མེ་རོ་འཚུབ་བྱུང་།

 

 

ཁྱོད་ཀྱི་སེམས་ངོས་སུ་གབ་པའི་སྙན་ངག་དེ

ཅི་འདྲའི་གཙང་ཞིང་གཡང་དག་རུང

ནམ་ཡང་སེམས་ངོས་ཀྱི་སྙན་ངག་ཡིན་པ་ལས

གཞན་སུས་ཀྱང་ལོངས་སྤྱོད་བྱེད་མ་ཐུབ

མདང་ནུབ་སྒར་ཁ་ནས་མེར་བསྲེགས་པའི<<ཡིག་ནོར>>དང<<བསྔོ་ཡིག>>དག

ཆང་ཕར་ཁ་ནས་དུར་སྦས་བྱས་ཟིན

སྔོན་ཆད    བསམ་བློའི་ལག་རྟེན་དང་ཤེས་རིག་གི་རྒྱགས་ཕྱེ་མེད་པའི

སྤྲང་བོ་རྣམ་དཔྱོད་ཅན་ག་ཚོད་སྒར་ཁ་ནས་སྦྱིན་སྲེག་བྱས་མྱོང

མིག་ཟུང་རིག་རིག་དང་རྣ་བ་གྲོང་གྲོང་བྱས་ནས

གཞན་སྐྱོན་གླེང་ལ་མཁས་པའི་དམག་མི་དག་གིས

ད་དུང་སུ་ཚོའི་ལང་ཚོ་དང་ལྷག་བསམ   བརྩེ་དུངས་སོགས

དུ་སྣེའི་ཚག་སྒྲ་དང་བཅས་རྨེད་མེད་བྱས་ན་འདོད་ཡོད

 

 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་རོ་འཚུབ་བྱུང་།

2009-11-28 དཔྱིད་མྱུག ཀློག་གྲངས། མཆན ཡོད།

 

 

ཁྱོད་ཀྱི་སེམས་ངོས་སུ་གབ་པའི་སྙན་ངག་དེ

ཅི་འདྲའི་གཙང་ཞིང་གཡང་དག་རུང

ནམ་ཡང་སེམས་ངོས་ཀྱི་སྙན་ངག་ཡིན་པ་ལས

གཞན་སུས་ཀྱང་ལོངས་སྤྱོད་བྱེད་མ་ཐུབ

མདང་ནུབ་སྒར་ཁ་ནས་མེར་བསྲེགས་པའི<<ཡིག་ནོར>>དང<<བསྔོ་ཡིག>>དག

ཆང་ཕར་ཁ་ནས་དུར་སྦས་བྱས་ཟིན

སྔོན་ཆད    བསམ་བློའི་ལག་རྟེན་དང་ཤེས་རིག་གི་རྒྱགས་ཕྱེ་མེད་པའི

སྤྲང་བོ་རྣམ་དཔྱོད་ཅན་ག་ཚོད་སྒར་ཁ་ནས་སྦྱིན་སྲེག་བྱས་མྱོང

མིག་ཟུང་རིག་རིག་དང་རྣ་བ་གྲོང་གྲོང་བྱས་ནས

གཞན་སྐྱོན་གླེང་ལ་མཁས་པའི་དམག་མི་དག་གིས

ད་དུང་སུ་ཚོའི་ལང་ཚོ་དང་ལྷག་བསམ   བརྩེ་དུངས་སོགས

དུ་སྣེའི་ཚག་སྒྲ་དང་བཅས་རྨེད་མེད་བྱས་ན་འདོད་ཡོད

 

 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།