གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུ་བའི་ཉེར་དགུའི་ཉིན་རྨ་ཆུའི་རབ་ཁར་མྱུལ་བ།

2009-11-23 09:59:00 བྱ་མདོ་རབ་རྒྱས། ཀློག་གྲངས། མཆན ཡོད།

དྭངས་གཙང་གི་ནམ་མཁའ་དང

ཁྲུང་ཁྲུང་གི་རུ་བསྟར

ལྷུང་ལྷུང་དུ་བཞུར་བའི་རྨ་ཀླུང

རྨ་ཆུའི་ཕར་ངོགས་ཀྱི་སྟོན་མཇུག་གི་བྱེ་ཐང

རི་འདབས   ནགས་ཚལ་གྱི་འཚང་ཁ་དང

སེར་པོ་གྱུར་བའི་ལྗོན་ཤིང་གི་ལོ་མ

ད་དུང  རྨ་ཆུའི་རབ་ངོགས་ཀྱི་ང་དང

ངའི་རྗེས་སུ་འབྲངས་པའི་རྟ་ཕོ

 

ཆུ་གཞུང་ནས་འོངས་བའི་བསེར་རླུང་གིས

ས་རྡུལ་གྱིས་གོས་པའི་ངའི་གཟན་གྱི་སྣེ་མོ་ལྷབ་ལྷུབ་ཏུ་སྐྱོད་དུས

རབ་ངོགས་འདི་ནས་རྒྱུ་མཚན་མེད་པར

  མཛེས་ལྗོངས་འདི་ལ་དུས་གཏན་དུ་བཙུགས་པའི

དར་ལྕོག་ཁྲ་ཁྲ་ཞིག་ཡིན་ན་སྙམ

 

དེ་ལྟ་ན་ཡང  མི་སེམས་གོ་བའི

ངའི་རྟ་མཆོག་གི་འཚེར་སྒྲ་ལྷང་ལྷང་གིས

ཡུལ་ལྗོངས་ཇི་འདྲ་་མཛེས་ན་ཡང

    གནས་འདི་ནས

དུས་གཏན་དུ་སྡོད་མཁན་མིན་པར་གསལ་འདེབས་བྱས་པས

བྱེ་མའི་དེའུ་མགོ་དེར་འགོས་ཏེ

ངས་ཕ་ཡུལ་གྱི་ཕྱོགས་སུ་རྒྱང་ལྟ་བྱས

 

མཐོང་ལམ་ན   རྨ་ཆུའི་ཤར་རྒྱུད་ན་གཤར་བའི་རི་ཚོགས་ཀྱིས

ང་དང་ཕ་ཡུལ་གྱི་བར་དུ་ཡོལ་བས་བཅད་འདུག་པས

ཉི་མ་ནུབ་ཁར     ལམ་འགྲམ་གྱི

གནའ་བོའི་ལབ་ཙེ་དེ་དང་འདྲ་བར

སྐྱོ་སྨྲེང་གི་རླུང་ཁ་ནས་འདི་ལྟར་ཞིག་རལ་ཏུ་གྱུར་སོང

 

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།