ཞུ་འཕྲིན་གྱི་ལེའུ།

རྒན་གཞོན

སྟོན་གྱི་ལོ་མ་དང་བསྡུར་ན

ང་ཤིན་ཏུ་གཞོན

དཔྱིད་ཀྱི་མེ་ཏོག་ལ་བལྟས་ན

ང་ངོ་མ་རྒས་འདུག

 

མཛའ་མོ།

མཆུ་སྦྱོར་ཐེངས་གཅིག་བྱེད་རོགས  སྙིང་ཉེ་མ

ཁྱོད་ཀྱི་དབྱར་གོས་འོག་ན་འགུལ་བའི  རང་ལོ་བཅུ་དགུའི་ལང་ཚོ

སྐར་མའི་མེ་ཏོག་འཛུམ་པའི  ནམ་མཁའི་བརྩེ་དུང་རེད

             ལུག་རྫི་གཞོན་ནུ་མ།

ཁྱོད་ཀྱིས་མེ་ཏོག་ཐང་ནས་སྤྲིན་དཀར་ལྟ་བུའི་ལུག་ཁྱུ་འཚོ

རྫི་ཕོ་ཚོས་རི་རྩེ་ནས་མེ་ཏོག་ལྟ་བུའི་ཁྱོད་རང་འཚོ

         ཆོས་ཉིད།

ཟླ་འོད   ཁྱོད་ཀྱི་སྒེའུ་ཁུང་ན་འཛད་མེད་དུ་བཞུར

ཡིན་ཡང   ཁྱོད་ཀྱི་སྐོམ་པ་སེལ་མ་མྱོང

ཁྱོད  བདག་གི་རྨི་ལམ་ན་ཡལ་མེད་དུ་རྩེན

ཡིན་ཡང   ང་ཡི་རེ་བ་འགྲུབ་མ་མྱོང

                 བརྩེ་འདང་།

གལ་ཏེ་ང་རང་ཤི་སོང་ཡང

གྲོགས་པོ  སེམས་སྡུག་སྤུ་ཙམ་ཡང་བྱེད་མི་དགོས

ངས་ནམ་ཡང་ཁྱོད་ཀྱི་སེམས་ཁོང་ན་འཚོ་བ་རོལ་གྱིན་ཡོད

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞུ་འཕྲིན་གྱི་ལེའུ།

2010-03-27 བན་ཤུལ་དཔལ་ལོ། ཀློག་གྲངས། མཆན ཡོད།

རྒན་གཞོན

སྟོན་གྱི་ལོ་མ་དང་བསྡུར་ན

ང་ཤིན་ཏུ་གཞོན

དཔྱིད་ཀྱི་མེ་ཏོག་ལ་བལྟས་ན

ང་ངོ་མ་རྒས་འདུག

 

མཛའ་མོ།

མཆུ་སྦྱོར་ཐེངས་གཅིག་བྱེད་རོགས  སྙིང་ཉེ་མ

ཁྱོད་ཀྱི་དབྱར་གོས་འོག་ན་འགུལ་བའི  རང་ལོ་བཅུ་དགུའི་ལང་ཚོ

སྐར་མའི་མེ་ཏོག་འཛུམ་པའི  ནམ་མཁའི་བརྩེ་དུང་རེད

             ལུག་རྫི་གཞོན་ནུ་མ།

ཁྱོད་ཀྱིས་མེ་ཏོག་ཐང་ནས་སྤྲིན་དཀར་ལྟ་བུའི་ལུག་ཁྱུ་འཚོ

རྫི་ཕོ་ཚོས་རི་རྩེ་ནས་མེ་ཏོག་ལྟ་བུའི་ཁྱོད་རང་འཚོ

         ཆོས་ཉིད།

ཟླ་འོད   ཁྱོད་ཀྱི་སྒེའུ་ཁུང་ན་འཛད་མེད་དུ་བཞུར

ཡིན་ཡང   ཁྱོད་ཀྱི་སྐོམ་པ་སེལ་མ་མྱོང

ཁྱོད  བདག་གི་རྨི་ལམ་ན་ཡལ་མེད་དུ་རྩེན

ཡིན་ཡང   ང་ཡི་རེ་བ་འགྲུབ་མ་མྱོང

                 བརྩེ་འདང་།

གལ་ཏེ་ང་རང་ཤི་སོང་ཡང

གྲོགས་པོ  སེམས་སྡུག་སྤུ་ཙམ་ཡང་བྱེད་མི་དགོས

ངས་ནམ་ཡང་ཁྱོད་ཀྱི་སེམས་ཁོང་ན་འཚོ་བ་རོལ་གྱིན་ཡོད

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།