གལ་ཏེ་ཁྱོད་རང་ང་ལ་དགའ་ན།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-02

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
རི་རབ་དང་རྒྱ་མཚོ་དཔང་རྟགས་སུ་མི་དགོས་ཏེ།
ཡབ་ཡུམ་གྱི་ཟུངས་ཁྲག་མནའ་ཚིག་ལ་མི་དགོས།
བྲང་ཁོག་གི་དོན་སྙིང་ཡར་བཏེགས་ཏེ།
འགྱུར་མེད་ཀྱི་སྙིང་དེ་བསྟན་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
ངག་འཁྱེར་ཕོ་ཉ་བྲེལ་བའི་ལན་ཆགས་མི་དགོས་ཏེ།
ང་སྙམ་གྱི་ཁ་ཕོས་ཡིད་འགུག་མི་དགོས།
འཛད་མེད་དང་རྒྱུན་རིང་ལ་སུན་སྣང་མི་སྐྱེ་བར།
གངས་སེང་དཀར་མོའི་ལོ་རྒྱུས་ཞིག་བརྗོད་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
གཡུ་བྱུར་གྱི་རྒྱན་ཆའི་ངོ་སོ་མི་དགོས་ཏེ།
གསེར་དངུལ་གྱི་རིན་ཐང་དེ་བས་ཀྱང་མི་དགོས།
མ་ཡུམ་གྱི་ནུ་ཞོའི་དྲི་ངད་མ་ཡལ་བའི།
སྦྲང་ཆང་གི་འོ་ཞིག་གནང་བས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
བཅོས་མའི་མཛུམ་གྱིས་བསུ་མི་དགོས་ཏེ།
ཁ་མཁས་ཚིག་སྙན་གྱི་ཨ་གསར་མི་དགོས།
སྐྱིད་སྡུག་འཚོ་བའི་ལམ་རིང་ལ་སྐྱོད་དུས།
གཅིག་སེམས་གཅིག་ལ་གཏད་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
སྐྱེས་དམན་ལ་འཛིན་པའི་མཐོང་ཆུང་མི་དགོས་ཏེ།
གུས་ཞུམ་གྱི་མགོ་བོ་དུད་པའང་མི་དགོས།
ཕ་མེས་ནས་སྨོན་པའི་དམིགས་འདུན་དེར་བསྙེག་ཕྱིར།
ངེད་གཉིས་ལག་གདངས་དཔུང་གཤིབ་ཀྱིས་ཆོག་གོ
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།

2009-02-02 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
རི་རབ་དང་རྒྱ་མཚོ་དཔང་རྟགས་སུ་མི་དགོས་ཏེ།
ཡབ་ཡུམ་གྱི་ཟུངས་ཁྲག་མནའ་ཚིག་ལ་མི་དགོས།
བྲང་ཁོག་གི་དོན་སྙིང་ཡར་བཏེགས་ཏེ།
འགྱུར་མེད་ཀྱི་སྙིང་དེ་བསྟན་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
ངག་འཁྱེར་ཕོ་ཉ་བྲེལ་བའི་ལན་ཆགས་མི་དགོས་ཏེ།
ང་སྙམ་གྱི་ཁ་ཕོས་ཡིད་འགུག་མི་དགོས།
འཛད་མེད་དང་རྒྱུན་རིང་ལ་སུན་སྣང་མི་སྐྱེ་བར།
གངས་སེང་དཀར་མོའི་ལོ་རྒྱུས་ཞིག་བརྗོད་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
གཡུ་བྱུར་གྱི་རྒྱན་ཆའི་ངོ་སོ་མི་དགོས་ཏེ།
གསེར་དངུལ་གྱི་རིན་ཐང་དེ་བས་ཀྱང་མི་དགོས།
མ་ཡུམ་གྱི་ནུ་ཞོའི་དྲི་ངད་མ་ཡལ་བའི།
སྦྲང་ཆང་གི་འོ་ཞིག་གནང་བས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
བཅོས་མའི་མཛུམ་གྱིས་བསུ་མི་དགོས་ཏེ།
ཁ་མཁས་ཚིག་སྙན་གྱི་ཨ་གསར་མི་དགོས།
སྐྱིད་སྡུག་འཚོ་བའི་ལམ་རིང་ལ་སྐྱོད་དུས།
གཅིག་སེམས་གཅིག་ལ་གཏད་པས་ཆོག

གལ་ཏེ་ཁྱོད་རང་ང་ལ་དགའ་ན།
སྐྱེས་དམན་ལ་འཛིན་པའི་མཐོང་ཆུང་མི་དགོས་ཏེ།
གུས་ཞུམ་གྱི་མགོ་བོ་དུད་པའང་མི་དགོས།
ཕ་མེས་ནས་སྨོན་པའི་དམིགས་འདུན་དེར་བསྙེག་ཕྱིར།
ངེད་གཉིས་ལག་གདངས་དཔུང་གཤིབ་ཀྱིས་ཆོག་གོ
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།