གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་གསུམ།

2009-11-26 17:46:00 གཉའ་གོང་ལྷ་བྷེ། ཀློག་གྲངས། མཆན ཡོད།

ལམ་དང་ཕ་བོང

ལོ་ངོ་ཅི་ཙམ་ཞིག་ལ  ཕ་བོང་དེ

ལམ་འགྲོ་བ་ཚོའི་མིག་གི་འཛེར་མར་གྱུར་ཨང

 

ཕ་བོང་དེར་ལྕགས་ཀྱི་འཇའ་བརྒྱབ་ནས

རྡོ་སྣུམ་གྱི་ཤུགས་བཀོལ་ནས

རྩ་ནས་བཀོག་སོང

 

ཕ་བོང་དེའི་དབང་གིས  ལམ་འགྲོ་བ་ཚོར

དཀའ་སྡུག་ཡོད   བསམ་གཞིགས་ཡོད

ལམ་ལ་བཞུད་པ་ནས་བྱེད་ཐབས་ཤིག་གི་བློ

ཅིས་ཀྱང་སྔོན་ལ་གཏོང་དགོས

 

ད་ལྟ  ཧ་ཅང་བདེ་འཇམ་གྱིས

ལམ་དེའི་སྟེང་ན

མི་མང་པོས་འཚང་ཁ་ཤིག་ཤིག

 

བདག་གི་དཀོན་མཆོག་ལགས

དེ་ལྟར་ན  ལམ་དེ་ལམ་ཞིག་ཨེ་ཡིན་ནམ

སྐྲག་རྒྱུ་ཞིག

ཁོས་ཐོག་མར་ང་ལ་ཟས་ཤིག་བསླངས

དེ་ནས   གོན་རྒྱུ་ཞིག་ཀྱང་ཁྱེར

མཐའ་མར་ཤོག་དངུལ་འགའ་ཡང་བླངས་ནས་སོང

 

ད་ནངས  ཁོ་ཡོང་ནས

ང་ཡང་ཁྱོད་ཀྱི་ཟུངས་ཁྲག“0”རིགས་ཡིན་པས

ཅུང་ཙམ་བདག་ལ་སྟེར་རོགས་ཟེར

 

གློ་བུར་དུ   ནད་པ་ང་རང་གཉིད་ལས་སད་པ་ལྟར

སྐྲག་རྒྱུ་ཞིག་ཀྱང་ངང་གིས་སྐྱེས

 

གནའ་མི་སྐོར་ཞིག

ཁ་སང  ངས་སྙིང་ཉེ་ཉེ་ངང

གནའ་མི་སྐོར་ཞིག་ལ་སྙིང་གཏམ་བཤད

 

དེ་རིང  གནའ་མི་སྐོར་ཞིག

འུར་གྱིས་སླེབས་ནས་ང་ལ་རྫིག་ཉམས་བསྟན

 

སང་ཉིན   ཆུ་འགྲམ་དང་སྤང་ཐང་གི

གནའ་མི་དེ་ཚོ་ཡོད་ཨེ་སྲིད

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།