ངག་གི་ཕོ་ཉ།

བུ་བུ་མོ་ཚོར་བསྲིངས་པ།

ཁྱོད་ལ་མཚོན་ན་ཧི་མ་ལ་ཡ་ནི་ཆེས་མཐོ་བའི་གངས་རི་ཙམ་དུ་མཐོང་མོད།

ཡིན་ནའང་དེ་ནི་ཁྱོད་ཀྱི་བླ་རི་ཡིན།

ཁྱོད་ལ་མཚོན་ན་མཚོ་སྔོན་པོར་ངག་རྒྱུན་སྙན་མོ་ཞིག་ལས་ཁྱད་ཆོས་གཞན་མེད་མོད།

ཡིན་ནའང་དེ་ནི་ཁྱོད་ཀྱི་བླ་མཚོ་ཡིན།

ཁྱོད་ལ་མཚོན་ན་མདོ་དབུས་མཐོ་ལྗོངས་ནི་མཚོ་ངོས་ལས་ཧ་ཅང་མཐོ་བའི་འཁྱག་

གྲང་གི་འཇིག་རྟེན་ཞིག་ཏུ་ངེས་མོད།

ཡིན་ནའང་། དེ་ནི་ཁྱོད་ཀྱི་ཕ་ས་ཡིན།

བསྒྱུར་དུ་མེད་པའི་ཕ་མ། སྤང་དུ་མེད་པའི་ཕ་ས།

ཁྱོད་ཀྱིས་ནམ་ཡང་།

མདོ་དབུས་མཐོ་ལྗོངས་ཀྱི་ག་ཤེད་ཀྱི་ལུང་ཁུག་ཅིག་ན།

ཀ་ཁ་དང་ཡིག་དྲུག་དབྱངས་སུ་གྱེར་བའི་རང་གི་གཉེན་ཉེ་ཡོད་ཅིང་།

དར་ལྕོག་དང་བསང་དུད་ལིང་ལིང་གཡོ་བའི་རི་ཞོད་ཅིག་ན།

སྙིང་ཉེ་ཉེ་དང་བྱམས་དུང་དུངས་ཀྱི་མིག་མདངས་མང་བོ་ཁྱོད་ལ་

ཕྱོགས་ཡོད་སྙམ་དུ་སོམས་ལ།

རང་གི་མི་ཚེ་དང་སེམས་ཅན་གྱི་སྐྱིད་སྡུག་ལ་སྙིང་སྟོབས་སྐྱེད་ཅིག་དང་།

རྨི་ལམ་ལྟ་བུའི་མི་ཚེ། མེ་ཏོག་ལྟ་བུའི་མི་ཡུལ།

གདུག་རྩུབ་ཀྱི་གཡུལ་ས། ཡང་ན་མཛེས་སྡུག་གི་རྩེད་ར་འདི་ནས།

ཁྱོད་ཀྱིས་སྐྱེན་པོའི་བློ་རིག་སྡུར་ཞིང་།

ཁྱོད་ཀྱིས་རྒོད་པོའི་དཔུང་བ་ངོམ་དུས།

ཕ་མེས་ཀྱི་དགྲ་ལྷའི་ཚོགས་ཀྱིས་ཁྱོད་ལ་ནམ་ཡང་སྤྱན་གྱིས་འཚོས་ཡོད།

ཕ་ཡུལ་གྱི་སྐྱེས་ལྷའི་ཚོགས་ཀྱིས་ཁྱོད་ལ་ནམ་ཡང་སེམས་ཁུར་གྱིས་ཐིངས་ཡོད།

ཁྱོད་གང་དུ་ཡོད་ཀྱང་ནམ་ཡང་ཁེར་རྐྱང་ཡིན་མི་སྲིད།

ཁ་ཡ་ན་ཟླ་ཚོར་ཕུལ་བ།

ནམ་མཁའ་ཅི་ཙམ་ཆེ་བར་འཛེམ་མི་དགོས།

རྒྱ་མཚོ་ག་འདྲ་ཟབ་པར་སྐྲག་མི་དགོས།

མཛེས་སྡུག་གི་སེམས་ཀྱིས།

འཆད་འདོད་པ་ལྷང་ལྷང་བཤད་ཅིང་།

འཇོ་སྒེག་གི་ཉམས་ཀྱིས།

བསྒྲུབ་སྙམ་པ་ཏན་ཏན་གྱིས་བསྒྲུབས་ན།

ང་ཚོ་ནམ་ཡང་འགྲིག་ཅིང་བདེན་ལ།

ང་ཚོ་ནམ་ཡང་དོན་དམ་གྱི་བདག་པོ་ཡིན།

ཅི་ལ་ཡང་ཁ་ཡ་ཡི་བྱེད་པར།

ནམ་ཡང་བརྒལ་མི་ཚར་བའི་རི་བོ་དེ་རྡོག་པས་ནོན་པར་གྱིས་ཤིག་ཨང་།

ཕ་མེས་ཚོར་ཕུལ་བ།

ཡར་ཀླུང་གཙང་བོས།

འཛད་མེད་ཀྱི་རྨི་ལམས་ཁྱེར་ནས།

ཧིན་རྡུ་རྒྱ་མཚོར་ལྷུང་ལྷུང་འབབ་དུས།

གཡང་རོང་སྟོང་ཕྲག་གི་དཀའ་ཁག་བརྗེད་ཡོད་དམ།

རྨ་འབྲི་ལི་མས།

ཞུམ་མེད་ཀྱི་སྤོབས་པ་ཐོགས་ནས།

ཞི་བདེ་རྒྱ་མཚོར་ཆལ་ཆིལ་འདྲེས་དུས།

ཡན་ལག་བརྒྱད་ཀྱི་ངོ་བོ་བཟུང་ཡོད་དམ།

ཧི་མ་ལ་ཡར་མགོ་བོ་བསྔས་ཤིང་།

མདོ་དབུས་མཐོ་ལྗོངས་སུ་གན་རྐྱལ་དུ་ཉལ་ཏེ།

ང་ད་ལྟ་བདེ་ཞིང་སྐྱིད། བདེ་ཞིང་སྐྱིད།

རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་གི་ཕོ་ཉ།

2009-12-18 གངས་ཞུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།