གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༠༧ལོར་གྱེས་པ།

2010-04-03 09:05:00 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

རླུང་ལྡང་འི་དུས་སྐབས་འདི་ལ

ཁོ་མོ་ཡང་སྨྱོས་པ་ལྟར་གྱུར་ནས

འཇིག་རྟེན་འདིའི་འོག་ཏུ

སྦྲུམ་མ་ཡིན་ནྰལི་ཧྲ་བཞིན་ཁུ་སིམ་མེར་གྱུར་སོང

 

ལོ་ཟླ་ཞིག་གྱང་ངོས་ནས་སིལ་བུར་ཐོར

བར་སྣང་ནས་སྒྲ་དང་མེའང་སིལ་བུར་ཐོར

སྐྲ་འདབས་སུ་རིམ་གྱིས་ཟེགས་ཀྱིན་པ་ནི

མེ་ལོང་ནང་གི་ལང་ཚོ་དག་ལས་གཞན་ཅི

 

རླུང་དང་ཁ་ཐག་རིང་སོང

ཁ་ཞིག་ཀྱང་དལ་གྱིས་བབས་ནའང

ཕྱི་རོལ་ན་སུའང་འཇབ་ཀྱི་མེད་མོད

ངས་ཐོས་པ་ནི་ཕྱིར་དྲན་གྱི་གོམ་སྒྲ་ཁོ་ན་ཡིན

 

ཕ་ཡུལ་དུ་གླུ་བ་འགའ་འཛོམས་བྱུང

ངོ་གདོང་མང་བོ  དགོད་སྒྲ་མང་བོ

མེ་འོད་ཀྱི་ངོགས་སུ་འཛོམས་ནའང

འདོར་མི་ཐུབ་པ་རེ་གྲགས་མེད་དུ་གྱེས་བཞིན་པས

ང་རང  ན་ནིང་རྒྱབ་གཟུགས་ཁྲོད་དུ་ལུས་པར་སྣང

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།