གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཞིག་ལ།

2009-11-21 14:13:00 ལྗང་བུ། ཀློག་གྲངས། མཆན ཡོད།

ཉིན་ཞིག་ལ   བྱ་གླག་ཅིག་སླེབས་སོང

ང་ལ  ང་གཉིས་དཔུང་བ་མཉམ་གཤིབ་བྱེད་དོ་ཟེར

ངས  མིན   ང་རང་འཕུར་བྱེད་ནི་སེམས་པ་ཡིན་ཞེས་བཤད

བྱ་གླག་གིས   ངའི་གཤོག་པ་དང་ཁྱོད་ཀྱི་སེམས་པ་བསྲེའོ་ཟེར

ངས  མིན  དེ་ལྟ་ན་ང་རང་གང་དུ་ཡོད་ཅེས་བཤད

 

ཉིན་ཞིག་ལ  བུད་མེད་ཅིག་སླེབས་སོང

ང་ལ     ང་ཡར་འཐེན་རོགས་ཟེར

ངས  མིན   ང་རང་མར་འབབ་གི་ཡིན་ཞེས་བཤད

བུད་མེད་ཀྱིས   འོ་ན་ང་་ཡར་ལ་གོམ་པ་གང་ཡོང

ཁྱོད་མར་ལ་གོམ་པ་གང་ཤོག་ཟེར

ངས  མིན་  དཀྱིལ་ལ་ནི་རང་ཉིད་བོར་བརླག་ཐེབས་གི་རེད་ཅེས་བཤད

 

ཉིན་ཞིག་ལ  སེང་གེ་ཞིག་སླེབས་སོང

མི་ལ་ལོ་རྒྱུས་མ་བྱུང་སྔོན་གྱི་སེང་གེ་ངོ་མ་ཞིག་སླེབས་སོང

ང་ལ  ཚུར་འོངས་ན་ངས་ཁྱོད་རང་བཟའོ་ཟེར

ངས   ང་ཞེད་གི་མི་འདུག   ང་མི་ཡིན་ཞེས་བཤད

མི་ཞེས་པ་སུ་རེད  ཅེས་སེང་གེས་སྐད་ཆ་ཆེན་པོས་ཧབ་ཆ་བརྒྱབ་སོང

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།