གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཙང་པོའི་འགྲམ་དུ།(ཞར་བཀོད་གཅིག)

2009-12-04 10:24:00 འཆིང་གྲོལ། ཀློག་གྲངས། མཆན ཡོད།

སེམས་པ་འདི་གཙང་པོར་འགྲོག་ནས་བཞུར་ཚར་ཀྱང

སེམས་པ་འདི་གཙང་པོ་དང་དབྱེར་མེད་དུ་འདྲེས་མ་ཐུབ

སྣས་མི་ཚུགས་པའི་ལྗན་ལྗིན་མང་པོ་ཧ་ཅང་གཉོམ་ཆུང་གི་ཚུལ་གྱིས

ཟིལ་བ་ལྟ་བུའི་མཛེས་སྡུག་གི་ངོ་བོར་སྤྲུལ་ཡོད་ཚུལ་ལ་བསམ་ན

ང་ལ་རང་ཉིད་ཀྱི་ལང་ཚོ་གཏོང་བའི་ལྷག་བསམ་གང་ན་ཡོད

 

རྩི་ཤིང་གིས་མ་ཐེག་པར་ཡོད་པའི་ཟིལ་ཐིགས་ཀྱི་གཤིས་ལུགས་ལ

རང་ཉིད་ཀྱིས་ཁེངས་རློམ་གྱི་རྡོག་པས་གཞུས་པ་གྲངས་མེད་ན

རྣམ་སྨིན་གྱི་སེང་རས་བདག་གིས་མི་གྱོན་པར་སུས་གྱོན

 

གན་རྐྱལ་དུ་ལོག་ནས་མིག་ཟུང་བགྲད་ཀྱང

ངས་མཐིང་མདོག་གི་ནམ་མཁའ་མཐོང་མ་སོང

ལུད་པ་ཞིག་གིས་ངའི་སྨྲ་སྒོ་བཅད་མྱོང་བ་བདེན་ཡང

ཆུའི་ཟེགས་མ་ནི་ཕྱི་གསལ་ནང་གསལ་ཞིག་ཡིན་པ་མིན་ནམ

 

བདེན་ཏེ   ངས་རང་ཉིད་ཀྱི་མིག་ཟུང་ག་འདྲ་ཞིག་ཡིན་མིན་ལ་བསམ་བློ་གཏོང་འོས

 

དཀར་ཡོལ་ནས་འབྲུ་མ།

 

དཀར་ཡོལ་ནས་འབྲུ་མ་བཞི་བོ

སྐུ་འབུམ་ཚོང་ར་ནས་ཉོས་པ་རེད

དཀར་ཡོལ་ནས་འབྲུ་མ་བཞི་ཉོ་དོན

ཕུ་ནུའི་འདང་བརྩེ་དེས་བསྐུལ་བ་ཡིན་ངེས

 

དཀར་གཙང་གཙང་དེ་དཀར་ཡོལ་གྱི་ཁ་དོག་ཡིན་ན

ཚ་ལམ་ལམ་དེ་ཕུ་ནུའི་འདང་བརྩེ་ཅི་ལ་མིན

དཀར་ཡོལ་བཞི་བོ་སྒམ་སྤུན་ཡིན་ན

ཕུ་ནུ་བཞི་བོ་སྲོག་སྤུན་ཅི་ལ་མིན

དཀར་ཡོལ་ནས་འབྲུ་མ་བཞི

ངས་ནམ་རྒྱུན་བཀྲུས་ཤིང་ཕྱིས་པ་ཡིན

དཀར་ཡོལ་ནས་འབྲུ་མ་བཞི་བོ

ཕན་ཚུན་ལ་ཐོགས་ཏེ་སིང་སྒྲ་གྲགས་དུས

ངའི་སེམས་པར་ཙག་ཤད་རྒྱུག་གིན་ཡོད

ངའི་སྙིང་ལ་ཟུག་གཟེར་སྐྱེས་ཀྱིན་ཡོད

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།