སྙན་ངག་རྐང་བ་བཅུ་བཞི་མ།

  -mལ་ཕུལ་བ།

ཁྱོད་ནི་ཐེངས་དང་པོར་ང་ལ“བརྩེ་དུངས”ཞེས་པའི་རྒུན་ཆང་དམར་པོ་དེ་འཐུང་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་རྨི་ལམ་དུ་ལྷ་མོ་བཞིན་སླེབ་མྱོང་བའི་རྒྱང་རིང་གི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་“སྙིང་ཉེ  སྙིང་ཉེ”ཞེས་བོས་མྱོང་བའི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་བྱེ་ཐང་ལྟ་བུའི་མི་ཡུལ་ནས་རང་ཉིད་ཀྱི་རྩོལ་བར་བརྟེན་ཏེ་རྙེད་པའི་གསེར་སེར་པོ་ལྟ་བུའི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་ལ་ཟླ་འོད་ཀྱི་འོག་ནས་མཆུ་སྒྲོས་ཀྱི་ཞིམ་མངར་མྱོང་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ཕང་བ་ནས་བྱིས་པ་བཞིན་ཉལ་ཞིང་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ཅེར་ཏེ་ངའི་ཕང་བར་ཐེངས་དང་པོར་མིག་ཆུ་བཞུར་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་རང་སྐྱོ་གདུང་གི་འདམ་ལ་བྱིངས་དུས་ལག་པ་བསྲིངས་མཁན་གྱི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་སེམས་གཏིང་ནས་ཡང་ཡང་དྲན་མྱོང་ཞིང་གཏན་ནས་གཏན་དུ་བརྗེད་ཐབས་བྲལ་བའི་རྒྱང་རིང་གི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་རང་མཛེས་སྡུག་གི་རྨི་ལམ་ལས་དཀྲོག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་མི་ཚོགས་ཀྱི་ཁྲོད་ནས་ང་ལ་མིག་ཆུ་བཞུར་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་རྨ་ཁའི་སྟེང་ལ་ཚྭ་ཁུ་ཡང་ཡང་འདེབས་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་མིག་ལམ་ནའ་འཛའ་ཚོན་བཞིན་འཆར་ཞིང་མཇུག་མཐར་འཇའ་ཚོན་བཞིན་ཡལ་སོང་བའི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་བོར་བརླག་ཐེབས་རྗེས་མཇུག་མཐར་ཇི་ལྟར་བཙལ་ཡང་མ་རྙེད་པའི་མི་དེའོ

ཁྱོད་ནི་ངའི་བསྐལ་བ་མ་སྟོང་བར་དུ་རེ་ཞིང་བསྒུག་སྲིད་པའི་ངའི་རྒྱང་རིང་གི་མི་དེའོ

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རྐང་བ་བཅུ་བཞི་མ།

2010-04-03 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

  -mལ་ཕུལ་བ།

ཁྱོད་ནི་ཐེངས་དང་པོར་ང་ལ“བརྩེ་དུངས”ཞེས་པའི་རྒུན་ཆང་དམར་པོ་དེ་འཐུང་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་རྨི་ལམ་དུ་ལྷ་མོ་བཞིན་སླེབ་མྱོང་བའི་རྒྱང་རིང་གི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་“སྙིང་ཉེ  སྙིང་ཉེ”ཞེས་བོས་མྱོང་བའི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་བྱེ་ཐང་ལྟ་བུའི་མི་ཡུལ་ནས་རང་ཉིད་ཀྱི་རྩོལ་བར་བརྟེན་ཏེ་རྙེད་པའི་གསེར་སེར་པོ་ལྟ་བུའི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་ལ་ཟླ་འོད་ཀྱི་འོག་ནས་མཆུ་སྒྲོས་ཀྱི་ཞིམ་མངར་མྱོང་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ཕང་བ་ནས་བྱིས་པ་བཞིན་ཉལ་ཞིང་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ཅེར་ཏེ་ངའི་ཕང་བར་ཐེངས་དང་པོར་མིག་ཆུ་བཞུར་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་རང་སྐྱོ་གདུང་གི་འདམ་ལ་བྱིངས་དུས་ལག་པ་བསྲིངས་མཁན་གྱི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་སེམས་གཏིང་ནས་ཡང་ཡང་དྲན་མྱོང་ཞིང་གཏན་ནས་གཏན་དུ་བརྗེད་ཐབས་བྲལ་བའི་རྒྱང་རིང་གི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ང་རང་མཛེས་སྡུག་གི་རྨི་ལམ་ལས་དཀྲོག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་མི་ཚོགས་ཀྱི་ཁྲོད་ནས་ང་ལ་མིག་ཆུ་བཞུར་དུ་འཇུག་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་རྨ་ཁའི་སྟེང་ལ་ཚྭ་ཁུ་ཡང་ཡང་འདེབས་མཁན་གྱི་མི་དེའོ

ཁྱོད་ནི་ཐེངས་དང་པོར་ངའི་མིག་ལམ་ནའ་འཛའ་ཚོན་བཞིན་འཆར་ཞིང་མཇུག་མཐར་འཇའ་ཚོན་བཞིན་ཡལ་སོང་བའི་མི་དེའོ

ཁྱོད་ནི་ངས་ཐེངས་དང་པོར་བོར་བརླག་ཐེབས་རྗེས་མཇུག་མཐར་ཇི་ལྟར་བཙལ་ཡང་མ་རྙེད་པའི་མི་དེའོ

ཁྱོད་ནི་ངའི་བསྐལ་བ་མ་སྟོང་བར་དུ་རེ་ཞིང་བསྒུག་སྲིད་པའི་ངའི་རྒྱང་རིང་གི་མི་དེའོ

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།