གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་ཁྲོད་བཏང་བའི་གཅིན་པ། (ཞར་བཀོད་གཅིག)

2009-11-24 09:08:00 འབྲོང་། ཀློག་གྲངས། མཆན ཡོད།

ཁ་བ་འབབ་སྲིད་པའི་མཚན་མོ་རེ་རེར

ང་ཇ་རྐྱང་ཅི་འདོད་དུ་འཐུང་རྒྱུར་ཧ་ཅང་དགའ

 

ང་འཐུང་བ་ནི་གཅིན་པ་བསོག་པའི་རྨང་གཞི་ཡིན

 

ཞག་གཅིག་ལ་ངའི་ལུས་ཀྱི་རྩ་ལམ་ཡོད་ཚད་བརྒྱུད་ནས

ཞོགས་པར་ཤུགས་ཀྱིས་ཐོན་པའི་གཅིག་པ་དེ

སེར་སྣ་མེད་པར་རླངས་པ་ཐོལ་ཐོལ་གྱིས་བཏང་བ་ན

ཁ་བ་གོར་མོ་རེ་དབང་མེད་དུ་ཞུ་སྲིད་ལ

དེ་ཡི་ཤུལ་ཏུ་བྱེའུ་གང་མང་ཞིག་ལྡེམ་མྱུར་གྱིས་བབས་ནས

རང་ཉིད་མོས་པའི་རྒུམ་བུ་དག་ཅི་དགར་དུ་འཐུ་སྲིད

 

བྱེའུ་ཚོས་ང་ལ་བཀའ་དྲིན་ཞུ་མི་སྲིད་མོད

ཁོ་ཚོའི་ལྟོ་བ་གཞི་ནས་འགྲང་གིན་འདུག་པས

ངའི་སེམས་པ་རེ་ཞིག་དྲོད་ལམ་ལམ་དུ་གྱུར་ལ

ང་རྒྱལ་དང་གཟི་བརྗིད་ཀྱི་སྣང་བ་ཞིག་ཀྱང་བཅོས་མིན་དུ་སྐྱེས་བྱུང

 

དུས་འདིར་མི་གཞན་དག་དང་སྒོ་ཕྱུགས   ད་དུང་རི་དྭགས་དང་གཅན་གཟན

 

ཡོད་ཚད་ཀྱིས་གཅིན་པ་ཤག་ཤག་ཏུ་གཏོང་གིན་ཡོད་པས

བྱེའུ་དག་གི་བཀྲེས་ལྟོགས་ལ་ངས་སེམས་ཁུར་བྱེད་མི་དགོས་པ་འདྲ

ཡིན་ནའང   ངའི་ལུས་ཀྱི་ཁོང་གསེང་ནས་ཐོན་པའི་གཅིན་པ་ཕྲ་མོ་དེས

གངས་འཁྱགས་ཀྱི་ཁྲོད་ན་ཤུམ་ཤུམ་དུ་འདར་བའི་ནོར་ལུག་གི་ཚོགས་ལ

ཅི་ཡང་མི་འཇོན་ལ  གང་ཡང་མི་ནུས་པས

ཁོ་ཚོས་ཕན་ཚུན་གྱི་བལ་རྩིད་ཨུ་ཚུགས་ཀྱིས་ལྡོད་ཀྱིན

བདག་པོ་ཚོའི་ཉམ་ཐག་གི་མིག་ཟུང་ལ་ཧུར་རེར་ཅེར་ནས

རེ་རེ་བཞིན་ཕྱིར་ཡོང་མེད་པར་རྨང་ནས་འགྱེལ་སྲིད

 

འདི་དག་ཡོད་ཚད་ནི་ཅེ་སྤྱང་དང་ཁྱི་སྡོམ་གྱི་ཚོགས་ཁོ་ནའི

འཐོབ་པར་དཀའ་བའི་སྟོན་གྱི་འབྲས་བུ་ཡིན་ན་ཡང

ངའི་ཕུ་ནུ་མིང་སྲིང་ཚོའི་ཚེ་གཅིག་ལུས་གཅིག་གི

ལྟོ་གོས་གནས་མལ་ཤོར་བ་ཡིན་པས

ངས་རང་ཉིད་ཀྱི་གཅིན་པ་དེ་ཆད་མེད་དུ་བཏང་ནས

མཐོ་སྒང་ཧྲིལ་པོ་འདིའི་ཁ་བ་དང་གངས་འཁྱགས་ཡོད་ཚད

མུ་ནས་མུ་རུ  སྐད་ཅིག་དེ་ཉིད་ལ   ལྷག་ལུས་མེད་པར

ཞི་ཞིང་གཞོམ་པར་བྱས་ནས་ཇི་འདྲའི་འདོད་ཨང

 

རྒྱང་རིང་ལ་སྤྲིངས་པ།

དོ་ནུབ་ང་ཐེམ་ཆེན་དུ་ཡོད

ངས་བརྗེད་མི་ཆོག་པའི་གྲོང་རྡལ་དེ་རུ་ཡོད

ང་ཐོན་པའི་མཚན་མོ་འདིར

གྲོང་རྡལ་འདིའི་གློག་གཞི་ནས་ཆད་འདུག

གློག་མེད་པའི་དུས་སུ  ངས་རྒྱང་རིང་ཅི་དགར་དྲན་ཆོག

ཡིན་ནའང  རྒྱང་རིང་དུ་ད་ལྟ་གློག་ཆད་ཡོད་དམ

 

ཞག་སྒྲོན་ཆུང་ངུ་དེའི་འོད་སྣང་དང་ལྷན་དུ

ཆུང་མས་གསར་དུ་བཞོས་ནས་བསྐོལ་བའི་འོ་ཇ་དེ

འཛུམ་གྱིས་བླུགས་ནས་ང་ལ་དྲངས་བྱུང

ཡིན་ནའང  འདི་ལྟ་བུའི་འོ་ཇ

རྒྱང་རིང་དུ་ནམ་ཡང་ཡོད་མི་སྲིད

 

ངས་གནམ་མཐའི་སྐར་ཕྲན་དེར་ཅེར་ནས

གཅིན་པ་དེ་ནུས་མེད་དུ་བཏང་རྗེས

ཕྱིར་རང་ཁྱིམ་དུ་ལོག་སྟེ་ཆུང་མའི་རུམ་ལ་མི་འཛུལ་ཀ་མེད་བྱུང

ཆུང་མས་ཞི་ལྷོད་དང་བྱང་ཤ་དོད་པོའི་ངང

རང་ཉིད་ཀྱི་ནེམ་ཞིང་འཇམ་པའི་ཁག་ཅིག་ང་ལ་སྦྱར་བྱུང

ཡིན་ན་ཡང   རྒྱང་རིང་དུ་ས་རུབ་ཡོད་དམ

 

ཆུང་མ་ཧ་ཅང་ཡིད་ཐང་ཆད་པའི་ངང

ངའི་གྲུ་ཁུགས་སུ་གཉིད་འདུག་ལ

ཁོ་མོའི་རྨི་ལམ་དུ་རྒྱང་རིང་ཡོད་མི་སྲིད

ཡིན་ན་ཡང  ངའི་རྒྱང་རིང་དུ་གཉིད་བདེ་མོ་ཡོད་་སྲིད་དམ

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།