གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྔ་གཞུག་གི་ཟུར་ངོས་གཞན་དག

2010-03-27 17:48:00 རེབ་གོང་བསམ་སྤྱོད། ཀློག་གྲངས། མཆན ཡོད།

རྐང་རྗེས་ཀྱི་སྔ་གཞུག   རྒྱན་པར

ཕྱགས་མ་འདྲ་བར་རླུང་གིས་འཁུར་རྗེས

ངས   ས་རྡུལ་གྱི་ཀློང་ནས

ཤོག་བྱ་ལྟ་བུའི་རས་གུར་དེ་ལྷག་པར་དྲན

རས་གུར་ཕྱི་ངོས་ཀྱི  ནོར་ཁྱུ

རྩྭ་ཐང   གངས

 

བསམ་བློ་ཡི་སྔ་གཞུག  རྒྱུན་པར

རྫི་གཞས་ཀྱི་ཚིག་སྣེ་ལ་རྒྱུ་དུས

ངས   ས་མཐོའི་ཁ་བ་བཞུས་མེད་ས་ནས

ཧ་ཅང  ཧ་ཅང་གླུ་ཞིག་བླངས་ན་འདོད

 

ནམ་རྒྱུན  ཨྰ Qལྟ་བུའི་མི་ཞིག་འོང་དུས

ངས་ཕ་ཡུལ་གྱི་ར་ལོ་ལྷག་པར་དྲན་ལ

དྲན་སྣང་གི་སྔ་གཞུག་ཆར་བ་བཞིན་ཤག་ཤག་འབབ་དུས

སླང་ཡང  ཐག་རིང་ཐག་རིང་གི

སེམས་རྟེན་ཆུང་མའང་དྲན་བྱུང

 

རླུང་བུ་ལྡང་དུས

རྒྱང་རིང་ལ་ལྟ་དུས

ངའི  དྲག་ཏུ་ལྡིང་བའི་སྙིང་གསོན་པོ

རྒྱུན་པར  ང་དང་ལྷན་དུ་མིག་ཟུང་ཕྱེ་ནས་ངུ

 

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།