དབྱར་ཁ་ཞིག་འདི་ལྟར་བུད་སོང་།

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

ངས་ད་དུང་ཚོར་གྱིན་མི་འདུག

ཆར་ཆུ་མོད་པའི་དབྱར་གཞུང་འདིར།

བདག་གི་གློ་སྙིང་ཧྲིལ་བོ་རླན་གཤེར་གྱིས་བསང་ཤིང་།

དེ་རིང་གི་ནམ་མཁའ་གློ་བུར་ཐང་བས།

ཉི་འོད་ང་ལ་འཕྲོས་ཤིང་།

སེམས་འགུལ་ང་ལ་ཐེབས་དུས།

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

འདམ་རྫབ་ཀྱིས་སྦགས་པའི་སྲང་ཀྱོག་རེ་རེ་དང་།

སྲང་ཀྱོག་གིས་གཏོར་པའི་ཉམ་ཆུང་གི་གྲོང་བརྡལ་ཏེ།

ཁེར་རྐྱང་དང་སྨྲེང་སེམས་ཀྱིས་སྡོད་དུས།

འོད་ཐིགས་ལྟ་བུའི་བདེ་སྣང་ཙམ་ཡང་ཁུ་བྱུག་གི་གསུང་སྐད།

ཁོ་བོའི་རྣ་ཡི་བདུད་རྩི་རུ་མ་བྱོ་ལ།

སྤང་ལྗོངས་སྔོན་མོར་བཞད་པའི་མེ་ཏོག་གི་འཛུམ་ཆུང་།

ཁོ་བོའི་མིག་གི་དགའ་སྟོན་དུ་མ་གྱུར་པར།

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

ཡོད་ཚད་འདས་སོང་དུ་འགྱུར་དགོས་པ་ཆོས་ཉིད་ཡིན་ལ།

ཡོད་ཚད་ཡང་བསྐྱར་མགོ་བརྩམས་ངེས་པའང་བཤད་སྒྲོས་ཙམ་མིན།

ལོ་འདིར་གསེར་ལས་ལྷག་པའི་མི་སྐོར་ཞིག་བདག་དང་ཁ་གྱེས་སོང་།

བདག་ཁོང་ཚོ་དང་གཏན་ནས་གཉེན་ཉེ་ཁོང་ཚོ།

ཐང་ཆད་པའི་ཁོང་ཚོ།

ས་ཆ་མེད་ཅིག་ན་སེམས་ཚེགས་མེད་པར་ངལ་དུབ་གསོ་བཞིན་ཡོད་ངེས་།

ཁྲ་ལམ་མེའི་དབྱར་ཁ་ཞིག་རྒུད་པ་དང་ཀུན་ནས་མཚུངས་པའི།

འདས་དོན་དེ་དག་ལ་མཚོན་ན།

འཚོ་བཞིན་པའི་ཚེ་སྲོག་གིས་བསྙལ་པའི་མིག་ཆུ་རྐྱང་རྐྱང་ཡིན།

མི་ཚེ་ནི་འགྲུལ་བཞུད་ཅིག་རེད་ལ།

མི་ཚེའང་མཐར་ཐུག་ན་དཀའ་སྡུག་ཅིག་རེད།

བདག་གིས་ལྗིད་ཏིག་ཏིག་གི་མཆི་མ་དེ་དག་དང་།

སྐྱོ་ལྷང་ལྷང་གི་གདུང་དབྱངས་དེ་དག་དྲན་དུས།

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

ཚ་ལམ་ལམ་གྱི་དབྱར་ཁ་མང་བོ་ཞིག

བདག་དང་བདག་གི་སྙན་ངག་བརྒྱུད་ནས་བུད་སོང་།

ཚེ་སྲོག་དང་བསམ་བློ་བརྒྱུད་ནས་བུད་སོང་།

བདག་གི་གཏིང་རིམ་གྱི་ལྗིད་དྲགས་པའི་ནང་དེ་ནི།

ནམ་ཡང་གསོ་ཐབས་བྲལ་པའི་བདེ་ཐང་དེ་ཡིན་ཅིང་།

ང་ལ་མཚོན་ན་ཆེས་ཆེ་བའི་སྡུག་བསྔལ་དེའང་།

ང་ཡི་ཉི་འོད་དང་ནགས་ཀློང་། གངས་རི་དང་བྲག་རྡོ་ཐམས་ཅད་ཀྱང་།

ཐོག་མཐའ་མེད་པའི་འཁོར་བར་བྱིང་སྟེ།

སྐྱེས་འཇུག་གི་མགོ་རྔ་ཡང་ཡང་ལྡོག་པ་ལས་གཞན་ཅི་ཡོད།

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

ངས་ད་དུང་ཚོར་གྱིན་མི་འདུག

རྩོམ་ཁུངས། ༢༠༠༦ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་ཁ་ཞིག་འདི་ལྟར་བུད་སོང་།

2009-12-14 ལྷ་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།