གནས་ཡུལ་འགྲིམ་པའི་སྲིང་ཆུང་མ།

སྲིང་ཆུང་མ། བདག་གི་སྲིང་མོ་བཞི་བ།
མིག་ཟུང་གཉོམ་པོས་ང་ལ་ལྟ་དུས་ལམ་ལ་ཆས་རན།
སྐབས་དེར། ངའི་སེམས་པ་ཧ་ཅང་གྲང༌།

ཞག་གང་བོར། ཁོ་མོའི་འཇིག་རྟེན་བརླན་ཞིང་གཤེར།
ཆེས་ཐུང་བའི་རྨི་ལམ་གྱི་མེ་ཏོག་སྒྲུག་དུས།
ཐོ་རེངས་སྐར་ཆེན་གྱི་མིག་ཆུ་ཤམ་ཤམ་ཤོར།

གཡུ་བྱུར་དང་སྐྱོ་ངལ་འཁུར་བའི་སྲིང་ཆུང་མ།
ལམ་ལ་ཆས་དུས། ཁ་བ་ལྷབ་ལྷུབ་བབས།
སྐབས་དེར་ངའི་སེམས་པ་ཧ་ཅང་གྲང༌།

ངུ་དབྱངས་སྐྱུར་མོ་དེ་སུ་ཞིག་གི་དྲན་པར་ཐོགས།
ཕ་མས་ཀྱང་འབྱོར་ཕྱུག་གི་རྟོགས་བརྗོད་ཀློག་ས།
བྲང་གཞོང་ན་ལྩི་བའི་སྡུག་ཡུས་མཐུག་པོ་དེ་སུ་ལ་སྟོན།

མི་ལོ་བཅུ་དྲུག་ལ་སྤོས་པའི་སྲིང་ཆུང་མ།
རྐང་རྗེས་ཆུང་ཆུང་རེ་བསྐྱུར་ནས་རྒྱང་ལ་བུད་སོང༌།
སྐབས་དེར། ངའི་སེམས་པ་ཧ་ཅང་གྲང༌།

ཁོ་མོ་འདི་ལྟར་ཐག་རིང་ཞིག་ལ་བུད་སོང༌།
ཕྱི་མིག་གི་སེམས་པ་ཕྲ་མོ་སྐྱོར་ནས་བུད་སོང༌།
དེ་དུས། ངའི་སེམས་པ་ལྷག་ཏུ་གྲང་བྱུང༌།

དེ་ནས་བཟུང༌། ངའི་སྨྲ་བརྗོད་ཡོད་ཚད་སྐྱ་ཐིང་ཐིང༌།
ཁ་བ་ཇི་བཞིན། མེ་ཏོག་ཇི་བཞིན།
ཁ་དོག་མི་གཅིག་པའི་ན་ཟུག་མང་པོ་ཞིག་སྙིང་ཁར་སྤུངས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནས་ཡུལ་འགྲིམ་པའི་སྲིང་ཆུང་མ།

2008-11-30 ལྡོང་ཆུ་ཤེལ། ཀློག་གྲངས། མཆན ཡོད།

སྲིང་ཆུང་མ། བདག་གི་སྲིང་མོ་བཞི་བ།
མིག་ཟུང་གཉོམ་པོས་ང་ལ་ལྟ་དུས་ལམ་ལ་ཆས་རན།
སྐབས་དེར། ངའི་སེམས་པ་ཧ་ཅང་གྲང༌།

ཞག་གང་བོར། ཁོ་མོའི་འཇིག་རྟེན་བརླན་ཞིང་གཤེར།
ཆེས་ཐུང་བའི་རྨི་ལམ་གྱི་མེ་ཏོག་སྒྲུག་དུས།
ཐོ་རེངས་སྐར་ཆེན་གྱི་མིག་ཆུ་ཤམ་ཤམ་ཤོར།

གཡུ་བྱུར་དང་སྐྱོ་ངལ་འཁུར་བའི་སྲིང་ཆུང་མ།
ལམ་ལ་ཆས་དུས། ཁ་བ་ལྷབ་ལྷུབ་བབས།
སྐབས་དེར་ངའི་སེམས་པ་ཧ་ཅང་གྲང༌།

ངུ་དབྱངས་སྐྱུར་མོ་དེ་སུ་ཞིག་གི་དྲན་པར་ཐོགས།
ཕ་མས་ཀྱང་འབྱོར་ཕྱུག་གི་རྟོགས་བརྗོད་ཀློག་ས།
བྲང་གཞོང་ན་ལྩི་བའི་སྡུག་ཡུས་མཐུག་པོ་དེ་སུ་ལ་སྟོན།

མི་ལོ་བཅུ་དྲུག་ལ་སྤོས་པའི་སྲིང་ཆུང་མ།
རྐང་རྗེས་ཆུང་ཆུང་རེ་བསྐྱུར་ནས་རྒྱང་ལ་བུད་སོང༌།
སྐབས་དེར། ངའི་སེམས་པ་ཧ་ཅང་གྲང༌།

ཁོ་མོ་འདི་ལྟར་ཐག་རིང་ཞིག་ལ་བུད་སོང༌།
ཕྱི་མིག་གི་སེམས་པ་ཕྲ་མོ་སྐྱོར་ནས་བུད་སོང༌།
དེ་དུས། ངའི་སེམས་པ་ལྷག་ཏུ་གྲང་བྱུང༌།

དེ་ནས་བཟུང༌། ངའི་སྨྲ་བརྗོད་ཡོད་ཚད་སྐྱ་ཐིང་ཐིང༌།
ཁ་བ་ཇི་བཞིན། མེ་ཏོག་ཇི་བཞིན།
ཁ་དོག་མི་གཅིག་པའི་ན་ཟུག་མང་པོ་ཞིག་སྙིང་ཁར་སྤུངས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།