གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་གང་ན་ཡོད།

2010-03-13 10:43:00 གེ་སར། ཀློག་གྲངས། མཆན ཡོད།

ཁྱོད་གང་ན་ཡོད

རླུང་གིས་བདས་ཤིང་ཆར་གྱིས་བངས་ན་ཡང

ངས་ད་དུང་ཁྱོད་ཀྱི་མིང་ནས་འབོད་ཀྱིན་ཡོད

 

ཁྱོད་གང་ན་ཡོད

ང་ཡི་ཁྱོད  ང་ཡི་ཁྱོད

ངའི་མགྲིན་ངག་ལ་བརྒྱུས་པའི་དབྱངས་ཀྱི་འགྱུར་བག་ཁྱོད

 

ཁྱོད་གང་ན་ཡོད

ཨ་སྔོན་གྱི་སྤྲིན་པའི་གསེབ་ན་ཁྱོད་རང་ཨེ་ཡོད་སྙམ

ཐག་རིང་གི་སྨུག་པའི་གསེབ་ན་ཁྱོད་རང་ཨེ་ཡོད་སྙམ

ཁྱོད་རང་གང་ན་ཡོད

 

ཁྱོད་རང་གང་ན་ཡོད

ཉི་རྡུལ་གྱི་ངོགས་སུ་ཁྱོད་རང་ལྷབ་ལྷུབ་ངང་འདར་གྱིན་འདུག

རྨི་ལམ་གྱི་ཁྲོད་དུ་ཁྱོད་རང་ལྷབ་ལྷུབ་ངང་འདར་གྱིན་འདུག

 

ཁྱོད་རང་གང་ན་ཡོད

ང་ཁྱོད  ང་ཡི་ཁྱོད

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།