གནའ་བོའི་གཏམ་རྒྱུད།

གནའ་བོའི་གཏམ་རྒྱུད་སྙན་མོ་ཞིག
གནའ་རབས་ཀྱི་གླེགས་བམ་དང༌།
ལོ་ཟླའི་ལྡེབས་རིས་སུ་འཁོད་དེ།
ཏར་ཝུན་གྱི་འཕེལ་འགྱུར་རིག་པ་ལས།
ཆེས་སྔ་བས་སྔ་བར་གྲགས།

གནའ་བོའི་གཏམ་རྒྱུད་ཅིག་གིས།
བསྐལ་བ་ཡ་ཐོག་ནས་ཡ་ཐོག་གི
བོད་མིའི་བྱུང་འཕེལ་སྐོར་ཞིག་གླེང༌།
དེ་ནི་གངས་རིའི་རྣམ་ཤེས་ཀྱི་འབོད་སྒྲ་ཡིན་ལ།
གནའ་བོའི་ཐ་ཐི་སིའི་ཉིང་བཅུད་ཁུག་པའི།
གཡང་གླུ་ཉག་ཅིག་དེའང་ཡིན།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གནའ་སྔ་མོའི་སྔ་མོ་ཞིག་ན་མཐོ་བོད་ཀྱི།
ཡུལ་ཁམས་འདི་མཚོ་ཡིས་འཁྱིལ་བའི།
འཇིག་རྟེན་ཞིག་ཏུ་གྲགས་ལ།
ལོ་ངོ་དུང་ཕྱུར་འགའི་སྔ་རོལ་དུ།
ས་གཞི་འདིའང་གཡོ་འགུལ་གྱིས།
གས་ཆག་ཤོར་བ་གྲངས་མ་མཆིས།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གནའ་མཚོའི་འཇིག་ཤུལ་ན་
མཐོ་བོད་ཀྱི་སྒལ་གཞུང་འགྱིང་ཞིང༌།
རི་ཚོགས་ཀྱིས་སྐོར་བྲོ་རྡུང༌།
ནོར་འཛིན་མའི་རྨི་ལམ་སྦྲུམ་པའི།
ཧི་མ་ལ་ཡའི་རི་རྒྱུད་ཀྱིས། འཛམ་གླིང་གི
མཐོ་ཚད་ཅིག་དང་དེའི་ཡང་རྩེ་གླེང༌།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གངས་རིའི་ཕང་བར་ལོ་ངོ་དུང་ཕྱུར།
མནལ་བའི་དུང་དཀར་དང༌།
སྙི་བའི་འགྱུར་རྡོ་དག་ཁེངས་པོར་གྱུར་པའི།
ལོ་རྒྱུས་ཀྱི་དུམ་མཚམས་རེ་རེ་སྟེ།
བར་སྣང་གི་ལོ་ཟླའི་གས་སྲུབས་གླེང་བའི།
སྲིད་པའི་ཆགས་གླུ་ཉག་ཅིག་འདིའང་ཡིན།

གནའ་བོའི་གཏམ་རྒྱུད་ཅིག་ལས།
དུས་ཀྱི་བསྐལ་བའི་བར་སྣང་དེར།
སེམས་ཀྱིས་ཆོད་པའི་ངོ་མཚར་ཞིག་གླེང་ཚེ།

སྟག་མ་ལའི་རི་སྐེད་ནས་ཐོན་པའི།
གཏུམ་འབྲུག་གི་འགྱུར་རྡོ་ཡིས།
སླར་གཏམ་རྒྱུད་གཞན་ཞིག་གི
འགོ་མོ་གླེང༌།
དེ་ནི་བར་སྣང་བརྗོད་པའི་ལོ་ཟླ་ཞིག་ཡིན་ལ།
བསླུ་བ་མེད་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཀྱང་ཡིན།
   
གནའ་བོའི་གཏམ་རྒྱུད་ཅིག་ལས།
ཡ་ཐོག་ནས་ཡ་ཐོག་གི་དུས་སུ།
སྤྲེའུ་དང་བྲག་སྲིན་སྡེབ་པའི་མུར།
བོད་མིའི་གདུང་རྒྱུད་འཕེལ་བར་གྲགས་ཏེ།
གནའ་སྔ་མོ་སྔ་མོ་ཞིག་ན།
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་བོའི་གཏམ་རྒྱུད།

2009-02-03 དཔལ་ལྷ། ཀློག་གྲངས། མཆན ཡོད།

གནའ་བོའི་གཏམ་རྒྱུད་སྙན་མོ་ཞིག
གནའ་རབས་ཀྱི་གླེགས་བམ་དང༌།
ལོ་ཟླའི་ལྡེབས་རིས་སུ་འཁོད་དེ།
ཏར་ཝུན་གྱི་འཕེལ་འགྱུར་རིག་པ་ལས།
ཆེས་སྔ་བས་སྔ་བར་གྲགས།

གནའ་བོའི་གཏམ་རྒྱུད་ཅིག་གིས།
བསྐལ་བ་ཡ་ཐོག་ནས་ཡ་ཐོག་གི
བོད་མིའི་བྱུང་འཕེལ་སྐོར་ཞིག་གླེང༌།
དེ་ནི་གངས་རིའི་རྣམ་ཤེས་ཀྱི་འབོད་སྒྲ་ཡིན་ལ།
གནའ་བོའི་ཐ་ཐི་སིའི་ཉིང་བཅུད་ཁུག་པའི།
གཡང་གླུ་ཉག་ཅིག་དེའང་ཡིན།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གནའ་སྔ་མོའི་སྔ་མོ་ཞིག་ན་མཐོ་བོད་ཀྱི།
ཡུལ་ཁམས་འདི་མཚོ་ཡིས་འཁྱིལ་བའི།
འཇིག་རྟེན་ཞིག་ཏུ་གྲགས་ལ།
ལོ་ངོ་དུང་ཕྱུར་འགའི་སྔ་རོལ་དུ།
ས་གཞི་འདིའང་གཡོ་འགུལ་གྱིས།
གས་ཆག་ཤོར་བ་གྲངས་མ་མཆིས།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གནའ་མཚོའི་འཇིག་ཤུལ་ན་
མཐོ་བོད་ཀྱི་སྒལ་གཞུང་འགྱིང་ཞིང༌།
རི་ཚོགས་ཀྱིས་སྐོར་བྲོ་རྡུང༌།
ནོར་འཛིན་མའི་རྨི་ལམ་སྦྲུམ་པའི།
ཧི་མ་ལ་ཡའི་རི་རྒྱུད་ཀྱིས། འཛམ་གླིང་གི
མཐོ་ཚད་ཅིག་དང་དེའི་ཡང་རྩེ་གླེང༌།

གནའ་བོའི་གཏམ་རྒྱུད་ཅིག་ལས།
གངས་རིའི་ཕང་བར་ལོ་ངོ་དུང་ཕྱུར།
མནལ་བའི་དུང་དཀར་དང༌།
སྙི་བའི་འགྱུར་རྡོ་དག་ཁེངས་པོར་གྱུར་པའི།
ལོ་རྒྱུས་ཀྱི་དུམ་མཚམས་རེ་རེ་སྟེ།
བར་སྣང་གི་ལོ་ཟླའི་གས་སྲུབས་གླེང་བའི།
སྲིད་པའི་ཆགས་གླུ་ཉག་ཅིག་འདིའང་ཡིན།

གནའ་བོའི་གཏམ་རྒྱུད་ཅིག་ལས།
དུས་ཀྱི་བསྐལ་བའི་བར་སྣང་དེར།
སེམས་ཀྱིས་ཆོད་པའི་ངོ་མཚར་ཞིག་གླེང་ཚེ།

སྟག་མ་ལའི་རི་སྐེད་ནས་ཐོན་པའི།
གཏུམ་འབྲུག་གི་འགྱུར་རྡོ་ཡིས།
སླར་གཏམ་རྒྱུད་གཞན་ཞིག་གི
འགོ་མོ་གླེང༌།
དེ་ནི་བར་སྣང་བརྗོད་པའི་ལོ་ཟླ་ཞིག་ཡིན་ལ།
བསླུ་བ་མེད་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཀྱང་ཡིན།
   
གནའ་བོའི་གཏམ་རྒྱུད་ཅིག་ལས།
ཡ་ཐོག་ནས་ཡ་ཐོག་གི་དུས་སུ།
སྤྲེའུ་དང་བྲག་སྲིན་སྡེབ་པའི་མུར།
བོད་མིའི་གདུང་རྒྱུད་འཕེལ་བར་གྲགས་ཏེ།
གནའ་སྔ་མོ་སྔ་མོ་ཞིག་ན།
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།