གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་ཆུ་ལ་སྨོན་པ།

2010-04-03 09:00:00 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

མུན་ནག་གི་ཀྱག་ཀྱོག་དང་བྲག་གཡང་གི་འཇིགས་སྐྲག་ཁྲོད

ང་ལ་འོད་ཟེར་གྱི་བྱིན་རླབས་སྩོལ་མཁན

མེ་ལྕེ་ལེབ་མོ་དེའི་འགུལ་བསྐྱོད་ཡིན་མི་སྲིད

ཁྱོད་ཀྱི་མཆུ་སྒྲོས་དང་མྱོས་བུམ     ད་དུང་བརླ་དང་མཚན་མ

ཟླ་ཟེར་དང་ཕོ་བྲང་ཡང་རྩེར་འབར་བའི་ཤེས་རབ

གོ་མཚོན་དག་གཡུལ་འགྱེད་གཞན་ཞིག་གི་ཆེད་དུ་མངོན་རུང་ངམ

ས་གཞི་དང་ནམ་མཁའི་ངོས་སུ་བརྡལ་བའི་ཐ་སྙད་ལ

ཤུགས་བསྟན་གྱི་མཚོ་མོ་ཞིག་དང་སྒྱུ་འཕྲུལ་གྱི་ཆར་ཆུ་དེ་ང་ཡིས་བྱུགས་ཆོག

སེམས་ཁམས་སམ་ཡུལ་ལྗོངས་སུ་ཁ་དོག་ཁྲི་ཕྲག་འཁྱུག་ཀྱང

དུས་ཚིགས་འདིའི་མྱ་ངན་དང་དྲན་གདུང་རླངས་པ་རུ་འགྱུར་ཞིང

མཚམས་སྤྲིན་གྱི་གཞོབ་དྲི་ལས་ཉི་མའི་སྨྲེ་ངག་དང་ཕྱི་མིག་མཐོང

དད་པའི་རྐྱེན་གྱིས  རེ་སྒུག་མེ་རུ་འབར  མཆི་མ་ཁྲག་ཏུ་བཞུར

  ངའི་འཕགས་ཡུམ   རྒྱང་ཐག་རིང་བའི་སྒྲོལ་མ

མཛའ་མོའི་འཛུམ་མདངས་ཀྱི་བྱིལ་བྱིལ་དང་ཁྱོད་ཀྱི་བརྩེ་དུང་འཁྲུལ་འོས་སམ

ཨ་མའི་བྱམས་བརྩེ་ཡི་དྲོད་ཁོལ་དང་ཁྱོད་ཀྱི་ལྷག་བསམ་བསྡོངས་ཆོག་གམ

ཚེ་སྲོག་ཟེར་བའི་གཙང་བོ་འདིའི་རྒྱུན་མ་ཆད་བར

ཤ་རུས་ཀྱི་བཙན་རྫོང་ལ་ནམ་ཡང་རུལ་སུངས་དང་ནད་ཡམས་འབྱོར་མི་སྲིད

རོལ་དབྱངས་དང་རྨི་ལམ  སྙན་ངག  ད་དུང་ཁྱོད་ཀྱི་ཐུགས་རྗེ

འདི་དག་ངའི་ཀེང་རུས་ཆ་ཚང་མ་དུར་ཁུང་ལས

འོད་ཟེར་མཆེད་བྱེད་ཀྱི་རྫས་མཆོག་ཡིན

ད་ལྟ་ངའི་སྐྱེད་ཚལ་དུ་ཁྱོད་རང་མེ་ཏོག་གང་ཞིག་ལ་སྤྲུལ་ཡོད

རྩོམ་ཁུངས། ༢༠༠༤ལོའི་དུས་རབས་ཀྱི་ང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།