གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་ལྟེ་སྙིང་དུ་འཁོར་གྱིན་འདུག

2009-12-08 10:55:00 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

ཁེར་རྐྱང་གི་སྙན

སྙན་ངག་གིས་ཅི་ཞིག་སྐྱོབ་ཐུབ་ཨང

ཐག་རིང་གི་སྔོ་ཡུག་ཡུག་གི་རྒྱ་མཚོ་དེ

དེའི་ངོས་ནས་གཡེང་བའི་ཀོ་གྲུ་ཆུང་ཆུང་དེ

ཁྱོད་ཀྱི་ཕ་ཡུལ་ལྟར་ཁ་ཐག་ཇི་འདྲ་ཉེ་ན་རྒྱང་རིང་དེ་བཞིན་རིང་བར་སྣང

 

དུས་ཚོད་ལྟེ་སྙིང་དུ་འཁོར་གྱིན་འདུག

སྟོང་སྒྲ་མིན་པའི་ཐལ་སྒྲ་རེ་རེ་ཨང

སྐད་ཅིག་མི་སྡོད་པའི་མདེའུ་རྩེ་རེ་རེ་ཨང

བསྐྱར་ཟློས་མེད་པར་སྔོན་དུ་བགྲོད་པའི་ཆོས་ཉིད་ལས

འཇིག་རྟེན་འཇིག་རྟེན་དུ་གྲུབ

 

དུས་ཚོད་ཐག་ཐག་གིས་ལྟེ་སྙིང་དུ་འཁོར་བའང

དབེན་འཇགས་ལ་སྟོང་སྐོར་རྒྱག་པ་ག་ལ་ཡིན

ཉི་མ་ནུབ་ཕྱོགས་སུ་མ་ཡིབ་གོང

གྲིབ་མས་རི་ལུང་མ་ཁེབས་གོང

ངས་རྩྭ་ཐང་གི་སྐྱི་གཉེར་རེ་རེ་དང

དེའི་ལྟེབ་ཁུགས་ན་རྒས་གྱིན་པའི་འགྱོད་གདུང་གང་མང་ཁྱེར་ནས

དུས་ཚོད་ལྟ་བུའི་མི་ཡུལ་གྱི་ལྟ་སྙིང་ལ་འགྲོ་ན་འདོད

 

རབ་རིབ་དང་མག་མོག་གི་འདས་སོང

ཞིང་གྲོང་དང་སྒྱིད་ལུག་གི་ལོ་ཟླ

ཕངས་མེད་འགྱོད་མེད་ཀྱི་དུས་རབས་མང་པོ་ལོ་རྒྱུས་ལ་འཐིམས་པས

དུས་ཚོད   ལྷོད་གཡེང་ཁྲོད་ཀྱི་བག་ཕེབས་ལས་ང་འཐེན་རོགས

དུས་ཚོད  ང་ཁྲིད་ནས་ཐག་རིང་གི་ཉི་མའི་གྲོང་ཁྱེར་ལ་འགྲོ་རོགས

 

དབྱར་དགུན་སྟོན་དཔྱིད་དུས་ལྟར་བརྗེ་བཞིན་འདུག

ཉིན་མཚན་རེས་མོས་ཀྱིས་གཏན་དུ་འཁོར་གྱིན་འདུག

མིག་གིས་འཛམ་གླིང་མི་མཐོང་རུང

སེམས་ཀྱིས་རང་ཉིད་མི་རྙེད་རུང

དུས་ཚོད་ལྟེ་སྙིང་དུ་འཁོར་གྱིན་འདུག

ཚེ་སྲོག་མང་པོ་མདུན་ནས་བསུས་ཏེ་རྒྱབ་ཏུ་བསྐྱུར་གྱིན

དུས་ཚོད་ཐག་ཐག་གིས་ལྟེ་སྙིང་དུ་འཁོར་གྱིན་འདུག

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།