སྣང་བ།
དེ་དུས་ང་ཕོ་གསར་ཆུང་ཆུང་ཡིན།
ཁྱོད་ཚོས་བཤད་མྱོང་། ངའི་སྣང་བ་དགུང་སྔོན་གནམ་ན་འཕྱོ།
སྣང་བ་ཡིས། ང་ལ་ཕུགས་བསམ་གནང་ལ།
ལམ་རིང་མོ་རེ་བས་སྦར།
ང་འགྲོ་དུས་ཟླ་བཞི་བའི་མེ་ཏོག་ད་དུང་བཞད་མི་འདུག
ང་དལ་ཅག་གེར། ཞོགས་པ་ཞིག་གི་ཟིལ་བ་དང་མཉམ་དུ་ཡལ་སོང་།
དེ་ནས་བཟུང་།
གཞོན་ནུ་ཞིག་གི་སྣང་བ་ཁྱོད་ཚོའི་སེམས་སུ་འཛུལ་ཡོད།
ད་ལྟ། སྐྱིད་ཆུའི་འགྲམ་གྱི་ལྕང་མ་ཞིག་དང་ངེད་གཉིས།
ཡང་དལ་ཅག་གེར་བསྡད་ཡོད།
བསིལ་རླུང་གིས་ག་ལེར་གཡུགས་ནས།
དཔྱིད་ཀ་དང་བདེ་སྐྱིད་སྐྱེལ་གྱིན་ཡོད།
ཉིན་ཞིག ཁྱོད་ཚོ་ཡང་ཡང་ལམ་དུ་ཆས་དགོས།
ལམ་དུ་མེ་ཏོག་མཐོང་ན།
ཁ་གཡང་རེ་བོས་དང་།
དེ་ནི་ང་ཚོའི་སྣང་བ་ཡིན།
རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།