གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་། ༥

2010-03-11 11:30:00 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

བཞི་བ། རྣམ་འབྱོར་བའི་མགུར།

བེམ་པོར་གྱུར་མེད་པའི

ཚེ་སྲོག་འདི

སེམས་ཀྱི་རོ་སྒམ་ཏུ་བཅུག་ནས

 

ཚ་བའི་ཞེ་སྡང་དང

གྲང་བའི་སྐྱོ་གདུང་གི་ཁྲོད་ནས

ངེད་ཚོས  འཚོལ་དགོས་པ་དེ་བཟུང་བཟུང་ལ་བསྡད་རུང

ད་དུང་ཅི་ཞིག་གིས་མ་འདང་པར

 

ཆགས་སྡང་གི་ཉིན་མཚན་གཉིས་འཁོར་ལོ

བསྐོར་བསྐོར་བྱེད་ཀྱིན་ཡོད་ཨང

གལ་ཏེ  སུ་ཞིག་གིས

རང་ཉིད་ནི་གྱོན་པ་རྙིང་བ་ཞིག་ལྟར་དོར་ཐུབ་ན

གལ་ཏེ  སུ་ཞིག་གིས

རང་ཉིད་དང་འབྲེལ་བ་ཡོད་ཚད

སྡོམ་དྲྭ་བཞིན་དུམ་བུར་དུམ་བུར་གཅོད་ཐུབ་ན

 

ངས   རྙིང་དྲག་པའི་གོ་ལ་འདི

རང་གི་བུ་ཆུང་ལྟར་བྲང་ལ་སྦྱོར་བ་བཞིན

ས་རྡོ་རི་བྲག་ལའང

འཁྱག་མི་སྲིད་པའི་དྲོད་སྣང་ཞིག་སྟེར་ན་འདོད་ལ

ཆུ་དང   ནགས་ཚལ

སྤང་ལྗོངས་ཀྱི་ཁོད་ཡངས་པའི་བྲང་ཁར་ཡང་བརྩེ་བའི་བྱིལ་བྱིལ་ཞིག་བྱས་ན་འདོད

 

འོན་ཀྱང  ང་ཚོས

ཅིའི་ཕྱིར་ཏུ

རང་ཉིད་བསྲེགས་བྱེད་ཀྱི་མེ་ལྕེ་ཞིག

ཁྲག་ལྟར་ཚེ་གང་བོར་སྦར་དགོས

ཚེ་རབས་ཀྱི་ཕྲེང་བའི་ཕྲེང་བར

སྲོག་དང   དཀའ་སྡུག་གིས་སྲུང་རུང

 

དགེ་བའི་མཆོད་མེ་ལྟར་གྱི་རིག་པ་ཐམས་ཅད

ནག་འཐོམ་མེར

མར་མེ་བཅིལ་བཅིལ་བྱས་ནས

 

ཆུ་སྲིན་གྱི་མཆེ་བ་དང

སྟག་གི་སྡེར་མོ་ལྟར་གྱི་ནག་ཉེས་གང་ཞིག

ལུས་ཀྱི་པགས་པ་ལྟར་གྱོན་པའི

 

བདག་གི  རྒྱང་ཐག་རིང་བའི་བདག་ཡ

ང་ལ   དགྲ་བོ་ཡིན་རུང

རང་གི་མགོ་བོ་བཞིན་ཕྲག་གོང་ཁུར་ཐུབ་པའི

སྤོབས་པ་ཞིག་སྩོལ་དང

 

ང་ལ   རྩ་ལམ་གྱི་ཁྲག་ལྟ་བུའི་གྲོགས་པོ་ཡིན་རུང

རིས་མེད་ཀུན་ཁྱབ་ཀྱི

ནམ་མཁའི་བྲང་ཁ་ཕྱེས་འདྲའི་བརྩེ་བ་ཕྱིན་དང

 

བདག་གི  རྒྱང་ཐག་རིང་བའི་བདག་ཡ

ངས  ས་རྡུལ་གསེབ་ཀྱི་ཆག་རོ་དང

ཆག་རོའི་ནང་གི་ཁྲག་ཐིགས་དག་མཐོང་ན

རང་ཉིད་ནི

གང་ཞིག་གི་སྐྱིན་ཚབ་ཀྱང་མི་ཉན་པའི

ཆག་རོ་གཞན་ཞིག་ཏུ་གྱུར་འགྲོ་ལ

 

དེ་དང་ལྷན་དུ

བསྟོད་སྨད་གཉིས་ཀྱི་བར་ན

འབུ་ནག་ཅིག་ལྟར་བཅུར་བའི་རང་ཉིད་ནི

མི་ཞིག་ཡིན་མིན་ལ་ཐེ་ཚོམ་ཞིག་ཀྱང་སྐྱེ་འོངས་ལ

 

ངས   རང་གཞན་ཟེར་བའི

དུག་གི་ཟས་ངན་རུལ་བོ་ཞིག་ཟོས་ནས

ཚེ་རབས་ཀྱི་ཕྲེང་བ་འདི་ལྟར་བརླག་དགོས་སྙམ་ན

 

ཡོད་ཡོད་འདྲ་བའི་སྲིན་པའི་ཕུན་ཚོགས་མང་བོ་ཞིག་དང

ཡོད་ཡོད་འདྲ་བའི་འཁོར་བའི་སྡུག་བསྔལ་མང་བོ་ཞིག

མེད་མེད་འདྲ་བའི

སྣང་བའི་ཁམས་སུ་འཐིམ་འགྲོ

 

བདག་གི   རྒྱང་ཐག་རིང་བའི་བདག་ཡ

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།