ང་རང་སྙན་ངག་ཅིག་གི་བརྗོད་བྱ་བཙལ་དུ་འགྲོ་བ་ཡིན།

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-27

 ནམ་མཁའི་བྱ་གླག་གིས་ལྡིང་བསྐོར་རྒྱུག་དུས

འཕྲུལ་སྣང་རབ་རིབ་ཀྱི་རྟོགས་བཏགས་ངོས་སུ

སུ་ཞིག་བགྲོད་ལམ་དགོས་པའི་ཁ་ཆེམས་ཀྱི་བྲག་ཅ་མཆེད་བྱུང

ང་རང་ནམ་ཡང་འདུག་ཐབས་མེད་པར་འགྲོ་མཁན་ཡིན

 

སྐྱ་རེངས་དང་ཉི་གཞོན་གསར་བས་འབོད་པ་གཏོང

གྲོ་ནས་ཀྱི་ལོ་ཡག་སྙེ་མས་མགོ་ལྡེམ་ལྡེམ

དགུང་སྔོན་དབྱིངས་སུ་འཕུར་བའི་འདབ་ཆགས་ཀྱི་གཤོག་སྒྲའི་ཁྲོད

ང་རང་ཡིད་དུ་འོང་པའི་ངོ་མཚར་ཁ་ཤས་བསུ་བར་བསྐྱོད་དགོས

 

ངའི་བློ་ཁ་རྒྱང་རིང་གི་སྔོ་ཡུག་ཡུག་གི་ནམ་མཁའ་དང་རྒྱ་མཚོ་ཆེན་པོས་འཐེན་བྱུང

ངའི་མིག་དབང་དཀར་དམར་སྔོ་ལྗང་གི་མེ་ཏོག་ཚོམ་བུས་འཕྲོག་སོང

ང་རང་དུས་ངེས་མེད་ལ་སྙན་ངག་ཅིག་གི་བརྗོད་བྱ་བཙལ་དུ་འགྲོ་བཞིན་ཡོད

 

རྩོམ་ཁུངས། ༢༠༠༠ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་སྙན་ངག་ཅིག་གི་བརྗོད་བྱ་བཙལ་དུ་འགྲོ་བ་ཡིན།

2010-03-27 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

 ནམ་མཁའི་བྱ་གླག་གིས་ལྡིང་བསྐོར་རྒྱུག་དུས

འཕྲུལ་སྣང་རབ་རིབ་ཀྱི་རྟོགས་བཏགས་ངོས་སུ

སུ་ཞིག་བགྲོད་ལམ་དགོས་པའི་ཁ་ཆེམས་ཀྱི་བྲག་ཅ་མཆེད་བྱུང

ང་རང་ནམ་ཡང་འདུག་ཐབས་མེད་པར་འགྲོ་མཁན་ཡིན

 

སྐྱ་རེངས་དང་ཉི་གཞོན་གསར་བས་འབོད་པ་གཏོང

གྲོ་ནས་ཀྱི་ལོ་ཡག་སྙེ་མས་མགོ་ལྡེམ་ལྡེམ

དགུང་སྔོན་དབྱིངས་སུ་འཕུར་བའི་འདབ་ཆགས་ཀྱི་གཤོག་སྒྲའི་ཁྲོད

ང་རང་ཡིད་དུ་འོང་པའི་ངོ་མཚར་ཁ་ཤས་བསུ་བར་བསྐྱོད་དགོས

 

ངའི་བློ་ཁ་རྒྱང་རིང་གི་སྔོ་ཡུག་ཡུག་གི་ནམ་མཁའ་དང་རྒྱ་མཚོ་ཆེན་པོས་འཐེན་བྱུང

ངའི་མིག་དབང་དཀར་དམར་སྔོ་ལྗང་གི་མེ་ཏོག་ཚོམ་བུས་འཕྲོག་སོང

ང་རང་དུས་ངེས་མེད་ལ་སྙན་ངག་ཅིག་གི་བརྗོད་བྱ་བཙལ་དུ་འགྲོ་བཞིན་ཡོད

 

རྩོམ་ཁུངས། ༢༠༠༠ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།