རླུང་བུ་དང་སྡོང་ལོ།

རླུང་བུ་དང་སྡོང་ལོ། བར་སྣང་ལ་མཉམ་དུ་རྩེན་ཞིང༌།
བྱང་ཐང་ན་མཉམ་དུ་འཕུར།
རླུང་བུའི་འགྱུར་ཁུགས་ཁྲོད་དུ་སྡོང་ལོ་འཁྱུད་ཅིང༌།
སྡོང་ལོ་ལ་རླུང་བུས་ཁ་ལོ་བསྒྱུར།
རང་ཚུགས་མེད་པ་སྡོང་ལོའི་རང་བཞིན།
འདེད་ཤུགས་ཆེ་བ་རླུང་བུའི་ཁྱད་ཆོས།
སྡོང་ལོ་དང་རླུང་བུས་ཛ་དྲག་གི་མཉམ་སྡེབ་ཁྲོད་ནས།
འཇིག་རྟེན་ལ་སྟོན་མཇུག་གི་དྲན་རྟེན་བཞག
སྡོང་ལོ་རླུང་གིས་ཁུར་བའི་ས་སྲོད་དེ་ལ།
འཇིག་རྟེན་ཡང་རླུང་བུས་ཁ་ཕྱོགས་ལ་བསྡོངས་ནས་འཁོར།
སྡོང་ལོ་དང་རླུང་བུས།
དུས་ཚུགས་ཤིག་ལ་སྡོམ་ཚིག་བཀོད་ཅིང༌།
སྡོང་ལོ་དང་རླུང་བུས།
དུས་ཚིགས་ཤིག་ལ་གླེང་བརྗོད་བཙུགས།

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་བུ་དང་སྡོང་ལོ།

2009-02-03 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

རླུང་བུ་དང་སྡོང་ལོ། བར་སྣང་ལ་མཉམ་དུ་རྩེན་ཞིང༌།
བྱང་ཐང་ན་མཉམ་དུ་འཕུར།
རླུང་བུའི་འགྱུར་ཁུགས་ཁྲོད་དུ་སྡོང་ལོ་འཁྱུད་ཅིང༌།
སྡོང་ལོ་ལ་རླུང་བུས་ཁ་ལོ་བསྒྱུར།
རང་ཚུགས་མེད་པ་སྡོང་ལོའི་རང་བཞིན།
འདེད་ཤུགས་ཆེ་བ་རླུང་བུའི་ཁྱད་ཆོས།
སྡོང་ལོ་དང་རླུང་བུས་ཛ་དྲག་གི་མཉམ་སྡེབ་ཁྲོད་ནས།
འཇིག་རྟེན་ལ་སྟོན་མཇུག་གི་དྲན་རྟེན་བཞག
སྡོང་ལོ་རླུང་གིས་ཁུར་བའི་ས་སྲོད་དེ་ལ།
འཇིག་རྟེན་ཡང་རླུང་བུས་ཁ་ཕྱོགས་ལ་བསྡོངས་ནས་འཁོར།
སྡོང་ལོ་དང་རླུང་བུས།
དུས་ཚུགས་ཤིག་ལ་སྡོམ་ཚིག་བཀོད་ཅིང༌།
སྡོང་ལོ་དང་རླུང་བུས།
དུས་ཚིགས་ཤིག་ལ་གླེང་བརྗོད་བཙུགས།

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།