ཆར་བ་འབབ་ཐེངས་རེར།

ཆར་བ་འབབ་ཐེང་རེར་རི་ཀླུང་གི་སྐྲ་ལོ་དང་ཇེ་རིང་དུ་སོང

དཔྱིད་ཀ་དེས་ཀྱང་བུ་མོ་ཞིག་གི་ཚུལ་དུ་ལང་ཚོའི་བཀྲག་མདངས་ངོམ

ཆར་བ་དེ་དབུགས་ལྷེམ་ལྷེམ་བྱེད་མཁན་དུ་ངའི་སྙིང་དང་གློ་བའི་སྲུབས་ཏུ་འབབ་ཅིང

ལུས་སེམས་གཉིས་རྐྱ་འཐབ་པའི་སྒལ་གཞུང་དུ་བདེ་བ་ཞིག་ལྷོད་ཀྱིས་འོང

ཆར་བ་འབབ་ཐེངས་རེ་རེར  སེམས་པ་ལྷོད་ལ་བབས་པ་སུ་ཞིག་གིས

དྲན་གདུང་ལྷག་མ་འགའ་ཕ་ཡུལ་དུ་སྤྲིངས་སྲིད་དམ

 

ཆར་བ་འབབ་ཐེངས་རེར་འཇིག་རྟེན་གྱི་ངོ་གདོང་ཡང་གསར་བ་ཞིག་མངོན

ཆར་པ་དེས་བདེ་སྐྱིད་འཁྱེར་ཏེ    ད་དུང་ལོ་ཡག་འཁྱེར་ཏེ

འབྲུ་རིགས་གཉོར་མཁན་གྱི་ཞིང་པ་དག་གི་མྱ་ངམ་དང་ས་གཞི་བརླན

དུས་ངེས་མེད་དུ་འབབ་པའི་ཆར་བ་དེས

ས་ཞིང་དང་ངོ་གདོང  སྡུག་བསྔལ་ཀྱིས་ལྕི་བའི་སེམས་པར་སྣུམ་ཞགས་ཤིག་བསྣན

ཆར་བ་འབབ་ཐེངས་རེར་མི་རྣམས་ཀྱི་ཕྱི་ནང་དེ  ངོ་ལྐོག་དེ

དྲི་མ་དང་བྲལ་ཞིང་གཙང་མར་དག་ཐུབ་བམ

བལྟ་བྱེད་མེ་ལོང་བཞིན་གཙང་མར་གནས་ཐུབ་བམ

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ་འབབ་ཐེངས་རེར།

2009-12-05 ཁ་བ་དཀར་པོ། ཀློག་གྲངས། མཆན ཡོད།

ཆར་བ་འབབ་ཐེང་རེར་རི་ཀླུང་གི་སྐྲ་ལོ་དང་ཇེ་རིང་དུ་སོང

དཔྱིད་ཀ་དེས་ཀྱང་བུ་མོ་ཞིག་གི་ཚུལ་དུ་ལང་ཚོའི་བཀྲག་མདངས་ངོམ

ཆར་བ་དེ་དབུགས་ལྷེམ་ལྷེམ་བྱེད་མཁན་དུ་ངའི་སྙིང་དང་གློ་བའི་སྲུབས་ཏུ་འབབ་ཅིང

ལུས་སེམས་གཉིས་རྐྱ་འཐབ་པའི་སྒལ་གཞུང་དུ་བདེ་བ་ཞིག་ལྷོད་ཀྱིས་འོང

ཆར་བ་འབབ་ཐེངས་རེ་རེར  སེམས་པ་ལྷོད་ལ་བབས་པ་སུ་ཞིག་གིས

དྲན་གདུང་ལྷག་མ་འགའ་ཕ་ཡུལ་དུ་སྤྲིངས་སྲིད་དམ

 

ཆར་བ་འབབ་ཐེངས་རེར་འཇིག་རྟེན་གྱི་ངོ་གདོང་ཡང་གསར་བ་ཞིག་མངོན

ཆར་པ་དེས་བདེ་སྐྱིད་འཁྱེར་ཏེ    ད་དུང་ལོ་ཡག་འཁྱེར་ཏེ

འབྲུ་རིགས་གཉོར་མཁན་གྱི་ཞིང་པ་དག་གི་མྱ་ངམ་དང་ས་གཞི་བརླན

དུས་ངེས་མེད་དུ་འབབ་པའི་ཆར་བ་དེས

ས་ཞིང་དང་ངོ་གདོང  སྡུག་བསྔལ་ཀྱིས་ལྕི་བའི་སེམས་པར་སྣུམ་ཞགས་ཤིག་བསྣན

ཆར་བ་འབབ་ཐེངས་རེར་མི་རྣམས་ཀྱི་ཕྱི་ནང་དེ  ངོ་ལྐོག་དེ

དྲི་མ་དང་བྲལ་ཞིང་གཙང་མར་དག་ཐུབ་བམ

བལྟ་བྱེད་མེ་ལོང་བཞིན་གཙང་མར་གནས་ཐུབ་བམ

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།