བརྩེ་དུང་དང་ལས་དབང་།

ཆག་གྲུམ་ཤོར་བའི་དམར་ཆུང་གི་ཡིད་སེམས་གཉིས།
ལོ་ཟླས་དེད་པའི་ཟླ་ངོགས་ནས་སླར་ཡང་སོས།
བྲི་གང་མེད་པའི་ཡིད་ཆེས་ཀྱི་དམ་བཅའ་དེ།
ཐོག་མའི་ལག་ཟུང་བསྣོལ་བ་ལས་འཕོས་ཏེ་ཟླ་བར་ཐིམ།
སྐབས་དེ་དག་ལ།
ཆུ་འཛིན་གྱི་སེང་རས་དལ་གྱིས་ཕྱེ་ཞིང་ཟླ་བས་དཀར་ཉམས་ངོམས།
སྙན་ངག་གི་བླ་སྲོག་སླར་ཡང་ལྡང་བས།
ཁྱེད་ཀྱི་སྨྱུག་རྩེ་ནས་བདག་གི་ཁྲག་རྒྱུན་ལུད།
ཡིན་ནའང༌། བརྩེ་དུང་གི་མདུད་རྒྱ་དམ་པའི་ཡིད་སེམས་ཀྱིས།
དྲོད་སྐྱིད་ཀྱི་ཁང་བཟང་ཟླ་ངོགས་ལ་གཡར་ཞིང༌།
ཞིམ་མངར་གྱི་བདུད་རྩི་མིག་ཆུ་རུ་གྲུབ།
ཟླ་བ་ལས་གཏོར་བའི་འོད་དཀར་གྱི་ཟེགས་མ་རེ་རེ།
ངེད་ཅག་སེམས་ཁོང་ན་ཉར་བའི་འཁང་སེམས་ཡིན་ཡང་སྲིད་དེ།
གཞན་དབང་གི་འཆིང་ཞགས་ཁོ་ནས།
ང་ཚོའི་བརྩེ་དུང་གི་ལས་དབང་བསྡམས།
དུས་དེ་ནས། ཟླ་ངོགས་ཀྱི་བསུབ་ཏུ་མེད་པའི་རྐང་རྗེས་དེ་འཚོལ་བཞིན།
ཕྱིར་དྲན་གྱི་ཀློང་ནས་བདེ་བ་ཞིག་འཐོབ་པར་རེ།
བཙན་དབང་གིས་ཁྱེར་བའི་སྐྱིད་སྡུག་འདྲེས་མའི་གཏམ་རྒྱུད།
ནམ་ཡིན་ཡང༌། མོག་མོག་མ་ཡིན་པའི་སྙིང་ཁོང་གི་དེབ་ཐེར་དུ་གསལ་ནའང༌།
ད་ལྟ་སྐྱོ་སྡུག་གི་སྨྲེ་སྔགས་ཁོ་ནས་ཀློག་འདོན་བྱེད་དགོས་བྱུང༌།
བར་སྣང་ནས་སོས་པའི་ཟླ་བ་ནུབ་ཕྱོགས་ནས་རྨས་ཤིང༌།
ས་འཛིན་གྱི་རྩེ་ན་འཁྲིགས་པའི་ཆུ་འཛིན་གྱི་འདབ་མ་རེ་རེས།
ཟླ་བའི་མནལ་སར་མཐའ་མཇུག་གི་ཡོལ་རས་འཐེན་ཟིན་ནའང༌།
ངས་སྨུག་ལོང་གིས་གཡོགས་པའི་ཞིང་ཁམས་དེ་བརྗེད་མ་མྱོང༌།
ངོ་མ་མ་མྱོང༌།

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་དང་ལས་དབང་།

2009-02-03 པདྨ་འཚོ། ཀློག་གྲངས། མཆན ཡོད།

ཆག་གྲུམ་ཤོར་བའི་དམར་ཆུང་གི་ཡིད་སེམས་གཉིས།
ལོ་ཟླས་དེད་པའི་ཟླ་ངོགས་ནས་སླར་ཡང་སོས།
བྲི་གང་མེད་པའི་ཡིད་ཆེས་ཀྱི་དམ་བཅའ་དེ།
ཐོག་མའི་ལག་ཟུང་བསྣོལ་བ་ལས་འཕོས་ཏེ་ཟླ་བར་ཐིམ།
སྐབས་དེ་དག་ལ།
ཆུ་འཛིན་གྱི་སེང་རས་དལ་གྱིས་ཕྱེ་ཞིང་ཟླ་བས་དཀར་ཉམས་ངོམས།
སྙན་ངག་གི་བླ་སྲོག་སླར་ཡང་ལྡང་བས།
ཁྱེད་ཀྱི་སྨྱུག་རྩེ་ནས་བདག་གི་ཁྲག་རྒྱུན་ལུད།
ཡིན་ནའང༌། བརྩེ་དུང་གི་མདུད་རྒྱ་དམ་པའི་ཡིད་སེམས་ཀྱིས།
དྲོད་སྐྱིད་ཀྱི་ཁང་བཟང་ཟླ་ངོགས་ལ་གཡར་ཞིང༌།
ཞིམ་མངར་གྱི་བདུད་རྩི་མིག་ཆུ་རུ་གྲུབ།
ཟླ་བ་ལས་གཏོར་བའི་འོད་དཀར་གྱི་ཟེགས་མ་རེ་རེ།
ངེད་ཅག་སེམས་ཁོང་ན་ཉར་བའི་འཁང་སེམས་ཡིན་ཡང་སྲིད་དེ།
གཞན་དབང་གི་འཆིང་ཞགས་ཁོ་ནས།
ང་ཚོའི་བརྩེ་དུང་གི་ལས་དབང་བསྡམས།
དུས་དེ་ནས། ཟླ་ངོགས་ཀྱི་བསུབ་ཏུ་མེད་པའི་རྐང་རྗེས་དེ་འཚོལ་བཞིན།
ཕྱིར་དྲན་གྱི་ཀློང་ནས་བདེ་བ་ཞིག་འཐོབ་པར་རེ།
བཙན་དབང་གིས་ཁྱེར་བའི་སྐྱིད་སྡུག་འདྲེས་མའི་གཏམ་རྒྱུད།
ནམ་ཡིན་ཡང༌། མོག་མོག་མ་ཡིན་པའི་སྙིང་ཁོང་གི་དེབ་ཐེར་དུ་གསལ་ནའང༌།
ད་ལྟ་སྐྱོ་སྡུག་གི་སྨྲེ་སྔགས་ཁོ་ནས་ཀློག་འདོན་བྱེད་དགོས་བྱུང༌།
བར་སྣང་ནས་སོས་པའི་ཟླ་བ་ནུབ་ཕྱོགས་ནས་རྨས་ཤིང༌།
ས་འཛིན་གྱི་རྩེ་ན་འཁྲིགས་པའི་ཆུ་འཛིན་གྱི་འདབ་མ་རེ་རེས།
ཟླ་བའི་མནལ་སར་མཐའ་མཇུག་གི་ཡོལ་རས་འཐེན་ཟིན་ནའང༌།
ངས་སྨུག་ལོང་གིས་གཡོགས་པའི་ཞིང་ཁམས་དེ་བརྗེད་མ་མྱོང༌།
ངོ་མ་མ་མྱོང༌།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།