ཐོར་ཤོར་གྱི་ལོ་ཟླ།

གཏམ་རྒྱུད་ཀྱི་དགོངས་དོན་ཆེ་རུ་ཕྱིན་པ་ནས

ངས་རང་གི་བྲང་སྙིང་ལ་བྱ་རྒོད་འབབ་པར་རེ་སྒུག་བྱས

ངའི་བརྩེ་འདང་ལ་ལྕགས་མཁར་བསྐོར་མཁས་ཀྱི་བདག་མོ་ཞིག

མ་གཞི་ནས་ངའི་ལུས་སེམས་ལ་ཐིམས་ནས་ཡུན་རིང་འགོར་འདུག

 

ཕ་གི་ནི་འབྲོང་དང་ཤྭ་རྐྱང་འཚོ་བའི་བྱང་ཐང་ངམ

ཡང་ན་སྤྱང་ལྟོགས་ཀྱི་ངུ་འབོད་རི་ལ་ཟུག་པའི་མྱ་ངམ་ཐང་སྟེ

ང་ཚོའི་སེམས་ཁོང་ལ་ཁ་བ་བབས་པའི་ཕམ་ཉེས་ཀྱི་ལོ་ཟླ་ཡིན

 

ད་ལྟ  རས་པ་ཚོ་ཐག་རིང་དུ་སོང་ནས་ཕྱིར་ལོག་རྒྱུ་མི་འདུག་ལ

ནང་གུང་སྒོ་མོ་རྡུང་མཁན་དེ་ཡང་རྨི་ལམ་གྱི་གས་སྲུབས་ཤིག་ལ་འཛུལ་ནས་གདའ

འཆི་བ་འཆི་བ་ཟེར་ཞོར་དངངས་སྐྲག་སྐྱེས་བཞིན་པའི་མི་རྣམས་ཡང

ད་ནི་ཁ་སྦུབ་ཏུ་ཉལ་ནས་སྔུར་བ་ལྗིད་མོ་ཞིག་འཐེན་བཞིན་འདུག

 

ནམ་རྒྱུན་ང་ལ་སྨོན་འདུན་སློང་མཁས་ཀྱི་བྱེའུ་དེ་འཕུར་སོང

ནམ་རྒྱུན་ང་ལ་དོགས་པ་སློང་མཁས་ཀྱི་རླུང་བུ་དེ་ཡལ་སོང

ཅིས་ཀྱང་འགྲོ་དགོས་པའི་བརྡ་ལ་རི་ཚོགས་ཀྱི་མགོ་བོ་ཀྲོག་ཀྲོག་བྱེད

 

རི་ཀླུང་དེའི་གསང་རྒྱས་ངའི་སེམས་ཁོང་གི་སྒོ་མོ་ཕྱེས་པས

མཆོད་རྟེན་དེའི་གྲིབ་མས་ངའི་སེམས་ཁོང་གི་ར་རི་བཀྲུས་པས

ད་ནི་ང་ལ་གཉེས་གཤིན་གྱི་གཤོག་པ་ཆ་གཅིག་ཐོབ་འདུག

ད་ནི་ང་ལ་རྩྭ་ཐང་བཞིན་གྱི་ཡངས་པའི་བློ་རྒྱ་ཞིག་ཐོབ་འདུག

 

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོར་ཤོར་གྱི་ལོ་ཟླ།

2009-12-10 གེ་སར། ཀློག་གྲངས། མཆན ཡོད།

གཏམ་རྒྱུད་ཀྱི་དགོངས་དོན་ཆེ་རུ་ཕྱིན་པ་ནས

ངས་རང་གི་བྲང་སྙིང་ལ་བྱ་རྒོད་འབབ་པར་རེ་སྒུག་བྱས

ངའི་བརྩེ་འདང་ལ་ལྕགས་མཁར་བསྐོར་མཁས་ཀྱི་བདག་མོ་ཞིག

མ་གཞི་ནས་ངའི་ལུས་སེམས་ལ་ཐིམས་ནས་ཡུན་རིང་འགོར་འདུག

 

ཕ་གི་ནི་འབྲོང་དང་ཤྭ་རྐྱང་འཚོ་བའི་བྱང་ཐང་ངམ

ཡང་ན་སྤྱང་ལྟོགས་ཀྱི་ངུ་འབོད་རི་ལ་ཟུག་པའི་མྱ་ངམ་ཐང་སྟེ

ང་ཚོའི་སེམས་ཁོང་ལ་ཁ་བ་བབས་པའི་ཕམ་ཉེས་ཀྱི་ལོ་ཟླ་ཡིན

 

ད་ལྟ  རས་པ་ཚོ་ཐག་རིང་དུ་སོང་ནས་ཕྱིར་ལོག་རྒྱུ་མི་འདུག་ལ

ནང་གུང་སྒོ་མོ་རྡུང་མཁན་དེ་ཡང་རྨི་ལམ་གྱི་གས་སྲུབས་ཤིག་ལ་འཛུལ་ནས་གདའ

འཆི་བ་འཆི་བ་ཟེར་ཞོར་དངངས་སྐྲག་སྐྱེས་བཞིན་པའི་མི་རྣམས་ཡང

ད་ནི་ཁ་སྦུབ་ཏུ་ཉལ་ནས་སྔུར་བ་ལྗིད་མོ་ཞིག་འཐེན་བཞིན་འདུག

 

ནམ་རྒྱུན་ང་ལ་སྨོན་འདུན་སློང་མཁས་ཀྱི་བྱེའུ་དེ་འཕུར་སོང

ནམ་རྒྱུན་ང་ལ་དོགས་པ་སློང་མཁས་ཀྱི་རླུང་བུ་དེ་ཡལ་སོང

ཅིས་ཀྱང་འགྲོ་དགོས་པའི་བརྡ་ལ་རི་ཚོགས་ཀྱི་མགོ་བོ་ཀྲོག་ཀྲོག་བྱེད

 

རི་ཀླུང་དེའི་གསང་རྒྱས་ངའི་སེམས་ཁོང་གི་སྒོ་མོ་ཕྱེས་པས

མཆོད་རྟེན་དེའི་གྲིབ་མས་ངའི་སེམས་ཁོང་གི་ར་རི་བཀྲུས་པས

ད་ནི་ང་ལ་གཉེས་གཤིན་གྱི་གཤོག་པ་ཆ་གཅིག་ཐོབ་འདུག

ད་ནི་ང་ལ་རྩྭ་ཐང་བཞིན་གྱི་ཡངས་པའི་བློ་རྒྱ་ཞིག་ཐོབ་འདུག

 

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།