྷན་དུ་འཚེར་གྱིན།
རྒྱང་རིང་གི་སྙིང་ཉེ་དེར།
སྒུག་བཞིན་མཆིས་ནའང༌།
ཁྱིའི་ཟུག་སྐད་རེ་གཉིས་ལས།
རྩྭ་ཐང་སྔར་བཞིན་ཁུ་སིམ་མེར།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོད་ཚད་སྐྱ་ཐིང་ངེར།(ཚན་པ་གསུམ)

2009-02-03 ལྕགས་མོ་འཚོ། ཀློག་གྲངས། མཆན ཡོད།

འཚོ་བ་ནི་སྨྲ་མི་ཤེས་པའི་མཚན་ཉིད་ཅིག
འདུན་པ་ནི་ཁྲོམ་སྲང་གི་ཕྱག་དར་བཞིན།
ཡོད་ཚད་མག་མོག་གི་སྨུག་ལོང་ཁྲོད་ན།
ངའི་ཐམས་ཅད་ཀྱི་ཐམས་ཅད་སྐྱ་ཐིང་ངེར།

ང་ཡི་བརྩེ་དུང་གི་ཆུ་ཕྲན།
ཁྱོད་ཀྱི་སེམས་ཁོང་དུ་བཞུར།
དེ་ནི་ངའི་ཚེ་སྲོག་གི་བཞུར་རྒྱུན་ཁོ་ན།
ཡིན་ཡང་ཁྱོད་ཀྱིས་ཇི་ལྟར་རྟོགས།
ངའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར།

བདག་སྟོང་སྣང་གི་འཇིག་རྟེན་འགྲིམས་ཏེ།
ལྷོད་གཡེང་དང་སྤྲོ་སྣང་གིས།
ཁྱོད་ཀྱི་དཔུང་བར་འཁྱུད་ནས།
སེམས་གཏིང་གི་གསང་བ་བརྟོལ་འདོད།
ཡིན་ཡང༌།
སེམས་དང་སེམས་ཀྱི་མཚམས་ན།
མངོན་གསལ་དང་གསང་བ་ཇི་སྲིད་དུ་འཚོ།
ངའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར།
       
                 རེ་སྙེག
འདིའང་གདོད་མའི་སྟོང་འཇགས་ཀྱི་ལུང་ཁུག་རེད།
ལས་དབང་གིས་མིག་ཆུ་འཕྱར་བའི་བུ་མོ་རེ་རེས།
མཐིང་མདོག་གི་འཇིག་རྟེན་ཞིག་ལ་རེ་ཞིང་སྙེགས།
རྨི་ལམ་ནས་རྨི་ལམ་བརྒྱུད།
ཡིན་ཡང༌།
ཁ་ཆར་དང་བུ་ཡུག་ཁྲོད།
གནག་ཕྱུགས་ཀྱི་ཕྱི་རྗེས་དང་འོ་མའི་ཤག་སྒྲའི་བསྐྱར་ཟློས་ནང༌།
ལང་ཚོ་ཡི་མེ་ཏོག་ཡལ།
མི་རབས་མང་པོ་ཞིག་འདི་ལྟར་འཁོར་ཞིང་རྒས།
མཐིང་མདོག་གི་འཇིག་རྟེན་ཡ། རྒྱང་རིང་གི་ཡུལ་གྲུ།
ནམ་ཞིག་ལ། ནམ་ཞིག་ལ།
ང་ཚོའང་གནས་དེར་ཐོན་སྲིད་དམ།
 
         རྩྭ་ཐང་གི་མཚན་མོ།
མཚན་མོ་ལྷིང་ཞིང་འཇགས།
ཟླ་བ་གོར་ཞིང་སྒོར།
ཟླ་འོད་འཚེར་བའི་མཚན་མོར།
རྩྭ་ཐང་སྟོང་འཇགས་སེ།
ཡོད་ཚད་ཁུ་སིམ་མེར།
གཞོན་ནུ་མའི་མིག་ཞགས་ཀྱི་འོད་མདངས་ཀྱང༌།
ཟླ་འོད་དང་ལྷན་དུ་འཚེར་གྱིན།
རྒྱང་རིང་གི་སྙིང་ཉེ་དེར།
སྒུག་བཞིན་མཆིས་ནའང༌།
ཁྱིའི་ཟུག་སྐད་རེ་གཉིས་ལས།
རྩྭ་ཐང་སྔར་བཞིན་ཁུ་སིམ་མེར།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།