སེམས་པ་སྔས་སུ་བྱས་ནས་ཁྱོད་ལ་བལྟས་པ།

ཉེ་འཁོར་གྱི་རི་བོ་མཐའ་དག་ཉུལ་འགྲོ་བའི་དངངས་སྐྲག་གིས

སེམས་ཁོང་གི་ཆུ་བོ་ཡོད་ཚད་སྐེམ་འགྲོ་བའི་འཇིགས་སྣང་གིས

རི་བོ་མགོ་བོས་གཏད་ཅིང་ཆུ་བོ་ལག་པས་བཀབ

 

རྩྭ་ལྗང་གི་གཞུང་རྟ་རྒྱས་ནས་ཤི་འགྲོ་བའི་སེམས་ཁུར་གྱིས

མེ་ཏོག་གི་ཟེའུ་འབྲུ་བཀད་ནས་ལྷུང་འགྲོ་བའི་ན་ཟུག་གིས

རྩྭ་ལྗང་གི་རྩ་བ་སྡེར་མོས་སློག་ཅིང་མེ་ཏོག་གི་གེ་སར་མཆེ་བས་བསྐོར

 

རི་གྲོང་ལ་ཁ་བ་བབས་པའི་རྟེན་འབྲེལ་གྱི་ལེའུ་ནས

ཉི་ཟླ་གཟའ་ཡིས་བཟུང་བའི་འོ་དོད་ཀྱི་མཇུག་བྱང་བར

ལམ་ཕྲན་སྣ་གཅིག་གི་བདེན་ལུགས་ཁོ་ནར་ཡིད་ཆེས་རྐྱང་རྐྱང་ཕུལ

མེ་ཏོག་གི་འཛུམ་ཞལ་འཕྱ་དམོད་དུ་མཐོང་ཞིང

རྩྭ་ལྗང་གི་ལྡེམ་ཤུགས་སྡིགས་མཛུབ་ཏུ་བལྟ

ཐ་ན་བསིལ་རླུང་གི་དགོད་སྒྲ་ཡང་ཐན་ལྟོས་ཁོ་ནར་བརྩི

 

ཨ་ཨ  གྲོགས་པོ

ཡང་ན་ཁྱོད་རང་སྨྱོས་འདུག

ཡང་ན་ང་རང་གདོན་གྱིས་བསླུས་འདུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་སྔས་སུ་བྱས་ནས་ཁྱོད་ལ་བལྟས་པ།

2009-12-01 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

ཉེ་འཁོར་གྱི་རི་བོ་མཐའ་དག་ཉུལ་འགྲོ་བའི་དངངས་སྐྲག་གིས

སེམས་ཁོང་གི་ཆུ་བོ་ཡོད་ཚད་སྐེམ་འགྲོ་བའི་འཇིགས་སྣང་གིས

རི་བོ་མགོ་བོས་གཏད་ཅིང་ཆུ་བོ་ལག་པས་བཀབ

 

རྩྭ་ལྗང་གི་གཞུང་རྟ་རྒྱས་ནས་ཤི་འགྲོ་བའི་སེམས་ཁུར་གྱིས

མེ་ཏོག་གི་ཟེའུ་འབྲུ་བཀད་ནས་ལྷུང་འགྲོ་བའི་ན་ཟུག་གིས

རྩྭ་ལྗང་གི་རྩ་བ་སྡེར་མོས་སློག་ཅིང་མེ་ཏོག་གི་གེ་སར་མཆེ་བས་བསྐོར

 

རི་གྲོང་ལ་ཁ་བ་བབས་པའི་རྟེན་འབྲེལ་གྱི་ལེའུ་ནས

ཉི་ཟླ་གཟའ་ཡིས་བཟུང་བའི་འོ་དོད་ཀྱི་མཇུག་བྱང་བར

ལམ་ཕྲན་སྣ་གཅིག་གི་བདེན་ལུགས་ཁོ་ནར་ཡིད་ཆེས་རྐྱང་རྐྱང་ཕུལ

མེ་ཏོག་གི་འཛུམ་ཞལ་འཕྱ་དམོད་དུ་མཐོང་ཞིང

རྩྭ་ལྗང་གི་ལྡེམ་ཤུགས་སྡིགས་མཛུབ་ཏུ་བལྟ

ཐ་ན་བསིལ་རླུང་གི་དགོད་སྒྲ་ཡང་ཐན་ལྟོས་ཁོ་ནར་བརྩི

 

ཨ་ཨ  གྲོགས་པོ

ཡང་ན་ཁྱོད་རང་སྨྱོས་འདུག

ཡང་ན་ང་རང་གདོན་གྱིས་བསླུས་འདུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།